གྲྭ་བཙུན་ཀུན་སྤྱོད་ལེགས་བཅོས་སྐོར་གྱི་ཚོགས་འདུ་གལ་ཆེན།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 7 ཚེས 10 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» ཆོས་ལུགས།» དགོན་སྡེའི་གསར་འགྱུར། »གྲྭ་བཙུན་ཀུན་སྤྱོད་ལེགས་བཅོས་སྐོར་གྱི་ཚོགས་འདུ་གལ་ཆེན།
གྲྭ་བཙུན་ཀུན་སྤྱོད་ལེགས་བཅོས་སྐོར་གྱི་ཚོགས་འདུ་གལ་ཆེན།
རྩོམ་སྒྲིག་པ།  ཁྰ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2014/9/18ལྟ་ཀློག (46900)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

     2014.9.15ཉིན་མདོ་སྨད་ཁྲི་འདུ་ལྷ་ཡི་གྲོང་ཁྱེར་དུ་གངས་ལྗོངས་གྲུབ་མཐའ་ཁག་དྲུག་གི་མཁས་དབང་རྣམ་པས་གྲུབ་མཐའ་རིས་མེད་དང་།  གྲྭ་བཙུན་ཀུན་སྤྱོད་ལེགས་བཅོས་སྐོར་གྱི་ཚོགས་འདུ་གལ་ཆེན་བསྡུས་ཤིང་། གསེར་རྟའི་མཁན་ཆེན་ཚུལ་ཁྲིམས་བློ་གྲོས།   ས་སྐྱ་པ་རྫོང་སར་མཁན་ཆེན་ཕུན་ཚོགས་རྣམ་རྒྱལ།  དགེ་ལྡན་པ་ཀིརྟིའི་དགེ་བཤེས་བརྩོན་འགྲུས། བཀའ་བརྒྱུད་པ་དཔལ་སྤུངས་མཁན་ཆེན་དོན་གྲུབ་བཀྲ་ཤིས།   ཇོ་ནང་པ་དགེ་བཤེས་དངོས་གྲུབ་དཔལ། རྙིང་མ་པ་ཡ་ཆེན་སྤྲུལ་གསང་སྔགས་བསྟན་འཛིན།   བོན་པོ་བ་སྣང་ཞིག་སྐྱབས་མགོན་བཅས་ཚོགས་ཞུགས་མཛད་དེ་བཀའ་སློབ་མང་བོ་གནང་འདུག

ཚོགས་འདུ་འདིའི་དགོངས་དོན་གནད་བསྡུས་དང་གྲོས་འདེབས་ཀྱི་གྲོས་ཆོད་ཡི་གེ

གྲོས་ཆོད་དང་པོ།

        ནང་པ་སངས་རྒྱས་པའི་དགེ་འདུན་པ་སྤྱི་དང་། སྟོན་པ་དང་། ཆོས་ལ་ཡིག་ངག་གང་རུང་གི་ལམ་ནས་ངན་སྨད་དང་སྐུར་འདེབས་ཀྱི་ལས་རིགས་ལ་ཞུགས་ཚེ་སློབ་གསོ་གནང་རྒྱུ་སོགས་ཐབས་ལམ་འཇམ་པོས་བསྒྱུར་བཅོས་བྱེད་དུ་འཇུག་རྒྱུ་དང་། དེས་ཀྱང་བསྒྱུར་བཅོས་མ་བྱས་ན་དགེ་འདུན་པ་སྤྱིའི་སྒྲིག་འཛུགས་ཀྱི་ལམ་ནས་གནས་དབྱུང་གི་ལས་ལ་སྦྱར་རྒྱུ། གནས་ནས་བྱུང་ཟིན་པ་གྲུབ་མཐའ་དང་ཆོས་བརྒྱུད་ཁག་གཞན་གྱིས་ཡར་མི་བསྡུ་རྒྱུ།

