༼ ཚོ་ལྔའི་རྨུ་ཐག ༽་གི་རྩོམ་སྐུལ་བརྡ་ཐོ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 4 ཚེས 30 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» དེབ་གསར་འོས་སྦྱོར། »༼ ཚོ་ལྔའི་རྨུ་ཐག ༽་གི་རྩོམ་སྐུལ་བརྡ་ཐོ།
༼ ཚོ་ལྔའི་རྨུ་ཐག ༽་གི་རྩོམ་སྐུལ་བརྡ་ཐོ།
རྩོམ་སྒྲིག་པ།  ཁྰ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2014/8/9ལྟ་ཀློག (2852)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


    རང་རིགས་ཀྱི་རིག་གནས་ལ་དུངས་ཤ་ཆེ་ལ་མི་རིགས་ཀྱི་འཕེལ་རྒྱས་ལ་སེམས་ཁུར་གནང་བཞིན་པའི་སྙིང་ཉེ་བའི་བོད་པའི་སྨྱུག་ཐོགས་པ་རྣམ་པ་ལགས། ངེད་ཅག་རྩོམ་མོས་པ་སྐོར་ཞིག་གིས་མི་འགྱངས་པར་༼ཚོ་ལྔའི་རྨུ་ཐག༽ཅེས་པའི་ལོ་དེབ་ཞིག་པར་བསྐྲུན་བྱ་འཆར་ཡོད་པས། ལས་དང་པོ་བའི་དེབ་ཁོང་རང་ཐུན་མོང་གིས་ཀློག་སྤྲོ་ཞིང་ཕན་ཐོགས་པ་ཞིག་ཡོང་ཆེད། རྣམ་དཔྱོད་ལ་ཚན་ཁ་ཆེ་ཞིང་སྙུ་གུའི་སྒྱུ་རྩལ་ལ་དབང་འབྱོར་བའི་རྒན་དར་གཞོན་གསུམ་གྱི་ཐུགས་ཀྱི་ཟབ་སར་རྩོམ་སྐུལ་བརྡ་ཐོ་འདི་དུས་ཀྱི་དྲ་བའི་སྒང་ནས་དངོས་སུ་བཏང་བ་དང་སྒེར་ལ་བཏང་བ་བཅས་ཐབས་འདྲ་མིན་ཅི་རིགས་བྱེད་པ་འདིས་རྩོམ་ཡིག་སློང་བར་རེ་འབྲས་ཡོད་པའི་སྨོན་འདུན་ཞུ་ཞུ།
      
ངེད་༼ཚོ་ལྔའི་རྨུ་ཐག༽ནི་སྣོད་བཅུད་ལེགས་ཉེས་ཀྱི་བྱ་བྱེད་ཡོད་ཚད་ཡི་གེའི་ལམ་ནས་སྟོན་རྒྱུ་མངོན་པར་ཕྱོགས་ཡོད་ཅིང་། སྒོས་སུ་ཆོལ་གསུམ་གྱི་སྙིང་གི་ཟླུམ་པོར་ཁྱབ་པའི་རིགས་རུས་ཀྱི་ཟུངས་ཁྲག་གཅིག་པ་འདི་ཉིད་ལ་ཁ་ཕྱོགས་ཡོད་པས་ཤེས་རབ་ཀྱི་མཐོང་རྒྱ་ཆེ་བའི་རྩོམ་པ་བོ་དག་གིས་སྤྱི་དང་བྱེ་བྲག་གི་ཚུལ་ལས་བརྩམས་པའི་ལྟ་ཚུལ་དང་བསམ་ཚུལ་སྣ་ཚོགས་ཐོས་རྒྱུ་ཡོད་པ་དང་། ཐོས་པའི་རྗེས་སུ་གང་ནས་དཔྱད་ཅིང་བསམ་རྒྱུ་དང་བསྒོམ་རྒྱུ་ཡོད་པ་ཞིག་ཏུ་བསྒྲུབ་འཆར་ཡོད།  
        
