རྒྱལ་ཁབ་དྲུག་གིས་ཚེས་ལྔ་ཉིན་དབྱི་ལིང་བར་གྲོས་མོལ་བྱས་ཏེ། དབྱི་ལིང་གི་ཉིང་རྡུལ་ནུས་པ་ཚོད་འཛིན་བྱེད་པའི་ཐད་ནས་གྲུབ་འབྲས་ཐོབ་པར་རེ་བ་ཆེན་པོ་བཅངས་ཡོད།
སྐོར་ཐེངས་སྔོན་མའི་གྲོས་མོལ་ནི་ད་ལོའི་ཟླ་གཉིས་པར་ཨ་ལཱ་མུའུ་ཐུའུ་ནས་བསྡུས་པ་དང་། ཐེངས་དེའི་གྲོས་མོལ་མཇུག་སྒྲིལ་ལ་ཉེ་སྐབས་ཕྱོགས་གཉིས་ཀྱིས་བྱེད་ཐབས་རེ་འགའ་སྤྱད་དེ་འགལ་བ་གཙོ་བོ་མཐུན་པར་བྱེད་རྒྱུའི་གྲོས་གཞི་བཏོན།
ཨ་མེ་རི་ཁ་དང་ཨུ་རུ་སི། ཀྲུང་གོ། དབྱིན་ཇི། ཧྥ་རན་སི། འཇར་མན་བཅས་ཀྱིས་སྐོར་ཐེངས་འདིའི་གྲོས་མོལ་ལ་གྲུབ་འབྲས་ངེས་ཅན་ཐོབ་པ་དང་། དབྱི་ལིང་གི་ཉིང་རྡུལ་ནུས་པའི་འཆར་གཞིར་ཚོད་འཛིན་བྱས་ཏེ་དབྱི་ལིང་གིས་ཉིང་རྡུལ་ནུས་པའི་མཚོན་ཆ་བཟོ་བའི་ནུར་པ་ཇེ་ཆུང་དུ་གཏོང་བར་རེ་བས་ཁེངས་ཡོད།
དབྱི་ལིང་གིས་ཉིང་རྡུལ་ནུས་པའི་འཆར་གཞི་མཚམས་འཇོག་ཏུ་འཇུག་པའི་ཆེད་བཙན་གྱིས་ལག་བསྟར་བྱས་པའི་བཀག་སྡོམ་བྱེད་ཐབས་མེད་པར་གཏོང་བར་རེ་བ་བྱེད་བཞིན་ཡོད། ཉིང་རྡུལ་འདུས་སྣུམ་དེ་ཉིང་རྡུལ་ནུས་པ་འཕེལ་རྒྱས་སུ་གཏོང་བར་བཀོལ་ཆོག་པར་མ་ཟད། ཉིང་རྡུལ་ནུས་པའི་མཚོན་ཆ་ལས་པར་ཡང་བཀོལ་ཆོག་པ་རེད། དབྱི་ལིང་གིས་ཉིང་རྡུལ་ནུས་པའི་མཚོན་ཆ་ལས་འདོད་ཡོད་པ་ཁས་ལེན་མ་བྱས།
ལོ་ཙཱ་བ། བསོད་ནམས་ཚེ་རིང་།
|