ཤེས་བྱ་མཛོད་ཀྱི་གླེགས་བམ་འོས་སྦྱོར།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 4 ཚེས 30 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» དེབ་གསར་འོས་སྦྱོར། »ཤེས་བྱ་མཛོད་ཀྱི་གླེགས་བམ་འོས་སྦྱོར།
ཤེས་བྱ་མཛོད་ཀྱི་གླེགས་བམ་འོས་སྦྱོར།
རྩོམ་སྒྲིག་པ།  ཁྰ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2014/9/9ལྟ་ཀློག (3563)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

འདན་མའི་ལྷ་མདའ།

      དེ་རིང་རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་ཡིས་ཁྲིད་ལུང་གནང་བཞིན་པའི་ཤེས་བྱ་མཛོད་ཀྱི་གླེགས་བམ་འདི་ནི།   འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐས་ཡས་དགུང་གྲངས་ལྔ་བཅུར་ཕེབས་པའི་རབ་བྱུང་བཅུ་བཞི་པའི་ཆུ་ཕོ་ཁྱི་ལོའམ་སྤྱི་ལོ་༡༨༦༢ ལོར་ལི་ཐང་མཁན་པོ་ཀརྨ་མ་ངེས་དོན་ནས་སྡོམ་གསུམ་གྱི་བསྟན་བཅོས་ཤིག་མཛད་དགོས་པར་སྐུལ་མ་ཞུས་སྐབས།   ཉིད་ཀྱི་དགོངས་པར་བསྟན་བཅོས་ཤིག་བྲིས་ན་སྡོམ་གསུམ་ཙམ་མ་ཡིན་པར།   ཤེེས་བྱའི་རྣམ་བཞག་ཆ་ཚང་བ་ཞིག་ཡོད་ན་ཕན་ཐོགས་ཆེ་བར་གཟིགས་ནས་བསླབ་པ་གསུམ་གྱི་བསྟན་བཅོས་ཤེས་བྱ་ཀུན་ཁྱབ་ཅེས་པའི་རྩ་བ་མཛད།   དེ་ཉིད་འཇམ་དབྱངས་མཁྱེན་བརྩེའི་དབང་པོར་གཟིགས་འབུལ་སྐབས།   འདི་ནི་ངེས་པར་སྔ་མའི་བྱིན་རླབས་དང་།   མཁའ་འགྲོས་རྩ་སྒོ་ཕྱེས་པའི་སྟོབས་ལས་བྱུང་ཡིན་འདུག་པས།   མཛོད་ཆེན་ལྔ་ཡི་ཐོག་མར་ཤེས་བྱ་མཛོད་དུ་བཞག་ནས།    རང་འགྲེལ་ཞིག་དགོས་ཞེས་ལེགས་པའི་གནང་སྐྱེས་བསྩལ་པར་བརྟེན།   དགུང་གྲངས་ང་གཅིག་བཞེས་པ་སྤྱི་ལོ་༡༨༦༣ ལོར་སྤྱི་ཟླ་བདུན་པའི་ནང་འགྲེལ་པ་ཆ་ཚང་གྲུབ་པར་རྩོམ་གནང་བ་མཛད་དོ།
     གླེགས་བམ་འདིའི་བརྗོད་བྱ་གཙོ་བོ་ནི། གླེགས་བམ་དང་པོ་ལ། སྟོན་པ་སངས་རྒྱས་འཇིག་རྟེན་ལ་བྱོན་ཚུལ་དང་། བསྟན་པའི་དམ་ཆོས་དར་ཚུལ།  དེ་འཛིན་སྐྱེས་བུ་བྱོན་ཚུལ་སོགས་ཆོས་ཀྱི་འབྱུང་ཁུངས་སོགས་གཙོ་བོ་ལོ་རྒྱུས་ཁག་དང་། གླེགས་བམ་གཉིས་པ་ལ། སྡོམ་གསུམ་གྱི་བསླབ་བྱ་ཚུལ་ཁྲིམས་ཀྱི་རྣམ་གཞག་དང་།   ཐུན་མོང་གི་རིག་གནས་དང་རྒྱུ་མཚན་ཉིད་ཐེག་པ་དང་འབྲས་བུ་གསང་སྔགས་ཐེག་པའི་རྣམ་གཞག་སོགས་ཇི་ལྟ་ཇི་སྙེད་ཀྱི་ཤེས་བྱའི་གནས་ལ་ཐོས་པ་བྱེད་པའི་ཚུལ་གྱི་རྣམ་གཞག་དང་།  གླེགས་བམ་གསུམ་པ་ལ། དྲང་དོན་དང་ངེས་དོན་གྱི་རྣམ་གཞག། སྔགས་གསར་རྙིང་གི་ལམ་གྱི་རིམ་པ་རྣམ་གཞག་སོགས་སྟོན་པའི་གླེགས་ལབ་ཞིག་གོ།

གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
ig8m བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
48407378
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1