ཞི་ཅིན་ཕེན་གྱིས་ཧྥུན་ལན་གྱི་ཙུང་ཐུང་ཉིས་ཉིས་སི་ཐི་དང་གླེང་མོལ་མཛད་པ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 12 ཚེས 23 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» རྒྱལ་ནང་གསར་འགྱུར། »ཞི་ཅིན་ཕེན་གྱིས་ཧྥུན་ལན་གྱི་ཙུང་ཐུང་ཉིས་ཉིས་སི་ཐི་དང་གླེང་མོ
ཞི་ཅིན་ཕེན་གྱིས་ཧྥུན་ལན་གྱི་ཙུང་ཐུང་ཉིས་ཉིས་སི་ཐི་དང་གླེང་མོལ་མཛད་པ།
རྩོམ་སྒྲིག་པ།  ངེད་དྲ་བ། སྤེལ་དུས། 2013/4/8ལྟ་ཀློག (2287)རྩོམ་ཁུངས: པར་འདེབ།

000.jpg  
ཟླ་བཞི་བའི་ཚེས་དྲུག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཧེ་ནན་ཞིང་ཆེན་སན་ཡ་གྲོང་ཁྱེར་ནས་ཧྥུན་ལན་གྱི་ཙུང་ཐུང་ཉིས་ཉིས་སི་ཐི་དང་གླེང་མོལ་མཛད། གླེང་མོལ་གྱི་སྔོན་ལ། ཞི་ཅིན་ཕེན་གྱིས་ཙུང་ཐུང་ཉིས་ཉིས་སི་ཐི་ཀྲུང་གོར་འཚམས་འདྲི་ཡོང་བར་དགའ་བསུ་ཞུ་བའི་མཛད་སྒོར་བསྡུས།
འདི་ནི་ཞི་ཅིན་ཕེན་དང་ལྕམ་མོ་ཕིན་ལིས་ཡོན་གྱིས་ཉིས་ཉིས་སི་ཐི་དང་ལྕམ་མོ་གཉིས་ལ་བསུ་བ་བྱེད་པའི་ཚུལ་རེད།
 

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཟླ་བཞི་བའི་ཚེས་དྲུག་ཉིན། ཧེ་ནན་ཞིང་ཆེན་སན་ཡ་གྲོང་ཁྱེར་ནས་ཧྥུན་ལན་གྱི་ཙུང་ཐུང་ཉིས་ཉིས་སི་ཐི་དང་གླེང་མོལ་མཛད། ཕྱོགས་གཉིས་ཀས་ཀྲུང་གོ་དང་ཧྥུན་ལན་བར་གྱི་འབྲེལ་བ་དང་། ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བ། ཐུན་མོང་གིས་སེམས་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་འགངས་ཆེན་ཐད་ནས་དགོངས་འཆར་བརྗེ་རེས་མཛད་དེ། ལྟ་བ་གཅིག་མཐུན་བྱུང་། རྒྱལ་ཁབ་གཉིས་ཀའི་མགོ་གཙོས་མཉམ་དུ་ཀྲུང་གོ་དང་ཧྥུན་ལན་བར་གྱི་འབྲེལ་བ་དེ་འབྱུང་འགྱུར་ལ་ཁ་ཕྱོགས་པའི་རྣམ་པ་གསར་བའི་མཉམ་ལས་གྲོགས་པོའི་འབྲེལ་བར་ཇེ་མཐོར་གཏོང་རྒྱུ་ཡིན་པ་ཁྱབ་སྒྲོག་བྱས།
ཞི་ཅིན་ཕེན་གྱིས་ཀྲུང་གོ་དང་ཧྥུན་ལན་རྒྱལ་ཁབ་བར་འབྲེལ་བ་བཙུགས་ཏེ་ལོ་དྲུག་ཅུ་ལྷག་འཁོར་བའི་རིང་ལ། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཇི་འདྲ་བྱུང་ཡང་། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་དུས་རྟག་ཏུ་བརྟན་པོའི་ངང་འཕེལ་རྒྱས་བྱུང་། ཀྲུང་གོ་ཕྱོགས་ཀྱིས་ཧྥུན་ལན་ཕྱོགས་དང་ལྷན་དུ། འབྱུང་འགྱུར་ལ་ཁ་ཕྱོགས་པའི་རྣམ་པ་གསར་བའི་མཉམ་ལས་གྲོགས་པོའི་འབྲེལ་བ་འཛུགས་པར་བརྩོན་ལེན་དང་། གཙོ་བོར་དངུལ་གཏོང་དང་གསར་སྐྲུན། ཁོར་ཡུག་སྲུང་སྐྱོབ། མཁར་གྲོང་ཅན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཇེ་ཟབ་ཏུ་གཏོང་འདོད་ཡོད་ཅེས་བསྟན།

ལོ་ཙཱ་བ། ཀླུ་འབུམ་བྱམས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
wtl0 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
46477981
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1