དེབ་འདིར་ནང་བསྟན་དང་ཚད་མ། ལོ་རྒྱུས། སྐད་ཡིག སྤྱི་ཚོགས། སྒྱུར་རྩོམ་བཅས་ས་བཅད་དྲུག་ཏུ་བགོས་ཡོད་ཅིང་། གཙོ་བོ་རྩོམ་ཡིག་གང་འབྱོར་དང་དོན་དངོས་ལ་བལྟས་ནས་འགྱུར་བ་གཏོང་རྩིས་ཡོད།   ས་བཅད་རེ་རེར་མཁོ་བའི་རྩོམ་ཡིག་གི་ཆ་རྐྱེན་ནི།
       
དང་པོ་ནང་བསྟནདུ་སྐྱེས་བུ་ཆེ་འབྲིང་ཆུང་གསུམ་གི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ལམ་གྱི་སྒོམ་བྱ་དང་སྤང་བླང་གི་སྐོར། སྐྱབས་འགྲོ་དང་སེམས་བཅོས་ཚུལ་སོགས་སྔོན་འགྲོའི་རྒྱུན་ཤེས་ཀྱི་སྐོར། བདག་གཞན་མཉམ་བརྗེ་དང་རྒྱུ་འབྲས་མན་ངན་བདུན་སོགས་ཐུན་མོང་མ་ཡིན་པ་དང་གཉིས་འདྲེས་ཀྱི་སྐོར་ཁ་བདེ་ཞིང་འཛིན་སླ་བ། གཞན་ཕྱག་སྐོར་བ་དང་ཚ་གསུར་སོགས་ཉེ་མཁོ་རིགས་ཀྱི་དགེ་ཚན་ཕན་ཡོན་དང་ཆོ་ག་ཕྱག་ལེན་སོགས་གོ་སླ་བའི་བརྩམས་ཆོས་ཀྱི་རིགས་ཡིན་ཆོག 
     
གཉིས་པ་ཚད་མའི་ལེ་ཚན་དུ་སློབ་དཔོན་ཕྱོགས་གླང་ཡབ་སྲས་ཀྱི་ཚད་མའི་དཀའ་གནད་ལས་འཕྲོས་པའི་བློ་རྟགས་བསྡུས་གྲྭ་གང་ཡིན་ན་ཆོག་པར་མ་ཟད། དབུ་ཕར་མཛོད་འདུལ་སོགས་གང་གི་བརྩམས་ཆོས་ཡིན་ན་ཆོག སྒོས་སུ་མུ་བཞི་དང་ཁྱབ་མཐའ། དགག་གཞི་བརྩི་ཚུལ་སོགས་རིགས་འཕྲུལ་གང་ཡོད། གཞན་དོན་བདུན་ཅུའི་མུ་བཞི་མཚོན་པའི་དགེ་འདུན་ཉི་ཤུའི་ཁྱབ་མཐའ་སོགས། དྲི་བ་དྲིས་ལན་གྱི་རིགས། གཞན་བསྟན་པའི་འཕེལ་འགྲིབ་དང་ད་ཡོད་ཀྱི་སྐོར་གང་ཡིན་ན་ཆོག་པར་བྱས་ཡོད། 
   
གསུམ་པ་ལོ་རྒྱུསསུ་བསྐྱར་འབྲི་དང་ཡང་འབྲི་བྱས་པ་མ་ཡིན་པར་དཔྱད་གཞི་གསར་བའི་སྲོག་རྩ་ཡོད་པ་དང་འདས་དོན་གྱི་སྣང་བརྙན་ཁ་གསལ་གོ་བདེ་ཡོད་པའི་ཁར་དེབ་ཐེར་དང་ཆོས་འབྱུང་ཕན་ཚུན་དཔྱད་བསྡུར། གནའ་རྫས་ཞིབ་འཇུག་དང་དུར་སའི་བཅའ་དངོས་སོགས་ལ་གོ་བསྡུར་བྱས་པའི་བྲིས་རྩོམ་གྱི་རིགས། སྒོས་སུ་སྨན་གྱི་ལྗོན་པ་ལྟ་བུའི་སྐྱེས་བུ་དམ་པ་རྣམས་ཀྱི་སྐུ་ཚེའི་བྱུང་བ་དང་མཛད་པ་འཕྲིན་ལས་ཀྱི་སྐོར་སོགས་ཡིན་ཆོག་གི་རེད།
   
