ཐོན་མི་སམ་བྷོ་ཊའི་ཕ་ཡུལ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 12 ཚེས 23 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» བོད་ནང་གསར་འགྱུར། »ཐོན་མི་སམ་བྷོ་ཊའི་ཕ་ཡུལ།
ཐོན་མི་སམ་བྷོ་ཊའི་ཕ་ཡུལ།
རྩོམ་སྒྲིག་པ།  ངེད་དྲ་བ། སྤེལ་དུས། 2013/4/8ལྟ་ཀློག (5867)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

 

   ཐོན་མི་སམ་བྷོ་ཊ་ནི་བོད་ཡིག་གི་སྲོལ་གཏོད་པ་པོ་ཡིན་པ་དང་།  སྙེ་མོ་རྫོང་ནི་ཐོན་མི་སམ་བྷོ་ཊའི་ཕ་ཡུལ་ཡིན།  འོན་ཀྱང་དེ་ནི་ལོ་ངོ་༡༣༠༠ཡི་གོང་དུ་བྱུང་བའི་གནས་ཚུལ་ཞིག་རེད།
       ལྷ་ས་ནས་ཡར་ཀླུང་གཙང་པོའི་གཞུང་འདེད་དེ་གཙང་ཕྱོགས་ལ་ཐོན་ན།   འཕྲང་སྣེ་རྫོགས་མཚམས་ན་ཡིད་ལྟ་ན་སྡུག་པའི་གྲོང་ཚོ་ཞིག་སྣང་བ་དེ་ནི།  འཛམ་གླིང་ཡུལ་གྲུ་ཀུན་ལ་གྲགས་པ་ཆེ་བའི་ཐོན་མིའི་ཕ་ཡུལ་ཐོན་ཞེས་པ་དེ་རེད།   དེ་ནས་ཡར་ལ་ཕྲན་བུ་སོང་ན་སྙེ་མོའི་མ་ཆུ་ཡར་ཀླུང་གཙང་པོར་ཞུགས་ས་དེར་སླེབས་ལ།  དེ་ནས་གཞུང་ལམ་གྱི་བྱང་ཕྱོགས་སུ་སྤྱི་ལེ་འགའ་ཞིག་ཕྱིན་ཚེ་སྙེ་མོ་རྫོང་དུ་སླེབས་ཀྱི་ཡོད།   སྙེ་མོའི་མ་ཆུའི་ནང་དུ་ཉ་གཅིག་ཀྱང་མཐོང་རྒྱུ་མེད།  དེ་ནི་བཤད་སྲོལ་ལ་ཐོན་མི་སམ་བྷོ་ཊས་འདིར་རྡོ་རིང་བཙུགས་ནས་སྨོན་ལམ་བཏབ་པའི་རྐྱེན་གྱིས་ཡིན་པར་གྲགས།  ད་ཆ་རྡོ་རིང་དེ་རྡོ་རུད་བྱུང་བའི་དབང་གིས་སྔ་ས་ནས་མཐོང་རྒྱུ་མེད།

1.jpg

    ས་གནས་དེ་གའི་གྲོགས་པོ་ཞིག་གིས་ཚོད་ལྟ་བྱས་པས་སྐྱོན་མེད་པ་ཤེས་རུང་།  ཉ་ནི་མཐོང་རྒྱུ་མི་འདུག་ཅེས་བཤད་བྱུང་།  ཟླ་བ་བརྒྱད་པའི་དུས་ཀྱི་ལུང་ཤུར་འདིའི་ནང་ལོ་ཏོག་རྣམས་སྨིན་ནས་གསེར་མདོག་འཕྲོ་བཞིན་ཡོད་པ་དང་།  གནམ་སྔོན་སྤྲིན་དཀར་གྱི་འོག་ཏུ་བོད་རིགས་ཕོ་མོ་རྣམས་ཀྱིས་གླུ་དབྱངས་ལེན་བཞིན་དུ་སྟོན་ཐོག་རྔ་བསྡུའི་ལས་ལ་བྲེལ་བཞིན་ཡོད།  འདིའི་ཐོག་ནས་ཆུ་ལ་སྐྱོན་མེད་པ་གསལ་པོར་ཤེས་ཐུབ།

