草原梦想欢迎你! |
དེ་རིང་ནི་སྤྱི་ལོ
2025
ལོའི་ཟླ
5
ཚེས
12
རེས་གཟའ་ཟླ་བ་ཡིན། |
དྲ་གནས་ཉར་ཚགས། གཙོ་ངོས་སུ་འགོད་པ། ནང་འཇུག
|
 |
|
|
ཕྱོགས་སྟོན་་་་ | གཙོ་ངོས།» ཕུལ་བྱུང་རྩོམ་ཡིག |
|
|
|
ཕུལ་བྱུང་རྩོམ་ཡིག |
|
དྲ་བའི་གསལ་བརྗོད། སྤེལ་དུས: 2014/2/10
|
བཀུར་བར་འོས་པའི་ཀློག་པ་པོ་ལགས། འགྲོ་བ་མིའི་ཤེས་རིག་འཕེལ་རྒྱས་ཀྱི་ལོ་རྒྱུས་རིང་མོར་ཕྱིར་བལྟས་ཤིག་བྱས་ན། དང་ཐོག་གདོད་མའི་དུས་སུ་ཐ་གུ་མདུད་པ་བརྒྱབ་པ་ལ་བརྟེན་ནས་བྱ་དངོས་མཚོན་པར་བྱེད་པ་ནས་ད་ལྟའི་ཐེབ་གཞུང་དུ་ཡི་གེ་བཏགས་པ་དང་། ཆེས་ཐོག་མའི་རྡོ་ཆས་ཀྱི་ལག་ཆ་བཀོལ་བ་ནས་ད་ལྟའི་རྩིས་འཁོར་བཀོལ་སྤྱོད་བྱེད་པ་དང་། གནའ་སྔ་མོར་ཤིང་པར་གྱིས་པར་བཏབ་ནས་ཤེས་ཡོན་ཁྱབ་བརྡལ་བྱེད་པ་ནས་ད་ལྟའི་དྲ་བའི་ལམ་ནས་ཆ་འཕྲིན་བརྒྱུད་སྤྲོད་བྱེད་པའི་ངེད་ཚང་ལ་མཚོན་ན་ཟླ་འགའ་དང་ཉིན་ཁ་ཤས་ཀྱི་རིང་ལ་སྤྱི་ཚོགས་སྟེང་གི་རླབས་ཆེན་གྱི་མི་སྣ་དང་གཟུར་གནས་མཁས་དབང་དུ་མས་རྒྱབ་སྐྱོར་འོག་ངེད་བཙན་པོའི་མགར་གྱི་དྲ་བར་སྔོན་མེད་ཀྱི་བཀྲག་མདངས་རྒྱས་ཏེ་ འགྲོ་བ་མིའི་ཤེས་རབ་ཀྱི་སྙིང་བཅུད་འདུས་པའི་སྐར་ཁུང་གི་ཆོ་ལོ་ཐོབ་པ་དགའ་འོས་པའི་གནས་སུ་འཁུམས་ལ། དེ་བཞིན་དུ་ངེད་དྲ་བ་ཡར་རྒྱས་ཀྱི་ལམ་དུ་ཕྱོགས་ཡོད་དམ་སྙམ་ན་དགའ་བ་མཚོན་དུ་མེད་ཅིང་།ང་ཚོས་ཐུན་མིན་གྱི་དྲ་ངོས་གསར་བསྒྱུར་དང་། སྲོལ་རྒྱུན་རིག་གནས་གཙིགས་སུ་བཟུང་ཐོག་འགྲོ་བ་མིའི་ཐུན་མོང་མ་ཡིན་པའི་རིག་གནས་དང་ཐུན་མོང་གི་རིག་གནས་རང་བྱུང་ཚན་རིག་ལག་རྩལ་སོགས་ཤེས་བྱ་སྣ་མང་མཁོ་སྤྲོད་ཀྱི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་ཅི་ཐུབ་བྱེད་ཀྱིན་ཡོད།