བཞི་བ་སྐད་ཡིག་ཏུ་སྐད་ཡིག་གཅིག་གྱུར་དང་བཀོལ་སྤྱོད། དེ་བས་ཀྱང་སྟོད་སྨད་བར་གསུམ་ན་གནས་པའི་སྐད་ཡིག་གི་ངོ་བོ་དང་དངོས་ཡོད་ཀྱི་བརྡ་སྤྲོད་སྐོར་གྱི་བརྩམས་ཆོས་གང་ལེགས་བསྡུ་ཆོག་གིན་ཡིན།
   
ལྔ་བ་སྤྱི་ཚོགས་ནི་བྱེ་བྲག་གིས་མ་གྲུབ་པའི་ཚོགས་པ་ཞིག་ལར་ནས་མེད་ནའང་ཐུན་མོང་དང་ཁྱབ་ཆེ་བའི་སྟེང་ནས་ད་ཡོད་ཀྱི་འགྲོས་དང་མཐུན་པའི་ནང་དོན་དང་སྐད་ཆ་ཡིན་དགོས། དཔེར་ན། ལྟོ་གོས་གཏམ་གསུམ་ནས་དགའ་སྐྱོ་ཆགས་གསུམ་བཅས་ལ་ཐབས་ཇུས་ཀྱི་ཟིན་པ་དང་མ་ཟིན་པའི་སྐོར། སྒོས་སུ་གསར་རྙིང་དང་སྔ་གཞུག སྟེང་འོག་ཏུ་གནས་པ་འདི་ཚོ་ཇི་ལྟར་སྦྲེལ་བའི་ཐབས་དང་ཐབས་བྱུང་གི་བརྩམས་ཆོས་ཡིན་ཁར་བསམ་བློ་དཀྱེལ་ཡངས་ཀྱིས་ཟིན་དགོས། གཞན་ཡོངས་ལ་སྙོམས་པའི་རིན་ཐང་གི་ལྟ་བའི་སྐོར་ཡིན་ན་རབ།
  
དྲུག་པ་སྒྱུར་རྩོམདུ་ཕྱི་ཕྱོགས་ཀྱི་བསམ་བློ་གང་ལྟ་དང་ཅི་སྒོ་ཕྱེ་ཡང་རང་གི་ངོ་ཚ་ཁྲེལ་ཡོད། ཡ་རབས་གུས་སྲོལ་དང་འགལ་བའི་བརྩམས་ཆོས་བསྡུ་རྒྱུ་མིན། དེར་མ་ཟད་མ་རྩོམ་ཆོག་མཆན་ཐོབ་ཡོད་མེད་ཀྱི་སྐོར་འདི་གར་ཐོན་པ་ནས་བཟུང་ངེད་རྩོམ་སྒྲིག་པས་འགན་སྤུ་ཙམ་ཡང་མི་འཁུར།
       
གོང་གསལ་གྱི་ཆ་རྐྱེན་ཚང་བའི་རྩོམ་ཡིག་དང་དེ་མིན་འོས་ཤིང་འཚམས་པའི་བརྩམས་ཆོས་གང་ཡིན་ནའང་ཚིག་སྦྱོར་ཕུན་སུམ་ཚོགས་ཤིང་རྩོམ་ལུས་ལྷུག་མ་ཡིན་དགོས། 
      
རྩོམ་ཡིག་བསྡུ་བའི་དུས་ཡུན་ནི་༢༠༡༤ལོའི་སྤྱི་ཟླ་བརྒྱད་པ་ནས་བཅུ་གཅིག་པའི་ཚེ་མགོའི་བར་དུ་ངེད་རྩོམ་སྒྲིག་ཁང་དུ་འབྱོར་དགོས་ཅེས་ལག་ཟུང་ཐལ་མོས་གུས་འདུད་གྲངས་མེད་ཞུས་པ་དང་ཆབས་གཅིག་མ་རྩོམ་རང་གིས་ཉར་ཚགས་བྱེད་རོགས་ཅེས་དོ་དམ་པས།
    
རྩོམ་བསྐུར་ཡུལ་གྱི་ས་གནས།

མདོ་ལྷོ་ཁུལ་གཙོས་གྲོང་ཤར་ལམ་བཞི་བའི་མི་རིགས་རིག་གནས་ཕོ་བྲང་གི་མདུན་ཐད་སྒོ་རྟགས 321    

甘南合作市东四路民族科学官对面321
               
ཡིག་ཟམ། 1594730235qq.com
                                               
འཕྲིན་ཕྲན། yundan7676 


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
pmes བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
48413750
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1