2.jpg

     ཐོན་མི་སམ་བྷོ་ཊ་རྒྱ་གར་ནས་ཕ་ཡུལ་ལ་ལོག་ཕེབས་སྐབས་ཕ་ཡུལ་གྱི་མི་རྣམས་དབུལ་བོ་ཡོད་པ་གཟིགས་ནས་རྒྱ་གར་ནས་སྦྱངས་པའི་སྤོས་བཟོ་བའི་ལག་རྩལ་དེ་ཡུལ་མི་རྣམས་ལ་བསླབ་ཡོད།  ཁོང་གིས་ཟོ་ཆུན་འཁོར་ལོ་བཟོས་པ་དང་།  ཐོན་ཆུ་ནས་ཆུ་དྲངས་ཏེ་འཁོར་ལོ་འཁོར་བར་བྱས་པ་དང་།  དེས་ཤིང་རྣམས་ཞིབ་པར་རྫོགས་ནས་འདམ་པ་ལྟ་བུ་བཟོ་གི་ཡོད།  དེ་ནི་སྙེ་མོའི་སྤོས་ཀྱི་རྨང་གཞིའི་རྒྱུ་ཆ་རེད།  དེའི་སྟེང་དུ་བོད་སྨན་ལ་སོགས་པའི་སྦྱོར་རྟ་བྱས་རྗེས།  ཨི་ཁུང་ཕུབ་པའི་ར་ཅོ་ཡི་ནང་ནས་བཙིར་ནས་བ་དང་སྐམ་རྗེས་སྤོས་གྲུབ་ཀྱི་ཡོད།

3.jpg

    ལོ་ངོ་སྟོང་ཕྲག་གི་རྗེས་སུ་ཐོན་པ་ཤང་ཐོན་བ་གྲོང་ཚོའི་མི་རྣམས་ཀྱིས་ལོ་ངོ་སྟོང་ཕྲག་གོང་གི་ལག་རྩལ་དེ་སྔར་བཞིན་སྤྱོད་ཀྱི་ཡོད་པ་རེད།   ཐོན་ཆུའི་གཡས་གཡོན་དུ་ང་ཚོས་མཐོང་སར་ཟོ་ཆུན་འཁོར་ལོ་བཅུ་གྲངས་འགའ་ཞིག་འཁོར་བཞིན་ཡོད་པ་དང་། ཟོ་ཆུན་འཁོར་ལོ་ཚང་མས་ཤུག་པ་བརྡར་ནས་འདམ་པ་ལྟ་བུ་བཟོ་གི་ཡོད། དེ་དག་ཐད་ཀར་འཚོང་བའམ་ཡང་ན་རང་ཁྱིམ་དུ་སྤོས་བཟོ་རྒྱུར་སྤྱོད་ཀྱི་ཡོད། འདི་ནི་ང་ཚོས་བོད་ལྗོངས་ལ་མཐོང་བའི་ཁྲོད་ནས་ལྟ་ན་སྡུག་ཤོས་ཤིག་ཡིན། སྔོ་ཤིང་དྭངས་བའི་ནམ་མཁའ་དང་ལྗོན་པའི་གྲིབ་བསིལ་གྱི་འོག་ཏུ། བ་ཕྱུགས་རྣམས་གང་འདོད་དུ་རྩྭ་ཟ་བཞིན་ཡོད་པ་དང་། ཕྲུ་གུ་རྣམས་རྩེད་མོར་རོལ་ནས་འདུག  གནའ་བོའི་ཆུ་ཟོན་འཁོར་ལོ་དང་ཤུག་པའི་འདམ་པ་ཡིས་འདིར་མཛེས་སྡུག་ལྡན་པའི་རྣམ་པ་ཞིག་ཁ་སྣོན་བྱས་ཡོད། འདི་ནི་སྙེ་མོའི་ཐོན་པ་ཡི་མཛེས་ལྗོངས་རེད།

