སྲིད་པའི་གདངས་དབྱངས།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 12 ཚེས 23 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» སྙན་རྩོམ། »སྲིད་པའི་གདངས་དབྱངས།
སྲིད་པའི་གདངས་དབྱངས།
རྩོམ་སྒྲིག་པ།  གསང་བདག སྤེལ་དུས། 2013/12/4ལྟ་ཀློག (1432)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

                                                                         འབྲོག་བུ་དཀོམ་བཀྲ།

                                                                -- ཨ་མདོའི་གཞས་མ་ཞིག་ལ་དམིགས་སུ་བྲིས་པ།

གོས་འདབས་ཟིལ་ཆུ་ཤིག་ཤིག།

མིག་ཟུང་གྲོང་ཤ་ཀྲིག་ཀྲིག།

དྲན་པའི་རྐང་གདུབ་སིལ་སིལ།།

རི་རྒྱབ་གང་ནས་ལྷགས་བྱུང་།།

 

སྐྱེངས་པའི་ལག་བརྡ་གཡུག་གཡུག།

འཁྲེན་པའི་གཟུགས་པོ་ཀེར་ཀེར།།

རྒྱང་གི་ཨ་ཇོར་འབོད་དུས།།

ཁ་ངོ་མཆི་མས་རླན་རླན།།

 

ཁུ་བྱུག་གྲེ་འགྱུར་མིན་པའི།།

རྒྱ་གླིང་གདངས་དབྱངས་མིན་པའི།།

འཇིག་རྟེན་མི་མོའི་སྐད་ཅིག།

ད་རེས་སེམས་ལ་ལྷུང་བྱུང་།།

 

སྤྲིན་པས་མིག་ཆུ་བསིལ་འདྲའི།།

མིག་ཆུ་སྲོག་ལ་འཐིམ་འདྲའི།།

ཚོར་བའི་བརླན་གཤེར་གཞུང་ནས།།

ང་ཡི་དབང་རྩ་བེར་བེར།།

 

སྨུག་པ་རླུང་གིས་བསེད་འདྲའི།།

རླུང་བུ་ལུས་ལ་འཁྱུད་འདྲའི།།

ཚོར་བའི་དགུ་ཚིགས་ངོགས་ནས།།

ང་ཡི་སྣང་བ་གྲང་གྲང་།།

 

དབྱར་ཟླའི་ཆར་དང་འགྲོགས་པའི།།

དགུན་ཁའི་གངས་དང་འཐབ་པའི།།

གཞས་མའི་འཛུམ་གྱི་འོད་ཀོར།།

འཚོ་བའི་མར་ལོ་ཡིན་སོང་།།

 

སྟོན་ཀའི་སྤྲིན་དང་འདྲེས་པའི།།

དཔྱིད་མགོའི་རླུང་དང་བསྡེབས་པའི།།

གཞས་མའི་སྙན་དབྱངས་རེ་རེ།།

རང་བྱུང་མཆོད་པ་རེད་དོ།།

 

ལྗོན་པ་སྔོན་པོའི་དྲུང་ནས།།

ཏིང་འཛིན་ཁྲུས་ལ་ཞུགས་དུས།།

གཞས་མའི་ངག་གི་འདབ་ལོ།།

བསིལ་མོའི་ཉི་གདུགས་རེད་བཞག།

 

མྱི་ཁའི་འཁྱག་དར་ཀློང་ནས།།

སེམས་པ་གྲང་བས་བཅུམས་ཚེ།།

གཞས་མའི་གར་གྱི་འཕྲུལ་སྟབས།།

དྲོད་ཀྱི་རླངས་སྦུག་རེད་དོ།།

 

མི་ཚེ་ལན་གཅིག་རྙེད་པ།།

འཁོར་བའི་རྡོ་ལ་ཐོགས་ཀྱང་།།

གླུ་སྐད་ཐེངས་གཅིག་གསན་པས།།

ཚེ་འདིའི་ཉེས་དམིགས་དག་སོང་།།

 

དབང་རྩ་ཆང་གིས་བད་དེ།།

གཅོང་ནད་སྙིང་ལ་ཞུགས་དུས།།

དྲན་པའི་སྒྲོམ་དུ་ལྷག་པ།།

ཁྱེད་ཀྱི་གླུ་སྐད་ཡིན་སོང་།།

 

སྤྲིན་པ་སྔོ་སྨུག་འཐིབས་པའི།།

དགུང་དེ་བང་རིམ་བཅོ་བརྒྱད།།

བདག་ལུས་བྱིའུ་ཆུང་རྨས་མ།།

གནམ་འཕང་གཅོད་སྙིང་ཆེ་འང་།།

 

ཆུ་དང་ལ་མོའི་ཕར་རྒྱབ།།

གྲོང་དང་མཁར་གྱི་བས་མཐའ།།

གཞས་མའི་གསང་བའི་ཕྱག་རྒྱ།།

ཨུག་ཆོས་སེར་པོའི་ཡག་རེད།།

 

མུ་ཏིག་སྔོན་པོའི་མཐིལ་གྱི།།

ཉ་མོ་བྱེ་བ་འབུམ་ཕྲག།

གཞས་མའི་ལན་བུར་འཁྱུག་པའི།།

ཚེ་སྔོན་བག་ཆགས་ཨེ་ཡིན།།

 

སྡིག་པའི་རྒྱ་མཚོའི་ཁ་ནས།།

གྲུ་ཤན་བོར་བའི་གླ་བ།།

ཟོང་སྐྱེལ་ལས་ཀྱིས་ངལ་ཡང་།།

གཞས་མའི་ཚིག་ལ་ཆགས་ཡོད།།

༢༠༡༢//༡༡ལ།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
63u9 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
46474998
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1