སྒྲེ་སྒྲེ། རིན་མེད་ལབ་གླེང་དང་ཡིག་འཕྲིན།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 4 ཚེས 29 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» བསྒྱུར་རྩོམ། »སྒྲེ་སྒྲེ། རིན་མེད་ལབ་གླེང་དང་ཡིག་འཕྲིན།
སྒྲེ་སྒྲེ། རིན་མེད་ལབ་གླེང་དང་ཡིག་འཕྲིན།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2014/5/26ལྟ་ཀློག (3451)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

པཎ་ཆེན་རྒྱལ་གྱིས་སྒྱུར་སྒྲིག་བྱས།

         DiDi- Free Calls & Texts ༼ སྒྲེ་སྒྲེ། རིན་མེད་ལབ་གླེང་དང་ཡིག་འཕྲིན།༽ རྩིས་འབྲེལ་སྤྱི་ཚོགས་ (Digisocial) ཟེར་བའི་ཚོགས་པ་ཞིག་གིས་སྒྲེ་སྒྲེ་(DiDi)ཟེར་བའི་དྲ་མོལwebchat མཉེན་ཆས་འདི་གསར་བཟོ་བྱས་པ་ཡིན་ལ།  འདི་ནི་ད་ལྟ་རྒྱལ་ཁབ་ཉེར་ལྔ་ལྷག་ལ་ཁྱབ་ཡོད་པ་མ་ཟད། ༼རྒྱལ་ཁབ་སོ་སོའི་མིང་ནི་གཤམ་གསལ་ན་ཡོད་པ་དེ་ཡིན།༽ (Norwegian, Catalan, Croatian, Czech, Danish, Dutch, Finnish, Greek, Hebrew, Hungarian, Indonesian,Italian, Japanese, Korean, Malay, Polish, Portuguese, Romanian, Russian, Slovak, Swedish, Thai, Turkish, Ukrainian and Vietnamese )བཀོལ་སྤྱོད་ཀྱི་རིན་ཐང་ལ་དགའ་བསུ་ཐོབ་བཞིན་འདུག   མཉེན་ཆས་འདི་ཀུ་ཤུའི་མ་ལག(iPhone) དང་འེན་ཌྷོའོ་མ་ལག(Android) དྲ་རྒྱ་སོགས་ནས་བཀོལ་ཐུབ།  (Web) དེ་ལ་མཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡོད་པ་ནི།   སྐད་སྒྲ་ཧ་ཅང་གསལ་བ།   སྐད་སྐུར་མྱུར་ལ་བདེ་འཇགས་ཀྱི་རིམ་པ་256-bit ཡིན་པ།  ད་དུང་འཛད་སྤྱོད་པ་རེ་རེར་10TB ཡི་ཉར་ཚགས་ཀྱི་བར་སྟོང་ཡོད་པ་ཡིན།   ལྷག་པར་དུ་སྐད་བསྐུར་ཐེངས་གཅིག་ལ་དུས་ཡུན་རིང་བོར་བཤད་ཐུབ་པ་མ་ཟད།   ཚོགས་མི་ལ་ཚོད་འཛིན་མེད་པའི་ཚོམས་འཛུགས་ཐུབ་པ་སོགས་ཀྱི་ཁྱད་ཆོས་འདུག   ད་དུང་གསར་གཏོད་ཀྱི་རྣམ་པ་ཞིག་ལྡན་པ་ནི།  སྒྲ་ལྡན་པར་རིས(voice photos) སྤེལ་ཐུབ། སྒྲ་ལྡན་པར་རིས་ཟེར་བ་ནི་པར་རིས་དང་སྐད་དང་བསྡོངས་ནས་འཇོག་ཐུབ་པ་ཞིག་ལ་ཟེར་ཡིན། མདོར་ན་དྲ་ལམ་བརྒྱུད་ནས་ལབ་གླེང་གི་རིགས་ཡོངས་སུ་བཀོལ་ཐུབ་པ་ཞིག་ཡིན་ནོ། །