4.jpg

   རི་མ་ལྡེབས་ནས་ཡར་ཕྱིན་ཚེ། གྲོང་ཚོའི་སྲང་ལམ་གྱི་སྟེང་དུ་པང་ལེབ་སྟེང་སྤོས་སྐམ་ཡོད་པ་དང་།  ས་གནས་དེ་གའི་གྲོགས་པོ་ཡིས་བོད་སྤོས་དེ་གྲིབ་སྐམ་གཏོང་དགོས་ཀྱི་ཡོད། ཡིན་རུང་དེང་སང་མི་རྣམས་ཀྱིས་ཁེ་སྤོགས་འདོད་གདུང་བྱེད་ཀྱི་ཡོད་ཅེས་བཤད་བྱུང་། ཐོན་པ་ཤང་ཐོན་པ་གྲོང་ཚོའི་རྒན་རབས་རྣམས་ལ་ཆུ་ཟོན་འཁོར་ལོ་དྲུག་བདུན་ཙམ་ཡོད་རུང་།  ད་ཆ་ཁྱོན་བསྡོམས་247ལ་འཕེལ་ཡོད་པ་དང་།  དེ་དག་ཚང་མ་ཐོན་ཆུའི་གཡས་གཡོན་གཉིས་ལ་གནས་ཡོད།

5.jpg

   2003ལོའི་ཟླ་9པའི་ཉིན་ཞིག  ཐོན་པ་གྲོང་ཚོའི་པད་མ་བསམ་གྲུབ་གྱིས་ཁྱིམ་ལ་གད་ཕྱིས་རྒྱག་སྐབས་གྱང་ལ་སྦྱར་བའི་རས་རྙིང་པ་འགོག་སྐབས་འདག་ཞལ་ཏོག་ཙམ་མཉམ་དུ་གོག་ཤིང་། འདག་ཞལ་དེའི་འོག་ནི་རྣམ་པར་བཀྲ་བའི་ལྡེབས་བྲིས་ཡིན་པ་ཤེས་རྟོགས་བྱུང་། ལྡེབས་བྲིས་སྟེང་དུ་ཐོན་མི་སམ་བྷོ་ཌས་རྒྱལ་པོ་སྲོང་བཙན་སྒམ་པོར་ཡིག་ཕུད་འབུལ་བའི་སྐོར་དང་ཐོན་པ་གཞིས་ཀའི་རི་མོ་སོགས་ཡོད་པ་རེད།   དེའི་རྗེས་སྒོ་ར་ནུབ་མར་སྡོད་མཁན་གྱི་བཀྲ་དཔལ་དང་གྲོང་ཚོའི་མི་ གཞན་གསུམ་གྱི་ཁྱིམ་དུ་ཡང་གྱང་སྟེང་དུ་བྲིས་པའི་ཐོན་པ་གཞིས་ཀ་མཐོང་རྒྱུ་བྱུང་བ་དང་།  རི་མོའི་སྟེང་གི་གསོམ་ཤིང་དེ་ད་ལྟའང་བཞུགས་ཡོད།