ཡང་གཅིག་བཤད་ན་ལོ་ངོ་སྟོང་ཕྲག་འགའི་ཤེས་རིག་འཕེལ་རྒྱས་ཀྱི་གོ་རིམ་ཁྲོད་ནས་བོད་མི་རིགས་ཀྱི་ཡབ་མེས་གོང་མ་ཚོའི་རྣམ་ཐར་ལ་ཉམས་ལེན་དང་བཞུད་རྗེས་ལ་སྤོབས་སེམས་ཟུང་གིས་ཡང་ཡང་དཔྱད་ན་ལས་དབང་གིས་སྒུལ་ཡོང་བའི་རུས་རྒྱུད་རིག་གནས་ཤིག་ངང་ངམ་ཤུགས་ཀྱིས་གླེང་དགོས་སུ་གྱུར།
དེ་ནི་བོད་ཀྱི་རུས་ཆེན་བཞིའམ་མི་བུ་གདོང་དྲུག་ལས་མཆེད་པའི་བོད་གདོད་མའི་རུས་ཚན་མགར་གྱི་རུས་རྒྱུད་དེ་རེད། རུས་རྒྱུད་འདི་ལས་བྱུང་བ་ཁ་ཅིག་རྒྱལ་ཕྲན་སིལ་མའི་སྐབས་སུ་བཙན་པོའི་དཔུང་རོགས་བློན་ཆེན་གྱི་གོ་གནས་སུ་ཚུད་ཡོད་པ་དེ་རེད།
ཡིན་ནའང་ང་ཚོས་མགར་གྱི་མི་རྒྱུད་འཚོལ་ཞིབ་བྱས་པ་བརྒྱུད་དེ་སྤྱིར་མགར་གྱི་མི་རྒྱུད་ཟེར་བ་དེ་ལོ་རྒྱུས་ཧ་ཅང་རིང་བའི་བོད་ཀྱི་གནའ་བོའི་མི་རྒྱུད་ཅིག་ཡིན་པ་ངོ་སྤྲོད་ཞུས་ཟིན་ཡང་། མདོར་ན་སྤུ་རྒྱལ་བོད་ཀྱི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་དུ་ལོ་ངོ་གྲངས་མེད་ཀྱི་རིང་བཙན་པོ་ཁྲི་སྒྲ་དཔུང་བཙན་གྱི་སྲིད་བློན་ཆེན་པོ་མགར་སྒྲ་ཛི་མུན་དང་སྒོས་སུ་འཕྲུལ་གྱི་བློན་པོ་མགར་སྟོང་བཙན་སོགས་བོད་བཙན་པོ་རིམ་བྱོན་གྱི་སྲིད་དབང་གི་གཙོ་འཁོར་དུ་གྱུར་ཏེ་འགན་བློན་ཆེན་པོ་མཛད་ཅིང་། དེ་བཞིན་མགར་གྱི་ཁྱིམ་རྒྱུད་དུ་སྐྱེས་པའི་བོད་བཙན་པོའི་སྲིད་བློན་བཅུ་ཕྲག་གི་བློ་རིག་དང་དཔའ་མཛངས་རྟུལ་ཕོད་སོགས་དོ་ཟླ་མེད་པའི་འཇོན་ཐང་གིས་ཐུ་བྷོད་ཀྱི་མངའ་ཁོངས་རྒྱ་བསྐྱེད་པ་དང་། མཐའ་མཚམས་སྲུང་སྐྱོབ། ཕྱི་འབྲེལ་ལས་གཞི། བོད་ཀྱི་རིག་གནས་དང་དཔལ་འབྱོར་གོང་དུ་སྤེལ་ནས་སྟོབས་འབྱོར་ལྡན་པའི་བོད་ཆེན་པོའི་རྒྱལ་ཁབ་ཅིག་འཛུགས་སྐྲུན་གྱི་བྱ་བཞག་ལ་བྱས་རྗེས་བླ་མེད་བཞག་ཚུལ་དེ་ཆོས་འབྱུང་མཁས་