ཁ་བ་ཅན།
ཚིག དམངས་ཁྲོད།
དབྱངས། དམངས་ཁྲོད།
ལེན་མཁན། མེ་ཏོག
བོད་ཁ་བ་ཅན་གྱི་ཞིང་ཁམས་ན། །
ལྷོ་འཛམ་བུ་གླིང་གི་རྒྱན་ཆ་ཡོད། །
སྟོད་གངས་དཀར་ཏི་སེ་རིན་པོ་ཆེ། །
ལྷོ་འཛམ་བུ་གླིང་གི་རྒྱན་ཆ་ཡིན། །
བོད་ཁ་བ་ཅན་གྱི་ཞིང་ཁམས་ན། །
ལྷོ་འཛམ་བུ་གླིང་གི་རྒྱན་ཆ་ཡོད། །
དབུས་ལྷ་ས་ཕོ་བྲང་པོ་ཏ་ལ། །
ལྷོ་འཛམ་བུ་གླིང་གི་རྒྱན་ཆ་ཡིན། །
བོད་ཁ་བ་ཅན་གྱི་ཞིང་ཁམས་ན། །
ལྷོ་འཛམ་བུ་གླིང་གི་རྒྱན་ཆ་ཡོད། །
སེམས་བསམ་པ་བཟང་བོ་རིན་པོ་ཆེ། །
ལྷོ་འཛམ་བུ་གླིང་གི་རྒྱན་ཆ་ཡིན། །
སེམས་བསམ་པ་བཟང་བོ་རིན་པོ་ཆེ། །
ལྷོ་འཛམ་བུ་གླིང་གི་རྒྱན་ཆ་ཡིན། །
|