6.jpg

   ད་བྱེད་དུས་པད་མ་བསམ་གྲུབ་སྡོད་སའི་ཁང་པ་དེ་ནི་ཐོན་པ་གཞིས་ཀའི་ཆོས་ཁང་ཡིན་པ་དང་། པད་མ་བསམ་གྲུབ་ད་ཆའང་དེར་སྡོད་ཀྱི་ཡོད། ང་ཚོ་འགྲོ་དུས་ཁང་པའི་སྒོ་བརྒྱབ་ཡོད་པ་དང་། སྟོན་ཐོག་བསྡུ་བར་ཕྱིན་ཡོད་ཚོད་འདུག་པས་ང་ཚོར་ལྡེབས་བྲིས་མཐོང་སྐལ་མ་བྱུང་།
  ཐོན་པ་ཤང་གི་མི་རྣམས་ཀྱིས་ཐོན་པ་གཞིས་ཀ་དང་མི་རིང་བའི་སར་ཁོ་ཚོས་མ་དངུལ་གྲབས་གསོག་བྱས་ཏེ་ལྷ་ཁང་ཞིག་བཞེངས་པ་དང་།  ཁོ་ཚོར་ཡི་གེ་གསར་གཏོད་དང་། ཁོ་ཚོར་སྤོས་བཟོ་སྟངས་སློབ་མཁན་གྱི་ཐོན་མི་སམ་བྷོ་ཌར་དྲན་གསོ་བྱས་ཡོད། ལྷ་ཁང་ནང་དུ་མ་རྐི་འཁོར་ལོ་ཆེན་པོ་ཞིག་ཡོད་པ་དང་།  དེ་ནི་ཆུས་འཁོར་བ་ཞིག་མ་ཡིན་པར་མིས་བསྐོར་གྱི་ཡོད། ང་ཚོ་ཆུ་ཟོན་འཁོར་ལོ་ཡོད་སར་ཚུར་འཁོར་སྐབས་ཉི་མ་བཞུད་གྲབས་ཡོད་པ་དང་། ཆུ་འགྲམ་དུ་རྩེད་མོར་རོལ་བའི་ཕྲུ་གུ་རྣམས་ཀྱི་འཛུམ་མདངས་ལས་གྲོང་ཚོའི་ཉམས་འགྱུར་མངོན་བཞིན་འདུག  ཕྲུ་གུ་རྣམས་ཀྱིས་ཐོན་མི་སམ་བྷོ་ཌས་བཟོས་པའི་ཆུ་ཟོན་འཁོར་ལོའི་འགྲམ་དུ་ཕར་མཆོངས་ཚུར་མཆོངས་བྱེད་པ་དང་།  བོད་སྐད་ཤོད་བཞིན་འདུག་ཅིང་། ཁོ་ཚོའི་ཁྲོད་ཀྱི་ཕྲུ་གུ་ཆེ་བ་ཞིག་གིས་རྒྱ་སྐད་ཀྱིས་ང་ཚོར་པར་ལེན་རྒྱུའི་རེ་བ་བཏོན་བྱུང་། ཕྲུ་གུ་རྣམས་ཀྱིས་ཁོ་ཚོའི་ངོ་རིས་དག་པར་ཆས་ནང་ནས་མཐོང་སྐབས་དགའ་སྤྲོས་འཁོལ་ནས་སྡོད་ཀྱི་འདུག
   ཐོན་མི་སམ་བྷོ་ཌའི་ཕ་ཡུལ་ནི་རིག་གནས་ཀྱི་ཡུལ་ཞིག་དང་། བཟོ་རྩལ་གྱི་ཡུལ་ཞིག་རེད། འདི་ཁུལ་གྱི་ཞོ་ལེགས་བོད་ཤོག་དང་། ཕུ་གསུམ་གྱི་པར་ཤིང་། སྙེ་མོའི་སྤོས་བཅས་ཀྱིས་སྙེ་མོའི་ལག་རྩལ་རྩེ་གྲ་གསུམ་གྲུབ་ཡོད།

7.jpg

   བོད་ཤོག་ནི་དུག་ཡོད་པའི་རེ་ལྕག་གིས་རྒྱུ་ཆ་གཙོ་བོ་བྱས་ཏེ་བཟོས་པ་ཡིན་པས་འབུ་འགོག་ཐུབ་ཀྱི་ཡོད།    བོད་ཤོག་གི་ཚོང་ར་རྒྱ་ཆེན་པོ་དེ་འདྲ་མེད་སྟབས་ཞོ་ལེགས་གྲོང་ཚོའི་མི་ཚང་གཉིས་ཀྱིས་མ་གཏོགས་བོད་ཤོག་བཟོ་གི་མེད་ཅིང་། མང་ཆེ་བ་རྟེན་རྫས་བཤམས་མཛོད་ཁང་དང་ཕྱི་རྒྱལ་གྱི་སྐུ་མགྲོན་འགའ་ཞིག་ལ་མཁོ་འདོན་བྱེད་ཀྱི་ཡོད། ཞོ་ལེགས་གྲོང་ཚོའི་ཚེ་རིང་སྟོབས་རྒྱལ་དང་ཕྲུ་གུ་གཉིས་ཀྱིས་ལས་ཀ་དལ་བའི་སྐབས་སུ་བོད་ཤོག་བཟོ་གི་ཡོད་ཅིང་། བོད་ཤོག་གི་ཐོག་ནས་ལོ་གཅིག་ལ་ཡོང་འབབ་སྒོར་5000ཙམ་ཐོབ་ཀྱི་ཡོད། མ་གཞི་དུག་ཡོད་པའི་རེ་ལྕག་གིས་ཚེ་རིང་གི་ལག་པའི་ཚིགས་རྣམས་སྐྲངས་ཡོད་རུང་། ཁོ་པས་ལག་རྩལ་འདི་མུ་མཐུད་ནས་བརྒྱུད་སྤྲོད་བྱེད་རྒྱུ་ཡིན་ཞེས་གསུངས་བྱུང་། བོད་ཤོག་བཟོ་མཁན་གྱི་ཁྱིམ་ཚང་གཞན་ཞིག་ནི་ཚེ་རིང་གི་ཨ་ནེའི་ཁྱིམ་རེད།