པའི་དགའ་སྟོན་དང་ཐང་ཡིག་གསར་རྙིང་། ཏུན་ཧོང་ཡིག་ཚགས་སོགས་སུ་རྫུན་བཟོ་དང་བཅོས་མ་མ་ཡིན་པར་དངོས་ཡོད་ལོ་རྒྱུས་གསལ་བོར་བཀོད་པས་མགར་གྱི་མི་རྒྱུད་ནི་བློ་རིག་རྣོ་ཞིང་སྤོབས་པ་ཆེ་ལ། གཞུང་རྒྱུད་དྲང་ཞིང་རང་གཤིས་བརྟན་པའི་བོད་ཀྱི་མི་རྒྱུད་རྩ་ཆེན་ཞིག་ཡིན་པ་ར་སྤྲོད་བྱེད་ཐུབ། དེ་བས་མགར་གྱི་མི་རྒྱུད་ནི་རང་བཞིན་གྱིས་ཕུགས་བརྟན་ཞིང་སྲིད་དང་གཡུལ་གྱི་ལས་ལ་མཁས་པས། རྒྱལ་བོའི་སྲིད་ཀྱི་ལག་རྟེན་དང་དྲག་པོའི་གཡུལ་གྱི་རུ་སྣ་འདྲེན་མཁན་གཙོ་ཆེར་གྱུར་བས་མདོ་དབུས་ཁམས་གསུམ་དུ་མགར་གྱི་མི་རྒྱུད་རིམ་པར་མཆེད་པར་ངེས་ཤིང་། འདུས་སྲོང་མང་བཙན་གྱི་རིང་དེར་མགར་གྱི་སྤུན་མཆེད་རྣམས་ཐང་བོད་གཉིས་སུ་སྙན་གྲགས་ཆེ་བ་དང་བོད་ནང་དུ་མཛངས་དཀྱེལ་ཆེ་ཐལ་བས་བཙན་པོའི་ཆབ་སྲིད་འཕྲོག་ཏུ་དོགས་པ་དང་ཕྱི་ནང་གཉིས་ཀྱི་གནོད་སེམས་ཀྱི་ཕྲ་མ་དང་ཆབ་སྲིད་ཀྱི་གཡོ་འཕྲུལ་གྱི་དབང་གིས་མགར་གྱི་སྤུན་མཆེད་རྣམས་ལ་མི་དགོས་བཞིན་དུ་བཙན་པོར་གློ་བ་རིང་སོང་ཞེས་མ་ཉེས་ཁ་ཡོག་གིས་བཀྱོན་ཕབ་པས་མགར་གྱི་ཁྱིམ་རྒྱུད་ཁ་འཐོར་དུ་སོང་སྟེ་ལོ་ངོ་གྲངས་མེད་ཀྱི་རིང་ལ་མིང་གི་ལྷག་མ་ལྟ་བུར་གྱུར། དེ་ནི་མགར་གྱི་མི་རྒྱུད་ལ་མཚོན་ན་ཆེས་ཡིད་སྐྱོ་བའི་ཕམ་ཉེས་ཤིག་ཡིན་ལ་བོད་ལ་མཚོན་ནའང་ལོ་རྒྱུས་ཀྱི་ཆགས་འཇིག་ཆེན་པོ་ཞིག་རེད་ཅེས་བཤད་ཆོག་སྙམ། ཡིན་ནའང་ཕྱོགས་སོ་སོར་འཐོར་བའི་དུད་ཁྱིམ་རེ་འགས་མགར་གྱི་མི་རྒྱུད་ཀྱི་སྲ་ཞིང་བརྟན་པའི་རང་གཤིས་རྒྱུད་འཛིན་བྱས་ཏེ་དཀའ་སྡུག་དང་ཀྱག་ཀྱོག་གི་འཚོ་བའི་བརྒྱུད་རིམ་ཁྲོད་མགར་ཞེས་པའི་རང་གི་རུས་དེ་འབོར་མ་མྱོང་སྟབས་མགར་གྱི་མི་རྒྱུད་ད་ལྟའི་བར་རྒྱུན་མ་ཆད་པ་རེད། ང་ཚོས་མགར་གྱི