གནའ་བོའི་བོད་ཀྱི་ཐམ་ཀ
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 11 ཚེས 23 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» ལོ་རྒྱུས།» སྤྱི་ཚོགས་ལོ་རྒྱུས། »གནའ་བོའི་བོད་ཀྱི་ཐམ་ཀ
གནའ་བོའི་བོད་ཀྱི་ཐམ་ཀ
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2013/10/19ལྟ་ཀློག (41647)རྩོམ་ཁུངས: པར་འདེབ།

 

 

                                སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
                   
རྩོམ་པ་པོ་སམ་བན་ཆེ་ཁུ།
   
ཉེ་བའི་ཆར་ངས་ཆུ་ཚོད་འགའ་བཏང་སྟེ་དབྱིན་ཇིའི་འགྲེམ་སྟོན་ཁང་(British Museum) ནས་བོད་ཀྱི་རྒྱལ་ཁང་མི་རན་དང་མ་ཛར་བྲག་((Tibetan Forts of Miran and Mazar Tagh)ནས་ཐོན་པའི་དངོས་རྫས་འགའ་ལ་བལྟས་པ་ཡིན། རྒྱལ་ཁང་འདི་དག་ནི་ངས་དབྱིན་ཇིའི་དཔེ་མཛོད་ཁང་(British Library) ནས་ལས་ཀ་བྱེད་བཞིན་པའི་བོད་ཀྱི་གནའ་དཔེ་དེ་དག་གི་འབྱུང་ཁུངས་རེད། གནས་གཅིག་ནས་ཐོན་པའི་དེབ་ཡིན་པ་དང་དེབ་མིན་པ་གཉིས་སྡེ་ཚན་གཉིས་སུ་ཁག་ཁག་བགོས་ནས་སྒྲིག་འཛུགས་མི་འདྲ་གཉིས་སུ་བཞག་པའི་རྒྱུ་མཚན་ནི་༡༩༧༢ ལོའི་དབྱིན་ཇིའི་དཔེ་མཛོད་ཀྱི་ཁྲིམས་ཡིག་ལ་རག་ལས་པ་རེད། དབྱིན་ཇིའི་འགྲེམ་སྟོན་ཁང་དུ་འཕེལ་ཆེ་བའི་ཕྱོགས་བསྡུས་ཀྱི་དེབ་ཉར་ས་མེད་པས་དཔེ་ཆ་དངོས་པོ་གཞན་ལས་ལོགས་ཀར་འཇོག་པའི་ཐག་གཅོད་འདི་དོན་དངོས་དང་མཐུན་པ་ཞིག་རེད། འདི་ལ་བརྟེན་ནས་མི་རན་དང་མ་ཛར་བྲག་(Miran and Mazar Tagh) ནས་ཐོན་པའི་དངོས་རྫས་རྣམས་ཀྱང་། བྲིས་པའི་ཡི་གེ་འབྲི་བྱེད་སྨྱུ་གུ་ལས་ལོགས་སུ་བཀར་བ་དང་། ཕབ་པའི་ཐམ་རྟགས་ཐམ་ཀ་རང་ལས་ལོགས་སུ་བཀར་བ་རེད།
   
ཐམ་ཀ་འདི་དག་(ཁྱེད་ཀྱིས་གང་ཞིག་རེད་དམ་འདོད་ན། གོང་གི་པར་དུ་བཀོད་པ་དེ་རེད)དབྱིན་ཇིའི་འགྲེམ་སྟོན་ཁང་གི་དབུས་ཨེ་ཤེ་ཡའི་སྒྱུ་རྩལ་དངོས་རིགས་དག་གི་དཀར་ཆག་སྒྲིག་མཁན་ཁད་ཋི་རྰིན་ ཁོ་སཋ་ (Catrin Kost)ཡིས་ང་ལ་བལྟ་ཞིབ་ཅིག་བྱེད་དགོས་པར་སྐུལ་དུས་ཐེངས་དང་པོར་མཐོང་སོང་། ཐམ་ཀ་འདི་དག་(བསྡོམས་ན་གསུམ་ཡོད།) ཐོག་མར་ཨོ་རལ་སིཋན་(Aurel Stein)གྱིས་དབྱིན་ཇིའི་འགྲེམ་སྟོན་ཁང་དུ་འཁྱེར་ཡོང་དུས། ཁོང་གིས་དེ་དག་གི་ཐམ་རྟགས་པར་སློག་ཏུ་བཏབ་ནས་བྷར་ནེཋ་(L.D Barnett)ལ་ཀློག་ཏུ་བཅུག་འདུག ཕྱི་མ་དེའི་ཀློག་ངོས་ཟིན་པ་སྡུག་ཅག་དེ་འདྲ་མ་རེད། འོན་ཀྱང་། ཐམ་རྟགས་འདི་ཀློག་སྐབས་སུ་ཁོང་གིས་རང་ཉིད་ཀྱི་སེམས་ཀྱི་རྟོག་བཟོ་ཡང་རང་ཉིད་དང་ལྷན་དུ་འབྲོ་རུ་བཅུག་ནས་དབྱིན་ཇིིའི་མིང་ཨན་ཐོ་ནི་(Anthony)བོད་པའི་ཀློག་སྟངས་(འང་ཐོ་ནི)ལྟར་ཀློག་འདུག དོན་དངོས་སུ། བོད་ཡིག་འདི་དག་རྒྱ་མིང་(ཝང་ཐོ་ནི)ཡིན་པ་འདྲ་ཞིག་འདུག ཁྱེད་ཀྱིས་པར་འདི་ལས་མཐོང་ཐུབ་པ་ལྟར། མིང་དེ་གཡུང་དྲུང་ཞིག་གིས་མཇུག་བསྡུས་འདུག་པ་མ་ཟད། པདྨ་འདབ་གྲོལ་ཞིག་གི་སྟེང་དུ་བཀོད་འདུག ཐམ་ཀ་འདི་གསུམ་པོ་དུད་འགྲོའི་རྭ་ལས་བཟོས་ཤིང་། དཀྱིལ་མཚམས་སུ་ཨི་ཁུང་ཞིག་ཕུག་འདུག འདི་ནི་ཕལ་ཆེར་སྐུད་པའམ་འབྲེང་བའི་སྟེང་དུ་བསྐོན་ནས་ཡར་མར་འཁྱེར་ཐུབ་ཆེད་ཡིན་པ་འདྲ། པར་འདིའི་སྟེང་དུ་ཧ་ཅང་གསལ་བོ་ཡིན་ན་ཡང་། ངས་དུད་འགྲོ་གང་ཞིག་གི་རྭ་ཅོ་ཡིན་མིན་གཏན་འཁེལ་ཐུབ་པ་མི་འདུག འདི་དག་ཧ་ཅང་ཆུང་ཞིང་་རིང་ཚད་ལ་སོར་དྲུག་ཙམ་ཞིག་འདུག
   
ང་ཚོས་མི་རན་དང་མ་ཛར་བྲག ཏུན་ཧོང་བཅས་ནས་ཐོན་པའི་ཡིག་ཆ་གང་མང་ནས་འདི་ལྟ་བུ་སྒོར་དབྱིབས་ཅན་གྱི་ཐམ་ཀའི་རྟགས་བཀོད་པ་མང་པོ་རྙེད་སོང་། སྒོར་དབྱིབས་ཅན་གྱི་ཐམ་ཀ་རྣམས་ནི། རྒྱ་ཆེ་ལ། བརྗིད་ཉམས་ཅན། དབྱིབས་གྲུ་བཞི་ཡིན་པའི་ཐམ་ཀ་གཞུང་འབྲེལ་དཔོན་རིགས་ཀྱིས་སྤྱད་པ་དེ་དག་དང་མི་མཚུངས་པར། མི་སྒེར་གྱིས་སྤྱད་པ་རེད། སྒེར་གྱི་ཐམ་ཀ་འདི་དག་གིས་ཁྲིམས་མཐུན་གྱི་ཡིག་ཆ། དཔེར་ན་གན་རྒྱ་དང་བྱུང་འཛིན་སོགས་ཀྱི་སྟེང་དུ་སྒེར་གྱི་མཚན་རྟགས་ལྟ་བུའི་ལས་ཀ་བྱེད་ཀྱི་ཡོད། གཤམ་གྱི་པར་འདི་ནི་གྲོ་གཡར་བའི་བུ་ལོན་གཙང་འཇལ་གྱི་བྱུང་འཛིན་ཞིག་རེད། འདིའི་སྟེང་དུ་ཕར་སྤྲོད་ཚུར་ལེན་གྱི་སྐབས་སུ་མི་གསུམ་མཉམ་ཞུགས་བྱས་པའི་ཐམ་རྟགས་བཀོད་འདུག
   