8.jpg

    བོད་ཤོག་དང་བསྡུར་བ་ཡིན་ན་ཕུ་གསུམ་པར་ཤིང་གི་ཚོང་ར་དེ་བས་རྒྱ་ཆེ་བ་ཡོད། ས་གནས་དེ་གའི་གྲོགས་པོས་བོད་ལྗོངས་དུ་བཙུགས་པའི་རླུང་རྟ་ལས་བརྒྱ་ཆ་90ནི་ཕུ་གསུམ་པར་ཤིང་གིས་པར་བཏབ་པ་ཞིག་ཡིན་པ་བཤད་བྱུང་།  ང་ཚོ་འགྲོ་སའི་ཟླ་བའི་ཁྱིམ་ནི་ཆེད་མངགས་པར་ཤིང་བཟོ་མཁན་གྱི་ཁྱིམ་ཚང་ཞིག་རེད། ཟླ་བའི་པ་ཕ་ནི་པར་ཤིང་བརྐོ་མཁན་རྒན་གྲས་ཞིག་རེད། འོན་ཀྱང་མི་རིང་བའི་གོང་དུ་གྲོངས་ཚར་བ་རེད། ཁོང་གིས་ལག་རྩལ་དེ་ཟླ་བར་བསླབ་པ་དང་། ལྷ་ས་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱིས་ལོ་བཅོ་ལྔ་ཡི་གོང་དུ་ཟླ་བ་དང་ཤང་ཡོངས་ཀྱི་ལག་རྩལ་པ་གཞན་རྣམས་ལ་《བཀའ་འགྱུར་》གྱི་པར་ཤིང་བརྐོ་རྒྱུའི་མངགས་བཅོལ་བྱས་པས། ད་ཆ་ཡང་ཟླ་བ་ལས་གྲྭ་ཆེན་པོ་དེའི་དོན་དུ་ཉིན་ལྟར་བྲེལ་བས་ཁེངས་ནས་སྡོད་ཀྱི་ཡོད་པ་དང་། ཁོ་པའི་ཁང་པའི་ནང་དུ་གྱང་གི་མཐོ་ཚད་དང་འདྲ་བའི་པར་ཤིང་བརྩིགས་ནས་བཞག་ཡོད།

9.jpg

   ཐོན་མི་སམ་བྷོ་ཌའི་ཕ་ཡུལ་དུ་མཐོང་བའི་མཛེས་ལྗོངས་དང་། ཐོས་པའི་ངོ་མཚར་གྱི་གཏམ་རྒྱུད་རྣམས་ཀྱིས་འདིར་ངོ་མཚར་གྱིས་ཁེངས་པར་བྱས་ཡོད་པ་དང་།དེ་དག་དཀར་གཙང་གི་བོད་ཤོག་སྟེང་དུ་བྲིས་ཡོད་ལ། པར་ཤིང་གི་ཐོག་ཏུ་བརྐོས་ཡོད་ཅིང་། བོད་སྤོས་ཀྱི་དྲི་ཞིམ་ཁྲོད་དུ་ཁྱབ་ཡོད།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
spiv བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
46478005
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1