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 2 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
qngu བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན:  སྤེལ་དུས:2014/5/27
༄།རྒྱལ་ཁབ་ཕྱི་ནང་གང་སར་བཞུགས་པའི་བོད་རིགས་སྤུན་ཟླ་ཡོངས་ལ་ཞུ་རྒྱུར། ཉེ་ཆར་གསར་དུ་ཐོན་པའི་སྐད་འཕྲིན་དང་ཆ་འདྲ་བའི་མཉེན་ཆས་གསར་པ་དབྱིན་སྐད་དུ DiDi ཞེས་པ་འདི་ལ་བོད་མི་ཡོངས་ཀྱིས་དྷི་འཕྲིན་ཞེས་འབོད་རོགས་ཞེས་འབོད་སྐུལ་ཞུ། དྷི་ཞེས་པ་དབྱིན་ཡིག་གི Di དང་། བོད་རང་གི་སྐད་ཐོག་ནས་དྷི་ཞེས་པ་འཇམ་དཔལ་དབྱངས་ཀྱི་མཚན་སྔགས་ཀྱང་ཡིན། འཕྲིན་ཞེས་པ་ནི་སྐད་འཕྲིན་དང་འདྲ་བར་སྐད་ཀྱི་འཕྲིན་པ་སྐུར་ས་ཞིག་ཡིན་པས་སོ།། འཕྲིན་ཡོང་ན་སྒྲ་ཞིག་གྲགས་པ་དེར་DiDi འདི་བཏགས་པ་རེད་ཟེར། སྒྲ་དེར་ཉན་ན་ཕལ་ཆེར་དྷཱི་དྷཱི་དང་མཚུངས་ལ་ཇི་མ་ཇི་བཞིན་པ་ཞིག་གང་ལ་ཡང་ཡོང་དཀའ་བས་སོ།། དེས་ན་དྷཱི་འཕྲིན་བཏགས་ན་བཟང་ཆ་མང་སྙམ་མོ།། བོད་མི་བརྒྱ་ཆ་དགུ་བཅུ་ལྷག་གི་ཁ་ལ་གོམས་ཟིན་པའི་དྷཱི་ཡིག་བཟང་བ་ལས། གོ་རྒྱུ་ཚོར་རྒྱུ་ཅི་ཡང་མེད་པའི་སྒྲི་ཞེས་ཁ་ལ་ཡང་མི་བདེ་བ་ཞིག་གསར་བ་ཡིན་ཁུལ་གྱིས་ཨུ་ཚུགས་མ་བྱེད་རོགས།
 སྤེལ་མཁན:  སྤེལ་དུས:2014/5/26
དེང་སྐབས་ང་རང་ཉིད་ཐེ་བའི་དྲ་གྲོགས་མང་པོ་ཞིག་གིས་ཆ་འཕྲིན་གསར་བ་དབྱིན་སྐད་དུ་སྒྲི་སྒྲི་DIDI ཟེར་བ་དང་བོད་སྐད་དུ་རླབས་འཕྲིན་ཟེར་བ་འདི་ཕབ་ལེན་བྱས་ཏེ་ཁ་བྱང་བཟོ་བཞིན་པའི་སྒང་ཡིན་པས། འཕྲིན་ཕྲན་དང་རླབས་འཕྲིན་གཉིས་ཀྱི་མི་འདྲ་སའི་ཁྱད་པར་འགའ་གླེང་ན་བསམ་སོང་། འཕྲིན་ཕྲན་ལ་མེད་ཅིང་རླབས་འཕྲིན་ལ་ཡོད་པའི་དམིགས་བསལ་ཁྱད་ཆོས་ནི། གྲོགས་པོ་ཕན་ཚུན་བར་སྐད་སྐུར་དུས་སྐར་ཆ་དྲུག་ཅུ་ལས་རིང་བ་བཤད་ཐུབ་པ་དང་། པར་བསྐུར་ན་པར་འབྱོར་དུས་ཚུར་འཐེན་མི་དགོས་པ་དང་། བོད་ཡིག་བསྐུར་ན་ཚེག་བར་མ་ཡིན་སར་མི་གཅོད་པ་དང་། རྒྱབ་ངོས་ཀྱི་པར་འཇོག་སར་པར་དང་སྐད་མཉམ་དུ་འཇོག་ཐུབ་པ་དང་། ཡི་གེ་མང་པོ་འཇོག་ཐུབ་པ་དང་། མཆན་འདེབས་སར་སྐད་འཇོག་ཐུབ་པ། རང་རང་གིས་གནོན་ཉེས་བྱང་སྟེ་ཚོགས་པའམ་མི་སྒེར་ལ་པར་དང་ཡི་གེ་སོགས་སྐུར་ཉེས་བྱུང་ན་བསུབ་ཐུབ་པ་བཅས་རེད་འདུག།། ཞན་ཆ༽༽ འཕྲིན་ཕྲན་ལ་ཡོད་ཅིང་རླབས་འཕྲིན་ལ་མི་ཚང་བ་ནི། བརྙན་ཐུང་དང་གཞས། དེབ་སོགས་སྐུར་མི་ཐུབ་པ་དང་། རྒྱབ་ངོས་སུ་པར་ནར་མོ་སོགས་རིང་པོ་འཇོག་མི་ཐུབ་པ་དང་། ཚོགས་པ་བཟོས་ན་ཚོགས་པའི་ནང་ཚོགས་གཙོས་ཚོགས་མི་ཕྱིར་འཕུད་བྱེད་མི་ཐུབ་པ་བཅས་ཡིན་པས་རྣམ་པ་ཚོས་ལེགས་ཉེས་ལ་གཞིགས་ཏེ་ཕབ་ལེན་གནང་རོགས། མཉེན་ཆས་འདི་ཕེབ་ལེན་གནང་འདོད་ན། https://itunes.apple.com/us/app/didi-free-calls-free-texts/id691200877?mt=8 དྲྭ་ཐག་འདི་གནོན་ནས་ལེན་རོགས།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
48391226
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1