གྲོས་ཆོད་གཉིས་པ།

        དགོན་པ་སོ་སོའི་ནང་བླ་སྤྲུལ་མཁན་གསུམ་དང་མཁའ་འགྲོ་སོགས་ཀྱི་ཐོབ་ཐང་ངོས་ལེན་མེད་པར་རྒྱ་ཡུལ་སོགས་སུ་རང་དགར་བླ་སྤྲུལ་མཁན་གསུམ་དང་མཁའ་འགྲོ་སོགས་ཀྱི་མཚན་སྙན་བེད་སྤྱོད་བྱས་ཏེ་གཞན་ལ་མགོ་བསྐོར་གཏོང་བར་སྔོན་འགོག་ཡོང་བར་གདན་ས་ཁག་དྲུག་དང་ཆོས་སྡེ་གཉིས་ཀྱིས་གཅིག་གྱུར་གྱི་དཔང་ཡིག་ཚད་ལྡན་ཞིག་གཏན་ལ་འབེབ་རྒྱུ་དང་། དཔང་ཡིག་སྟེར་མཁན་གྱི་མི་སྣ་ཚད་ལྡན་རྩ་འཛུགས་བྱ་རྒྱུ། དེ་དག་ལ་སྤྲུལ་སྐུའི་དཔང་ཡིག་དགོས་པའི་རེ་བ་བཏོན་ཚེ་ངོས་འཛིན་ཚད་ལྡན་བྱས་ཡོད་མེད་དང་། ངོས་བཟུང་ཟིན་ཡང་བསམ་སྤྱོད་ཀྱི་ཐད་ནས་དཔང་ཡིག་སྟེར་འོས་མིན་ལ་ཞིབ་བཤེར་ནན་མོ་མཛད་དགོས།

གྲོས་ཆོད་གསུམ་པ།

        རབ་བྱུང་རྣམས་ཀྱིས་དགེ་འདུན་པ་སྤྱིའི་དོན་མ་ཡིན་པར་རང་དོན་དུ་ཚོང་བྱེད་པ་སོགས་དཔལ་འབྱོར་རྩོལ་སྒྲུབ་དང་གཞན་ཡང་དམེ་བྱེད་པ། སྤྱོད་ཡུལ་མ་ཡིན་པའི་གནས་སུ་ཞུགས་པ་དག་གིས་མཚོན་ཁྱིམ་པ་སུན་འབྱིན་གྱི་རྒྱུར་འགྱུར་བ་དག་སྔོན་འགོག་ཡོང་བར་དགོན་པ་དེར་གཏོགས་ཀྱི་རབ་བྱུང་རྣམས་ཐབས་ཤེས་སྣ་ཚོགས་ལ་བརྟེན་ནས་བཤད་སྒྲུབ་གང་རུང་དུ་བསྡུ་ཅི་ཐུབ་བྱ་རྒྱུ་དང་། གནས་སྐབས་བསྡུ་མ་ཐུབ་པ་རྣམས་ལ་ལོ་རེར་ཟླ་གཅིག་ཡན་གྱི་དུས་ཚོད་ངེས་ཅན་ཞིག་གཏན་ཁེལ་བྱས་ཏེ་སློབ་གསོའི་གསབ་སྦྱོང་འཚོགས་རྒྱུ།

གྲོས་ཆོད་བཞི་བ།

ཕམ་པ་འཆབ་བཅས་ཀྱིས་གོས་པའི་གང་ཟག་རྣམས་གནས་དབྱུང་བྱ་རྒྱུའི་ལག་ལེན་ཡོད་པའི་དགོན་པ་རྣམས་ཀྱིས་སྔར་བཞིན་རྒྱུན་སྐྱོང་གནང་རྒྱུ་དང་། དེ་འདྲའི་ལག་ལེན་མེད་པའི་དགོན་པ་དག་གིས་ད་ཕྱིན་ཕམ་པ་འཆབ་བཅས་བྱུང་བའི་གང་ཟག་འབྱུང་ཚེ་དམ་ཆོས་འདུལ་བའི་གཞུང་བཞིན་གནས་དབྱུང་གི་ལས་ལ་སྦྱར་རྒྱུ།

གྲོས་ཆོད་ལྔ་བ།

        སྤྲུལ་སྐུ་ངོས་འཛིན་བྱེད་སྟངས་ནི་ངོས་འཛིན་བྱེད་མཁན་དེ་ཐོབ་དང་གོ་ས་ལ་མ་ལྟོས་པར་སྡེ་དགོན་ཀུན་གྱིས་བློ་ཁེལ་ངེས་ཀྱི་མ་དགོན་རང་གི་སྐྱེས་ཆེན་དམ་པ་ཞིག་མ་གཏོགས་ངོས་འཛིན་མི་གནང་རྒྱུ། གཞན་ཡང་སྡེ་དགོན་ཡོངས་ཀྱིས་བསམ་བློ་གཅིག་གྱུར་ཡིན་པ་མ་གཏོགས་གང་ཟག་རེ་ཟུང་གིས་སྒེར་གཅོད་ཀྱི་ལམ་ནས་ཞུ་མི་ཆོག་པ་དང་། གལ་ཏེ་ཞུས་ཀྱང་ངོས་འཛིན་མི་བྱ་རྒྱུ། ངོས་བཟུང་ཡང་རང་ལོ་ཉེར་ལྔ་མ་ལོན་བར་དུ་ཁྲི་འདོན་དང་དཔང་ཡིག་སྟེར་བ་བཅས་ཀྱི་བྱེད་སྒོ་མེད་པར་དགེ་བའི་བཤེས་གཉེན་བསྟེན་ནས་སློབ་སྦྱོང་བྱེད་དུ་འཇུག་རྒྱུ།