་མི་རྒྱུད་ཡིན་ན་ཚད་དེ་འདྲ་ཞིག་ལྡན་དགོས་པར་རེ་འབོད་རྒྱག་གི་ཡོད་པས་ལོ་འདི་དག་གི་རིང་མི་རིགས་ཀྱི་རིག་གནས་དང་རང་གི་རུས་ལ་ཤ་ཚ་ཞིང་བློ་དཀར་བའི་སྙིང་རུས་ཅན་ཕུ་ནུ་རེ་གཉིས་ཀྱིས་སྣེ་ཁྲིད་འོག་མགར་གྱི་མི་རྒྱུད་འཚོལ་ཞིབ་བྱེད་ཀྱིན་ཡོད་ལ་མི་རིགས་ཀྱི་རིག་གནས་དང་ནང་ཕུ་ནུའི་སྐྱིད་སྡུག་གླེང་བཞིན་མགར་གྱི་མི་རྒྱུད་ཟེར་བ་དེ་དགེ་སྒྲུབ་ཚོགས་གསོག་དང་སྡིག་སྤོང་རྒྱུ་འབྲས་བརྩི་བའི་ལས་ཀར་འཇུ་བཞིན་ཡ་རབས་ཀྱི་ཕྱོགས་ནས་མཐུན་སྒྲིལ་དང་མ་རབས་ཀྱི་ཕྱོགས་ནས་ངན་འབྲེལ་མི་བྱེད་པ་ནི་མགར་ཚང་གི་རྩ་དོན་ཞིག་དང་རང་གཤིས་ཤིག་ཏུ་ངོས་བཟུང་ན་མགར་གྱི་མི་རྒྱུད་ཟེར་བ་དེ་ག་འདྲ་ཞིག་ཡིན་མིན་ཧ་གོ་རྒྱུ་རེད།
ཡིན་ནའང་དེང་དུས་རུས་རྒྱུད་རིག་གནས་གླེང་མཁན་ཉུང་བ་ནི་རུས་ཚན་གླེང་མ་ཤེས་པ་ཡིན་ནམ་ཡང་ན་སྔོན་གྱི་རུས་རྒྱུད་རུལ་སུངས་ཀྱི་ལྟ་བ་མ་དོར་བ་གང་ཡིན་ཆ་འཚལ་མོད། ང་ཚོ་དེང་སྐབས་ཕྱིའི་རྒྱལ་ཁབ་ཅིག་ལ་འགྲོ་སྐལ་རེག་དུས་སྤྱིར་ཁོའི་མིང་ལ་བཀྲ་ཤིས་དོན་གྲུབ་ཟེར་ཡང་ཐོ་འགོད་བྱེད་སྐབས་རུས་འབྲི་ས་ན་བཀྲ་ཤིས་དང་མིང་འབྲི་ས་ན་དོན་གྲུབ་འབྲི་དགོས་པའི་ཚད་དུ་སླེབས་པ་ནི་ངོ་གནོངས་དགོས་པའི་རྒྱུ་མཚན་ཞིག་མ་ཡིན་ནམ།
ང་ཚོ་བོད་མི་རིགས་ཤིག་ཡིན་ཕྱིན་རུས་རྒྱུད་རིག་གནས་ཀྱི་འདུ་ཤེས་ཇེ་དྲག་དང་ཇེ་མཐོར་བཏང་སྟེ་རང་ཉིད་རུས་ཚན་གང་ལས་འཚར་ལོངས་བྱུང་བའི་སྤྱི་ཚོགས་ཁོར་ཡུག་དང་བསམ་པའི་ཁོར་ཡུག་གསལ་བཤད་རྒྱག་དགོས་པ་ནི་ང་ཚོའི་རེ་སྐུལ་དང་ཕུགས་བསམ་གཙང་མ་དེ་ལགས་ན་ཁྱེད་ཀྱི་མིང་གི་ཐོག་ན་རུས་མིང་ཡོད་དམ། ཁྱེད་ཀྱིས་རུས་ཚན་གང་དག་ངོས་འཛིན་བྱ་ཐུབ། ཁྱེད་ཀྱིས་རང་གི་མི་རབས་དུ་ངོས་འཛིན་བྱེད་ཐུབ། ཁྱེད་ཀྱི་མིང་གི་ཐོག་ཏུ་སྐྱུག་བྲོ་བའི་ལོ་རྒྱུས་ཀྱི་ནག་ཉེས་ཡོད་དམ། རང་གི་མིང་བྱང་བདག་དོམ་བྱ་དགོས་པའི་རང་དབང་གི་དུས་སྐབས་འདིར་ང་ཚོས་རང་ཉིད་ལ་དྲི་བ་འདི་དག་འདོན་དགོས་ཤིང་དེ་དག་ལ་ཐེངས་མང་ལན་ཡང་གང་ནུས་འདེབས་འོས། གཞན་གྱིས་ང་ཚོ་བོད་པར་རུས་མེད་པར་སྨྲ་བ་ནི་མ་ཤེས་པ་དང་རང་ཉིད་ཀྱིས་ཁྱབ་བསྒྲགས་དང་རྒྱུན་འཛིན་བྱེད་མ་ཐུབ་པ་ལས་གཟུགས་འདས་རིག་གནས་ཞེས་པའི་ཚ་ཚ་འུར་འུར་གྱི་ནང་དུ་བགྲང་ཆོག་ཆོག་གི་རུས་རྒྱུད་རིག་གནས་ཤིག་ཡོད་པ་སྨྲོས་མ་དགོས་པའི་གནས་ཤིག་ལགས་སོ། །
མདོར་ན་རེ་བ་རྣལ་མ་དེ་ཚེ་སྲོག་གི་གསེང་ལ་ཐིམ་པའི་མགར་གྱི་གདུང་རྒྱུད་ལ་ཚེ་བསོད་རླུང་རྟ་དར་ཞིང་རུས་རྒྱུད་གཞན་དང་ཀློག་པ་པོ་ཁྱེད་ཀྱི་བསམ་དོན་ཡིད་བཞིན་འགྲུབ་པའི་སྨོན་འདུན་གྲངས་མེད་ཞུ།
ཞལ་དྲོ། བཀྲ་ཤིས་བདེ་ལེགས།
འདིར་ཆེད་དུ་མགར་དཀོན་མཆོག་དང་མགར་ཨ་སངས་སོགས་ཀྱིས་དྲ་བར་མཐུན་སྦྱོར་བླ་ལྷག་གནང་བར་བཀའ་དྲིན་ཆེ་ཞུ།
|
བོད་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྔར་བཞིན་རྒྱུན་འཁྱོངས་ཡག་པོ་ཡོད། སྤེལ་དུས: 2017/9/16
|
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་ཚུན་དུ། བོད་ལྗོངས་ཀྱིས་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱ་རྒྱུ་དེ་གལ་ཆེའི་ཆབ་སྲིད་ཀྱི་ལས་འགན་ཞིག་ལ་རྩིས་ནས་གངས་ལྗོངས་ས་མཐོའི་སྔོ་ཞིང་གཡའ་དག་པའི་ནམ་མཁའ་བ་དང་། དྭངས་ཤིང་གཙང་བའི་ཆུ་བོ། མཛེས་ཤིང་སྐྱིད་པའི་རི་ཀླུང་བཅས་ལ་སྲུང་སྐྱོབ་ནུས་ལྡན་བྱས་པར་དགའ་ཤོས་པའི་གྲུབ་འབྲས་ཐོབ་ཡོད།
|
དོན་གང་ཞིག་ཡིན་ཡང་བདེན་རྫུན་བརྟག་རྗེས་བརྒྱུད་བསྐུར་བྱོས། སྤེལ་དུས: 2014/10/28
|
