ཞི་ཅིན་ཕེན་རྒྱ་ལོའི་ལོ་སར་གྱི་སྔོན་ཏག་ཏག་ལ་ཀན་སུའུ་རུ་ཕེབས་ཏེ་རིགས་སོ་སོའི་ལས་
བྱེད་པ་དང་མང་ཚོགས་ལ་ཁམས་འདྲི་དང་རྒྱལ་ཡོངས་ཀྱི་
རིགས་སོ་སོའི་མི་དམངས་ལ་གནམ་ལོ་གསར་ཚེས་
ཀྱི་སྨོན་འདུན་བཟང་བོ་ཞུས་པ།
སྦྲུལ་ལོའི་ལོ་སར་ཐོན་ལ་ཉེ་བའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་ཟླ་གཉིས་པའི་ཚེས་གཉིས་ཉིན་ནས་ཚེས་ལྔ་ཉིན་བར་ཀན་སུའུ་རུ་ཕེབས་ཏེ། རིགས་སོ་སོའི་ལས་བྱེད་དང་མང་ཚོགས་ལ་ཁམས་འདྲི་དང་། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་གནམ་ལོ་གསར་ཚེས་ཀྱི་བཀྲ་ཤིས་སྨོན་འདུན་ཞུས། འདི་ནི་ཟླ་གཉིས་པའི་ཚེས་གསུམ་ཉིན། ཏང་ཡོན་རྒན་པ་མཱ་ཀང་ཚང་གི་ར་སྐོར་ནང་དུ་ཞི་ཅིན་ཕེན་གྱིས་སྡེ་དམངས་རྣམས་དང་ལྷན་དུ་དབུལ་ཐར་ཕྱུག་བསྒྱུར་ཇུས་གཞི་ལ་གྲོས་སྡུར་བྱེད་པ་དང་། ཚང་མར་ལོ་སར་གྱི་བཀྲ་ཤིས་བདེ་ལེགས་ཞུ་བའི་ཚུལ་རེད།
འདི་ནི་ཟླ2པའི་ཚེས3ཉིན། ཞི་ཅིན་ཕེན་གྱིས་ལོ་བརྒྱད་ཅུར་སོན་པའི་ཏང་ཡོན་རྒན་པ་མཱ་ཀང་དང་བྱམས་བརྩེའི་ངང་གླེང་མོལ་བྱས་ཏེ། ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་བྱེད་པའི་ཚུལ་རེད།
འདི་ནི་ཟླ2པའི་ཚེས4ཉིན།ཞི་ཅིན་ཕེན་གྱིས་ཁྲོམ་ར་ཞིག་ནས་སྔོ་ཚོད་ཀྱི་རིན་གོང་དང་། མཁོ་འདོན། སྤྲོད་འཚོང་བཅས་ཀྱི་གནས་ཚུལ་ལ་རྒྱུས་ལོན་མཛད་པའི་ཚུལ་རེད།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྦྲུལ་ལོའི་ལོ་སར་ཐོན་ལ་ཉེ་བའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་ཟླ2པའི་ཚེས2ཉིན་ནས་ཚེས5ཉིན་བར་ཀན་སུའུ་རུ་ཕེབས་ཏེ། རིགས་སོ་སོའི་ལས་བྱེད་དང་མང་ཚོགས་ལ་ཁམས་འདྲི་དང་། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་གནམ་ལོ་གསར་ཚེས་ཀྱི་བཀྲ་ཤིས་སྨོན་འདུན་ཞུས།
ཟླ2པའི་ལུང་ཡོན་ས་གཞི་ནི་གྲང་ངར་ཆེ་ཞིང་འཁྱགས་པས་བསྡམས་ཡོད། ཞི་ཅིན་ཕེན་ཅིག་ཆོན་དང་ཏེན་ཞི། ལིན་ཞ། ལན་ཀྲིག་སོགས་ས་ཁུལ་གྱི་གྲོང་གསེབ་དང་ཁེ་ལས། སྡོད་ཁུལ་བཅས་ལ་ཕེབས་ཏེ། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་དངོས་འབེབས་དང་། མང་ཚོགས་ཀྱི་འཚོ་བ་འགན་སྲུང་དང་ལེགས་བཅོས། ནུབ་རྒྱུད་གསར་སྤེལ་ཆེན་པོ་དང་བྱ་བའི་སྤྱོད་ཚུལ་ལེགས་སྒྱུར་སོགས་ཀྱི་བྱ་བར་རྟོག་ཞིབ་མཛད།
