སློབ་གསོའི་མཚན་ཉིད་དང་ངོས་འཛིན་སྐོར་གླེང་བ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 12 ཚེས 23 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» སློབ་གསོ།» སྐད་ཡིག་དང་སློབ་གསོ། »སློབ་གསོའི་མཚན་ཉིད་དང་ངོས་འཛིན་སྐོར་གླེང་བ།
སློབ་གསོའི་མཚན་ཉིད་དང་ངོས་འཛིན་སྐོར་གླེང་བ།
རྩོམ་སྒྲིག་པ།  ངེད་དྲ་བ། སྤེལ་དུས། 2013/4/12ལྟ་ཀློག (11068)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

འཇམ་ཡི་དམ་རྒྱལ།

  སློབ་གསོ་ནི་མིའི་རིགས་སྤྱི་ཚོགས་ཀྱི་འཕེལ་རིམ་ནང་དུ་མེད་དུ་མི་རུང་བའི་བྱང་སེམས་དང་ཤེས་རིག་འཕེལ་བའི་ཐབས་ལམ་ཉག་གཅིག་དང་འཇིག་རྟེན་ལ་ཕན་ཡོན་དང་བདེ་སྐྱིད་སྐྲུན་པའི་རྩ་བའི་ཆ་རྐྱེན་དུ་ངེས་ཕྱིར།མི་རིགས་གང་ཞིག་དང་རྒྱལ་ཁབ་གང་ཞིག་གི་དངོས་པོའི་འཕེལ་རྒྱས།བསམ་བློའི་ཆུ་ཚད་སློབ་གསོར་ཁ་བྲལ་མི་རུང་ཞིང་།མི་ཚེའི་ལྟ་ཚུལ་དང་འཇིག་རྟེན་ལྟ་ཚུལ་སོགས་ཀྱང་སློབ་གསོ་དང་བྲལ་མི་རུང་བ་ཉ་ལ་ཆུ་ཡི་དཔེ་ལྟར་མཐོང་སྲིད།སྤྱི་ཚོགས་འཕེལ་རིམ་ཁྲོད་སློབ་གསོ་ཞེས་པའི་ཐ་སྙད་འདིའི་འཇུག་གཞིའི་ནང་དོན་ལ་འགྲེལ་རྒྱག་སྟངས་མི་འདྲ་བའི་དབང་གིས་སློབ་གསོར་བཞག་པའི་མཚན་ཉིད་དང་ངོས་འཛིན་ཀྱང་སོ་སོ་ཡིན་ནོ།།