དེ་ཡང་དེང་གི་དུས་འདིར་དཔལ་འབྱོར་དང་ཚན་རིག་གོང་འཕེལ་ལ་སོང་བ་དང་སྦྲགས་ནས་མི་རྣམས་ཀྱི་འཚོ་བའི་ཁྲོད་དུ་བརྙན་འཕྲིན་དང་རླུང་འཕྲིན་རྩེད་འཕྲུལ་དང་ཁ་པར་འཕྲིན་ཐུང་དང་ཁྱེའུ་འཕྲིན་སོགས་ད་དུང་ཆེས་བཀོལ་ཆེ་བའི་འཕྲིན་ཕྲན་གྱི་ལམ་ནས་གསར་འགྱུར་ཡིག་རིགས་དང་པར་རིགས་མང་པོ་ཕར་སྤེལ་ཚུར་གཟིགས་བྱེད་བཞིན་ཡོད་པ་རེད། དེ་ཚོའི་ཁྲོད་དུ་ཡག་པོ་དང་ཉེས་པོ་ལེགས་ཆ་དང་སྐྱོན་ཆ་གང་མང་མཆིས་ནའང་གཙོ་བོ་བདེན་རྫུན་གྱི་ཤན་འབྱེད་ཁོམ་མེད་པར་ཇི་སྐད་དུ།
|
༄༅། །རྔ་ལྗོངས་ཁོར་ཡུག་མྱུར་སྐྱོབ་ཚོགས་པ། སྤེལ་དུས: 2016/12/15
|
རབ་རྒྱན་ཤིང་ལུག་ལོ་སྟེ་ཕྱི་ལོ་2016-ཟླ་12-ཚེས་15-ཉིན་མདོ་སྨད་རྔ་ཡུལ་སྒོ་མང་དགོན་མདོ་སྔགས་བཤད་སྒྲུབ་འཕེལ་རྒྱས་གླིང་གི་ཕྱི་ནང་བར་གསུམ་དུ་《རྔ་ལྗོངས་ཁོར་ཡུག་མྱུར་སྐྱོབ་ཚོགས་པའི་》གཤིས་བཟང་གི་མི་བུ་600.ལྷག་ལ་“བཀའ་གནམ་ལྕགས་ཀྱི་རྟ་རེ་དང་གསུང་གསེར་ནག་གི་འཛེར་མ་”མ་ཡིན་པར་གཞི་ནས་སོ་སོས་མ་བསྐུལ་དང་བླངས་ཀྱིས་སྒོ་ནས་སྤྱིར་ས་ཆེན་གྱི་མ་ཡུམ་འདི་ཉིད་རང་ངོས་ནས་སྲུང་སྐྱོབ་དང་གཅེས་སྐྱོང་བྱེད་པའི་གོམ་སྟབས་སྒྱུར་དང་བསྒྱུར་བཞིན་པ་ལགས་ཏེ། ལྷག་པར་དུ་དེ་རིང་ནས་བཟུང་སྒོ་མང་དགོན་མདོ་སྔགས་བཤད་སྒྲུབ་འཕེལ་རྒྱས་གླིང་འདི་ཉིད་ད་ལོའི་དགུན་མོ་ཆེན་མོའམ་ཕར་ཕྱིན་སྟོན་མོ་ལ་ཚོགས་རྒྱུ་ཁེལ་ཡོད་པས།
|
|
|
འདིར་བརྩམས་ཆོས
(
4027
)ཡོད།
པར་ངོས་ཐོག་མ། གོང་མ། པར་ངོས 5/202 པར་ཡོད། འོག་མ། པར་ངོས་ཐ་མ། |
|
|
|
|
|
འབྲེལ་གཏུག་བྱ་ཡུལ། ཁ་པར། 草原梦想15283703999 E-mail:tbmgar@163.com |
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད། |
蜀ICP备13002975号-1 |
|
|
|