ཀན་སུའུ་དབུས་ཁུལ་གྱི་ཏེན་ཞི་དང་ལིན་ཞ་སོགས་ས་ཁུལ་ནི་ད་ལྟ་སྔར་བཞིན་དཀའ་ཁག་ཤིན་ཏུ་ཆེ་བའི་ས་ཁུལ་ཡིན་པ་དང་། ཞི་ཅིན་ཕེན་རི་མཐོ་ལུང་ཟབ་དང་ས་རྡུལ་གྱིས་ཁེངས་པའི་དཀྱོགས་ལམ་མང་པོ་བརྒྱུད་དེ། སྔ་གཞུག་ཏུ་མཚོ་ངོས་ལས་སྨི་ཉིས་སྟོང་བཞི་བརྒྱ་ལྷག་ཡོད་པའི་ཏེན་ཞི་གྲོང་ཁྱེར་ཝེ་ཡོན་རྫོང་ཡོན་ཀུའུ་ཏོས་སྡེ་བ་དང་། མཚོ་ངོས་ལས་སྨི་ཆིག་སྟོང་དགུ་བརྒྱ་ལྷག་ཡོད་པའི་ལིན་ཞ་ཧོས་རིགས་རང་སྐྱོང་ལྗོངས་ཏུང་ཞང་རིགས་རང་སྐྱོང་རྫོང་པུའུ་ལིན་ཀིག་སྡེ་བའི་ཏང་ཡོན་རྒན་པ་དང་དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་ཁྱིམ་ལ་ཕེབས་ཏེ། ཡུལ་མི་རྣམས་ལ་ཕྱག་འཇུ་དང་ཁམས་འདྲི་བྱས་པ་དང་། བཟའ་འབྲུ་འདང་མིན་དང་། མ་མཐའི་འཚོ་བའི་འགན་སྲུང་ལ་ཁག་ཐེག་ཡོད་མིན། སྨན་བཅོས་འགན་སྲུང་ཐུབ་མིན། བྱིས་པ་སློབ་གྲྭར་སྐྱེལ་ཡོད་མེད། ལོ་ཚོང་བརྒྱབ་ཡོད་མེད་བཅས་ཀྱི་གནས་ཚུལ་དྲིས་པར་ལན་བཏབ་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཐུགས་ཤིན་ཏུ་རྒྱས། ཁོང་གིས་ཏང་དང་སྲིད་གཞུང་གིས་དབུལ་སྐྱོར་གསར་སྤེལ་བྱ་བ་གཙིགས་ཆེན་དུ་འཛིན་གྱིན་ཡོད་པ་དང་། སྒོས་སུ་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་གཙིགས་ཆེན་དུ་འཛིན་གྱིན་ཡོད་པས། ཡུལ་མི་རྣམས་ལ་ཅིས་ཀྱང་རྒྱབ་སྐྱོར་དང་རོགས་རམ་བྱེད་ངེས་ཡིན་ལ། ཡུལ་མི་རྣམས་ཀྱིས་རང་སྟོབས་རང་སྤེལ་གྱི་སྙིང་སྟོབས་དར་སྤེལ་དང་། འཕེལ་རྒྱས་ཀྱི་ཐབས་ལམ་འཚོལ་བ། དཀའ་སྤྱད་ལས་བརྩོན་ལ་བརྟེན་ནས། སྔ་མོ་ནས་དབུལ་ཕོངས་ཀྱི་རྣམ་པ་བསྒྱུར་དགོས་ཞེས་ནན་གྱིས་གསུངས།
ཐན་པ་ཆེ་ཞིང་ཆུ་དཀོན་པ་དེས་ཀན་སུའུ་ཡི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། མི་དམངས་ཀྱི་འཚོ་བ་ཇེ་ལེགས་སུ་གཏོང་བར་ཚོད་འཛིན་ཐེབས་པའི་དཀའ་གནད་གཙོ་བོ་རེད། ཞི་ཅིན་ཕེན་གྱིས་དོན་དེར་ཧ་ཅང་ཐུགས་ཁུར་གནང་གིན་ཡོད། ཟླ་གཉིས་པའི་ཚེས་གསུམ་ཉིན་གྱི་སྔ་དྲོར། ཁོང་ཆེད་དུ་ཝེ་ཡོན་རྫོང་དབྱིན་ཐའོ་ཆུ་འདོན་བཟོ་སྐྲུན་ཡུལ་དངོས་ལ་ཕེབས་ཏེ། བཟོ་སྐྲུན་འཛུགས་སྐྲུན་གྱི་གནས་ཚུལ་ལ་རྟོག་ཞིབ་མཛད། བཟོ་སྐྲུན་རིམ་པ་དང་པོའི་སྤྱིའི་ཆུ་རྐའི་ཕུག་ལམ་བཅོ་བརྒྱད་པའི་ཕུགས་ལམ་བཅུ་བདུན་བརྟོལ་ནས། ཕུག་ལམ་དང་པོ་ནས་དྲུག་པའི་བར་ཆུ་འདོན་པའི་ཆ་རྐྱེན་ལྡན་པ་ཤེས་རྗེས། ཁོང་ཐུགས་ཤིན་ཏུ་རྒྱས་ཏེ། ས་དེ་དང་རྗེར་འབྲངས་ཀྱི་འབྲེལ་ཡོད་རྒྱལ་ཁབ་པུའུ་ཨུ་ཡི་འགན་འཁུར་བློ་མཐུན་ལ། དམངས་འཚོ་མཆོག་ཏུ་བརྩི་བ་དང་། ཆུ་བཅོས་སྐྱོང་གཙོ་བོར་འཛིན་པ། ཚན་རིག་ལ་བརྩི་མཐོང་དང་། ཇུས་འགོད་གཟབ་ནན། རྩིག་ལས་ཞིབ་མོ་བྱས་ཏེ། ཀན་སུའུ་ཡི་མི་དམངས་མང་ཚོགས་ས་ཡ་འགར་ཕན་ཐོགས་པའི་བཟོ་སྐྲུན་དེ་ངོས་པ་དོན་གྱིས་ལེགས་པོར་བསྒྲུབ་རྒྱུ་དང་། མང་ཚོགས་ལ་སྔ་མོ་ནས་དྭངས་གཙང་གི་ཐའོ་ཧི་གཙང་བོའི་ཆུ་འཐུང་དུ་འཇུག་དགོས་པའི་ཞལ་ཏ་གནང་།
ཞི་ཅིན་ཕེན་ད་དུང2011ལོའི་ཟླ་གསུམ་པའི་ཚེས་གཉིས་ཉིན་ཏུན་ཞང་རིགས་རང་སྐྱོང་རྫོང་རྫོང་མཁར་གྱི་ས་ཉིལ་སར་ཕེབས་ཏེ། བསྐྱར་བསྐྲུན་རྩིག་ལས་ཡུལ་དངོས་ནས་བཟོ་སྐྲུན་འཛུགས་སྐྲུན་གྱི་གནས་ཚུལ་མཚམས་སྦྱོར་ལ་ཉན་པ་དང་། ཡུལ་དངོས་ཀྱི་རྩིག་ལས་བཟོ་བར་ཁམས་འདྲི་བྱས། ཟླ་གཉིས་པའི་ཚེས་བཞིའི་ཉིན་གྱི་སྔ་དྲོར། ཞི་ཅིན་ཕེན་ལན་ཀྲིག་གྲོང་ཁྱེར་ཆི་ལིས་ཧི་ཁུལ་ཞི་ཧུའུ་སྲང་ལམ་སོགས་ཀྱི་བྱ་བར་རྟོག་ཞིབ་མཛད།
རྟོག་ཞིབ་མཛད་སྐབས། ཞི་ཅིན་ཕེན་གྱིས་ཀན་སུའུ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་ཡར་ཞུ་ལ་ཉན་པ་དང་། ཀན་སུའུ་ཞིང་ཆེན་གྱི་ཉེ་བའི་ལོ་འགའི་བྱ་བར་ཁས་ལེན་གང་ལེགས་མཛད། ཁོང་གིས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་ལག་བསྟར་དང་། རེས་སྐོར་གསར་བའི་ནུབ་རྒྱུད་གསར་སྤེལ་ཆེན་པོའི་གོ་སྐབས་དམ་འཛིན་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས་པ་ནན་གྱིས་བསྟན། །
|