     དེ་བས་སློབ་གསོ་ནི་“དམིགས་ཡུལ་ངེས་ཅན་ཞིག་གི་དགོས་མཁོ་དང་མཐུན་པར་སློབ་གསོ་བྱ་ཡུལ་གྱི་ཀུན་སྤྱོད་དང་།ཤེས་རིག་གཟུགས་པོ་བཅས་ཀྱི་ཐད་ཡར་རྒྱས་འགྲོ་ཐུབ་ངེས་ཀྱི་འཆར་གཞི་ཡོད་པའི་འགུལ་སྤྱོད་ཅིག”་དང་།དོན་དམ་ཐོག་སློབ་གསོ་ཞེས་པ་འདིར་ཞིབ་ཏུ་བསམ་གཞིགས་ཤིག་བགྱི་ན།ལོ་རྒྱུས་ཀྱི་དུས་རིམ་སོ་སོའི་ནང་དུ་བྱོན་པའི་རྒྱལ་ཁབ་ཁག་གི་མཁས་པའམ་གྲུབ་མཐའ་སྨྲ་བ་ཚོར་རང་རང་གི་མཚན་ཉིད་འཛིན་སྟངས་དང་།སྡོམ་ཚིག་འགོད་སྟངས་རེ་ཡོད་དེ།རྩོད་སྒྲུབ་དངོས་གཙོ་རིང་ལུགས་སྨྲ་བ་མར་ཁི་སིས་སློབ་གསོ་ནི་“རང་ཉིད་ཀྱི་གསར་གཏོད་བྱས་པའི་རང་དབང་གི་འཕེལ་རྒྱས་ཤིག་ཡིན”པར་སྨྲ་བ་དང་།ཉེ་རབས་ཀྱི་དམངས་གཙོ་གསར་བརྗེ་བ་དང་།སློབ་གསོ་བ་གྲགས་ཅན་སྐུ་ཞབས་ཚའུ་ཡོན་ཕྰའེ་ལགས་ཀྱིས་སློབ་གསོ་ནི་སློབ་གསོ་མྱོང་མཁན་གྱི་མི་གང་དེར་དངོས་ཤུགས་གང་རུང་ནས་རོགས་རམ་བྱས་ཏེ་དེའི་ནུས་པ་མཐོར་འདེགས་དང་།མི་གཤིས་ཇེ་ལེགས་སུ་བཏང་ནས་མིའི་རིགས་ཀྱི་རིག་གནས་ཐད་དུ་འགན་འཁྲི་དང་ལེན་བྱེད་པ་ལས།སློབ་གསོ་མྱོང་མཁན་གྱི་མི་དེ་རྣམ་པ་གཞན་ཞིག་ཏུ་མི་བསྒྱུར་བར་བྱེད་པ་དེ་ཡིན་ཞེས་གསུངས་ཡོད་ལ།ཀྲུང་གོའི་རླབས་ཆེན་གྱི་མི་དམངས་སློབ་གསོ་བ་ཐའོ་ཞིན་གྲིའུ་བྱ་བས་ཀྱང་སློབ་གསོ་ནི་འཚོ་བ་དང་།འཚོ་བའི་ཆེད་དུ་འཚོ་བའི་སློབ་གསོ་བྱེད་པར་བགྱི་ནས།མི་གཞི་གང་དེར་འགུལ་སྐྱོད་ཀྱི་ནུས་པ་དང་།བསམ་གཞིགས་ཀྱི་ནུས་པ།གསར་གཏོད་ཀྱི་ནུས་པ་ཡོད་པ་ཞིག་ཏུ་སྐྱེད་སྲིང་བྱེད་རྒྱུ་དེ་ཡིན་པ་སོགས་མང་དུ་བསྙད་ནས།སློབ་གསོར་ཕྱོགས་མང་ནས་འགྲེལ་བརྗོད་མོད་པོ་སྤེལ་ཡོད་དོ།།

     སློབ་གསོའི་བྱ་བ་གཉེར་བའི་མི་སྣ་ཅིག་ལ་མཚོན་ན། སློབ་གསོའི་གནད་དོན་དེ་གང་ཡིན་པ་དང་།སློབ་གསོའི་ངོ་བོ་ནི་ཇི་འདྲ་ཞིག་གི་སྟེང་ནས་ངོས་འཛིན་གནང་དགོས་པ། རང་གི་ལས་གནས་དང་ནུས་པ་གང་ལྟར་འདོན་སྤེལ་བྱེད་པ། སློབ་གསོའི་ཁ་ཕྱོགས་ལེགས་པའི་ཆ་གང་ཞིག་ལ་གཏོད་དགོས་པ་བཅས་ནི་ཤིན་ཏུ་ནས་གལ་ཆེ་བ་ཞིག་ཡིན་ལ།འོན་ཀྱང་དེ་ལས་ལྡོག་སྟེ་ཉིན་རྒྱུན་སློབ་གསོ་ཞེས་པའི་ཐ་སྙད་གཉིས་བཟློས་བརྗོད་ཀྱི་འགྲམ་རུས་ཟད་ཟད་དུ་བརྩོན་ཀྱང་ལག་ལེན་དུ་མ་བསྟར་ན། ཉི་མར་ལྡེ་བའི་རྒན་པོའི་ལབ་གླེང་གི་རྗེས་འཇུག་ལས་མ་འདས་སོ།།  རྒྱུ་མཚན་ནི་རྟོག་དཔྱོད་ཀྱི་ནུས་པ་བརྟེན་ནས་རང་འགུལ་གྱི་ཀུན་སློང་ཞིག་མེད་པས་ན་དངོས་ཡོད་ཀྱི་སྤྱི་ཚོགས་ཁྲོད་ནས་རིག་གསལ་གྱི་སློབ་གསོ་བ་རང་རྟོགས་ཅན་ཞིག་བྱེད་རྒྱུ་ནི་ཧ་ཅང་དཀའ་ངལ་ཆེ་བའི་གནས་ཤིག་རེད་སྙམ་མོ།།

             ༢༠༡༢།༥།༢༤ཉིན་འབའ་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་ནས་བྲིས་སོ།  །


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
vsky བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
46480079
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1