༢༠༡༣ལོའི་སྤྱི་ཟླ་༩་བའི་ཚེས་༡༣ཉིན་མཚོ་སྔོན་པོའི་མཚོ་སྙིང་དུ་གཏེར་གྱི་བུམ་བཟང་འབུམ་མཆོད་དང་མ་ཎི་སོགས་ལ་རབ་གནས་བྱེད་པའི་མཛད་སྒོ་བསྡུས།
གདན་ཞུའི་བླ་སྤྲུལ་དང་སྐུ་མགྲོན་གལ་ཆེན་ཁག་ནི་མཚོ་སྔོན་ཞིང་ཆེན་སྲིད་ཀྲོའུ་གཞོན་པ་༧ཨ་ལགས་རིན་ཆེན་རྣམ་རྒྱལ། དགོན་ལུང་བསྟན་བདག༧ ཐོའུ་བཀྭན་ཆོས་ཀྱི་ཉི་མ། རོང་བོ་བསྟན་བདག་༧ཤར་སྐལ་ལྡན་རྒྱ་མཚོ། ཐར་ཤུལ་ཁྲི་རྒན་རིན་པོ་ཆེ་༧དཀོན་མཆོག་ཆོས་རྒྱ་མཚོ། ༧མགར་སྤྲུལ་ཡོན་ཏན་རིན་ཆེན་སོགས་སྐྱེས་ཆེན་གསེར་རིའི་ཕྲེང་བ་ཚར་དུ་དངར་བས་བོད་ཁམས་བདེ་བའི་སྨོན་ལམ་གྱི་ཆོ་ག་སོགས་གཟབ་དགྱེས་ངང་སྤེལ།
འདི་ནི་མིག་སྔར་གཏེར་གྱི་བུམ་བཟང་འབུམ་མཆོད་ཀྱི་ཆོ་ག་ཆེ་ཤོས་སུ་གྱུར་ཡོད།
བླ་སྤྲུལ་རྣམས་ཀྱིས་གཏེར་བུམ་འབུལ་བཞིན་པ།
བླ་སྤྲུལ་རྣམས་ཀྱིས་ཕྱག་དབང་འཇོག་བཞིན་པ།
2013年青海湖献十万宝瓶暨海心山玛尼石开光盛典圆满成功
|