ལྡོག་འཆར།
ཁ་བས་རི་ཐང་བསྣུབས་པ་དེས།།
བདག་ལ་གྲང་སྣང་མ་བྱིན་ཡང་།།
གནམ་གྱི་སྐར་མ་འགུལ་བ་དེས།།
གློ་བུར་འདར་ནས་གྲང་ཤུམ་བོར།།
བྱམས་པ་རྒྱང་ལ་བཞུད་པ་དེས།།
གུས་པོར་སྐྱོ་སྣང་མ་སྟེར་ཡང་།།
སྡོང་ལོ་རླུང་གིས་ཁྱེར་བ་དེས།།
ང་ལ་ཁེར་རྐྱང་སྣང་བ་སྤྲད།།
ཇག་མས་ངག་གི་ཤུགས་གླུ་དེས།།
བྱམས་པས་དུང་ཚིག་མ་དྲན་ཡང་།།
འགྲོ་ཁའི་བདེ་མོའི་ལག་བརྡ་དེས།།
ང་ཡི་མིག་ལམ་བསྒྲིབས་ཏེ་ཡོད།།
སྙིང་གཏམ་ཚིག་གི་མགོ་རྐང་དེ།།
སེམས་ནས་ཡལ་བ་མ་ཡོད་ཀྱང་།།
མི་ཐེག་མི་ཁའི་རླུང་འཚུབ་དེ།།
གདོད་ནས་རྡུལ་དུ་ཟེགས་པར་གྱུར།།
སེམས་ཀྱི་དྲན་པ་ལྗང་ཁུ་དེས།།
ཁྱོད་རང་བསུ་བར་མ་བརྩམ་ཡང་།།
ལས་ཀྱི་ལམ་བུ་ཀྱ་ཀྱུ་དེས།།
ནམ་མཁའི་སྤྲིན་ལ་འཕྲིན་ཞིག་བཏང་།།
༢༠༡༤/༠༣/༢༡ཉིན།
|