གྲོས་ཆོད་དྲུག་པ།

       དགེ་ཚུལ་སློང་གི་སྡོམ་པ་སྟེར་ལུགས་ཀྱི་ཕྱོགས་ནས་སྡོམ་པ་གནང་མཁན་དག་གིས་སྒྲུབ་བྱེད་ཀྱི་ཆོ་ག་བློ་ལ་ཐོན་ངེས་ཤིག་དང་། བསྒྲུབ་བྱའི་ངོས་ནས་རང་ལ་ཡོ་སྤྱད་ཚང་དགོས་པ་རྣམས་ཚང་དགོས་ཤིང་། དགེ་ཚུལ་གྱིས་རགས་པ་བཅུ་དང་དགེ་སློང་གིས་ཕམ་ལྷག་བཅུ་བདུན་གྱི་སྡོམ་བློ་ལ་ཡོད་ཅིང་དོན་ངེས་པར་བྱ་བ་ཞིག་མ་མཐའ་ཡང་དགོས། གལ་ཏེ་བསྲུང་བྱའི་ཚིག་དོན་རྣམས་བློར་མ་ངེས་ཚེ་རེ་ཞིག་སྡོམ་པ་མི་སྟེར་བར་བསྲུང་བྱ་རྣམས་བསླབ་ཏུ་གཞུག་རྒྱུ།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 122 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
b91f བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: རིག་སྟོང་གིས། སྤེལ་དུས:2014/9/22
རྨོངས་དད་སེལ་བའ་ཐབས་ལ་མ་བརྩོན་པར། དབང་བསྒྱུར་འདོད་ཀྱིས་ཁྲིམས་ལུགས་ཀྱི་ངོ་བོར་བསྒྱུར་བ་ནི། ཅི་མི་མཚར། དཔེར་ན། དགེ་བཅུའི་ཁྲིམས་བཞིན། བྱ་བ་འདི་རྣམས་ཐོག་མར་ལེགས་པར་སྣང་ཡང་། རྗེས་སུ་སྐྱོན་ངེས་ཟིན་སླའོ།། ད་རུང་མུ་མཐུད་དུ་དཔྱད་དགོས།
 སྤེལ་མཁན: དོན་གྲུབ་ཀྱིས། སྤེལ་དུས:2014/9/22
མཁན་ཚུལ་བློ་མཆོག་རྩིས་དགེ་སློང་འགའ་ཞིག་གིས། འདི་ལྟ་བུའི་གྲོས་ཆོད་བཞག་འདུག འོན་ཀྱང་། སྤྱི་ལོ་ 1990 ནང་ནས། དོན་གྱི་བདག་པོ་ཐམས་ཅད་མཁྱེན་པས། ད་ནས་བཟུང་སྤྲུལ་སྐུ་ངེས་འཛིན་བྱེད་སྟངས་ཐད་ངས་མཚམས་འཇོག་དགོས། གལ་སྲིད་དགོས་ན། དགའ་ལྡན་ཁྲི་པས་ངེས་འཛིན་བྱེད་ན་འགྲིག་གི། ཞེས་ཡང་ཡང་གསུངས་ཀྱང་། མང་ཚོགས་ནས་ཐམས་ཅད་མཁྱེན་པས་ངེས་འཛིན་མ་བྱེད་ན་མི་འགྲིག་ཅེས་གསོལ་བ་ཡང་ཡང་བཏགས་པ་ལས་དུས་ད་ལྟར་ཡང་། དེ་ག་རང་གནས་ཡོད། ད་ནས་བཟུང་། འདི་ངེས་འཛིན་བྱེད་པ་ལ་ཁྲིམས་ལུགས་ཤིག་སྤེལ་བ་ལས། མང་ཚོགས་རྨོངས་དད་སེལ་བ་ལ་འབད་ན་བཟང་། མཁན་ཚུལ་བློ་མཆོག་དང་། མཁན་བསོད་དར་སོགས་ཀྱིས་ནང་ཆོས་ངོ་སྤྲོད་བྱེད་སྐབས་ནང་ཆོས་དད་པ་མེད་ན་བོད་རིགས་མ་རེད། ཅེས་ཡང་ཡང་གསུང་འདུག་ཀྱང་། དེ་ནི་རྨོངས་དད་མཐུག་པའི་རྒྱུ་ཡིན་པ་ལས། རྨོངས་དད་སེལ་བའི་རྒྱུ་མ་ཡིན། ངོ་མ་བཤད་ན། བོད་རིགས་ཡིན་མིན་ནང་སེམས་ལ་ང་བོད་ཡིན་སྙམ་པའི་འདུ་ཤེས་ཡོད་མེད་ལ་རག་ལས་པ་ལས། ནང་ཆོས་ལ་དད་པ་ཡོད་མེད་ག་ལ་ཡིན། དྲྭ་གྲོགས་ཚོ་དེ་འདྲ་རེད་དམ། གསེར་རྟ་ནས།
