སྤེལ་དུས། 2013-02-03 10:11:03
སྤྱི་ཟླ་དང་པོའི་ཚེས20ཉིན། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲུག་ཆུ་རྫོང་ཡོངས་ཀྱི་ངལ་ལས་དཔལ་འབྱོར་བྱ་བའི་གྲོས་ཚོགས་བསྡུས་ཤིང་། གྲོས་ཚོགས་ལས2012ལོའི་རྫོང་ཡོངས་ཀྱི་ངལ་ལས་ཕྱིར་གཏོང་བྱ་བའི་གནས་ཚུལ་རྒྱུད་བསྒྲགས་བྱས་པ་དང་སྔོན་ཐོན་ལ་གཟེངས་བསྟོད་བྱས་པ་མ་ཟད། 2013ལོའི་བྱ་བར་བཀོད་སྒྲིག་བྱས།
གྲོས་ཚོགས་སྟེང་། 2013ལོའི་ངལ་རྩོལ་པ་ཕྱིར་གཏོང་གི་བྱ་བ་ལེགས་པོར་བསྒྲུབ་དགོས་པའི་བླང་བྱ་བཏོན་པ་དང་། ལོ་ཧྲིལ་བོར་ངལ་རྩོལ་པ་ཁྲི་གསུམ་དང་སྟོང་བརྒྱད་ལྷག་ཕྱིར་གཏོང་བྱེད་པ་དང་། ངལ་ལས་ཕྱིར་གཏོང་ཡོང་སྒོ་སྒོར་དུང་ཕྱུར་བཞིའི་ཡན་ལས་བརྒལ་བ། རྩ་འཛུགས་ལྟར་ངལ་རྩོལ་པ་ཁྲི་གཅིག་ཡན་ཕྱིར་གཏོང་བྱེད་པ་བཅས་ལེགས་འགྲུབ་འབྱུང་བར་བརྩོན་ལེན་བྱེད་དགོས་པར་བསྟན།
“ལོ་ལྔའི་འཆར་གཞི་བཅུ་གཉིས་པའི”སྐབས་སུ། འབྲུག་ཆུ་རྫོང་ཡོངས་སུ་ངལ་ལས་མཚམས་སྦྱོར་སྡེ་ཁག20ལྷག་ཡོད་པ་དང་། ངལ་ལས་བར་ཁེ་བ་དང་། སྣེ་ཁྲིད་མཁན་མི་ལྔ་བརྒྱ་ཡན་ལ་བསླེབས་ཡོད། རྫོང་སྲིད་གཞུང་གིས་ད་དུང་སྒོར་ས་ཡ་གཅིག་བཏང་སྟེ་སྐུལ་སྤེལ་ཐེབས་རྩ་བཙུགས་པ་དང་། ལོ་རེའི་གྲུབ་འབྲས་ལེགས་པོ་ཐོབ་པའི་ངལ་ལས་མཚམས་སྦྱོར་སྡེ་ཁག་དང་ངལ་ལས་བར་ཁེ་བ། སྣེ་ཁྲིད་པ་བཅས་ལ་བྱ་དགའ་གནང་བཞིན་ཡོད།
རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།
|