འདི་དག་ནི་བོད་ཀྱི་རྒྱལ་མཁར་ནས་རྙེད་པ་ཡིན་སྟབས། ཐམ་ཀ་འདི་དག་དུས་རབས་དགུ་བའི་སྟོད་དུ་བྱུང་ཡོད་ངེས་རེད། དེ་བས། ད་ལྟའི་ཆར་བོད་ཀྱི་ཆེས་སྔ་བའི་ཐམ་ཀའི་དཔེ་མཚོན་རེད། ང་རང་གི་ཤེས་ཚོད་ལྟར་ན། ཕྱིས་སུ་བྱུང་བའི་ཐམ་ཀ་དག་ནི་རྒྱ་ནག་གི་འགྲེམ་སྟོན་ཞིག་ནས་སྒྲོན་པར་པའི་འདིའི་སྟེང་དུ་ཡོད་པ་ལྟར་ལྕགས་རིགས་ལས་བཟོས་འདུག(འོན་ཀྱང་། ཐམ་ཀ་གང་མང་གི་དཀྱིལ་དབུས་སུ་ཨི་ཁུང་ཡོད་པ་དང། གཅིག་ལ་འབྲེང་བ་རྒྱུས་ཡོད་པ་མཐོང་ཐུབ།)
དེ་བས། ངས་ཐམ་ཀ་འདི་གསུམ་ཀྱི་སྟེང་དུ་ཡོད་པའི་མིང་ཀློག་པར་རྩོལ་བ་ཞིག་བྱས་ནས་མཇུག་བསྡུ་བར་བྱ།
 
MAS.606 (པར་དང་པོ་དེ།) འདི་ནི་ཝང་ཏོ་ནི་ཡིན་པ་འདྲ། རྒྱའི་རུས་མིང་ཞིག་ཏུ་གཏན་འཁེལ་བར་འདུག་ལ། ཕལ་ཆེར་རྒྱ་མི་ཞིག་གི་རང་མིང་ཡང་ཡིན་པ་འདྲ།
 
MAS.607 (གོང་གི་པར་འདི།) ང་ཚོ་ལ་ཡོད་པ་ནི་གཡུང་དྲུང་གིས་ཆ་ཤས་བཞི་རུ་བགོས་པའི་ཐམ་ཀའི་ཐོག་ཏུ་བོད་ཀྱི་ཚོ་བའི་རུས་གཉོས་ཞེས་པའི་རྗེས་སུ་ལྷ་ལ་བརྩན་བརྐོས་ཡོད་པ་དེ་རེད། གལ་ཏེ་མི་ཆེ་གེ་མོ་ཞིག་གིས་མིག་དང་ལག་པ་འགུལ་འདོད་ཚེ། ངས་བརྩན་ཞེས་པ་ཏན་ཏན་རེད་འདོད་ན་ཡང་། ལྷ་ལ་ཞེས་པ་འདི་ཏན་ཏན་ཞིག་རེད་མི་འདུག་འདོད། བྷར་ནེཋ་(Barnett)ཡིས་ཁལ་ཡིན་པར་ངོས་བཟུང་འདུག
 
MAS.608 (གོང་གི་པར་འདི།) ཐམ་ཀ་འདི་ལ་ཆག་སྐྱོན་ཅུང་ཤོར་འདུག་མོད། འོན་ཀྱང་ཁྱོད་ཀྱིས་རྒྱལ་སྤྱིའི་ཏུན་ཧོང་ལས་འཆར་གྱི་དྲ་བའི་སྦྲེལ་ཐག་འདི་ལ་བསྣུན་ཚེ། སི་ཋན་(Stein) གྱིས་ཐམ་རྟགས་པར་དུ་བཏབ་པ་དེ་མཐོང་ཐུབ། ངས་མཐོང་བའི་མིང་འདི་ནི་འོ་ནམ་གཉན་ལྷ་ཞེས་པ་སྟེ། ང་ཚོས་མི་རན་ཡིག་ཆ་ཁག་ཏུ་མཐོང་བ་དང་། བོད་ཀྱི་རྒྱལ་པོའི་དུས་སྐབས་ཤིག་གི་སྤྱོད་ཆེ་བའི་ཚོ་བའི་མིང་འོ་ནལ་ཞེས་པ་དེ་རེད། འདི་ནི་ཐམ་ཀ་དང་པོ་དེ་དང་མཚུངས་པར། མིང་གི་མཇུག་ཏུ་གཡུང་དྲུང་ལྡན་ཞིང་པདྨའི་སྟེང་དུ་བཀོད་འདུག
              
སྐར་ཁུང་དྲ་བ་ལས་བརྒྱུད་འགོད་བྱས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
96xc བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
46026905
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1