 སྤེལ་མཁན:  དཔལ་འཕེལ། སྤེལ་དུས:2014/9/22
ཕྱོགས་གཅིག་ཤེས་པའི་འཇམ་བློ་དང་།། དུ་མར་མཁས་པའི་ཚུལ་བློ་གཉིས།། དག་གཙང་ཁྲིམས་ལྡན་དགེ་སློང་སྟེ།། སྐྱོན་བརྗོད་ངན་འགྲོའི་རྒྱུ་ལས་མེད།།
 སྤེལ་མཁན: 加措 སྤེལ་དུས:2014/9/22
ན་ཆུང་འགས་བཤད་པ་སྐྱོན་མི་ཆེ་སྟེ་དཔེར་ན་པཎ་ཆེན་མི་ཕམ་ཟླ་བས། འོན་ཀྱང་ཀུན་ཡིད་ཚིམ་པ་སུས་ཀྱང་དཀའ།། བླུན་པོའི་ཡིད་ལ་མ་བབས་སྐྱོན་དུ་ཆུང་།། ཅེས་པ་ལྟར་རོ།
 སྤེལ་མཁན: ཀརྨ་རྡོ་རྗེས། སྤེལ་དུས:2014/9/22
དགེན་འཇམ་དཔལ་བློ་ཤེས་མཆོག་ལ་ངན་སྨོད་དང་སྐྱོན་བརྗོད་བྱས་ནའང་། དེ་ལྟར་མི་བྱེད་པ་ལ་རེ་བ་སྙིང་ནས་མི་ཞུས་པའི་རྒྱུ་མཚན་ཅེ་རེད། དགེ་སློང་རྣམ་དག་ཅིག་ལ་སྡོམ་པ་མེད་ཅེས་སྐུར་བ་འདེབས་ན། ཕམ་པའི་སྐུར་འདེབས་མ་རེད་པས། དེ་ལས་ངན་སྨོད་ཆེ་བ་ཞིག་གང་ན་ཡོད། འདི་ཡང་ཕྲག་དོག་གི་རེ་བ་ཞིག་རེད།
 སྤེལ་མཁན: བཀྲ་ཤིས། སྤེལ་དུས:2014/9/22
ཚན་རྩལ་ཤེས་རིག་གི་མཚོ་མོའི་རྦ་རླབས་དྲག་ཏུ་གཡོ་བའི་དུས་རབས་ཉེར་གཅིག་པའི་ཉིན་མོ་འདིར། ང་ཚོ་གངས་ཅན་བོད་པ་ཚང་གི་གཞོན་ནུ་ཚོས་ཀྱང་གནའ་དེང་ཤེས་རིག་གི་ལེགས་པའི་ཕྱོགས་རྣམས་ལ་ཧུར་བརྩོན་བྱེད་རྒྱུའི་རེ་བ་དང་། མི་རིགས་འདིའི་མ་འོང་མདུན་ལམ་གྱི་ཆེད་དུ་འོད་སྟོང་སྐྲུན་བཞིན་པའི་མཁས་དབང་བཀའ་དྲིན་ཅན་ཚུལ་ཁྲིམས་བློ་གྲོས་མཆོགས་ལ་ཕྲག་ཏོག་གི་ངན་སྨོད་དང་ཐལ་ཆེ་བའི་སྐྱོན་བརྗོད་མི་བྱེད་པའི་རེ་བ་སྙིང་ནས་ཞུའོ།། གླིང བཀྲ་ཤིས་ཀྱིས་ཅ་ན་ཏ་ནས།
 སྤེལ་མཁན: ཀརྨ་རྡོ་རྗེས། སྤེལ་དུས:2014/9/22
འཇམ་དཔལ་བློ་ཤེས་དང་། ཚུལ་བློ་གཉིས་ལ་སྡོམ་པ་ཡོད་མེད། ངས་མི་ཤེས་སྐུར་འདེབས་ཡང་མི་བྱེད། དགེ་སློང་རྣམ་དག་ཡིན་པར་འདྲ་ཡང་། མང་ཚོགས་དབང་བསྒྱུར་འདོད་ཡོད་མེད་དང་། གུ་ཡངས་སྒོམ་དཀྱེལ་ཡོད་མེད་མི་འདྲ་ཁི། འདི་འདྲའི་དབང་བསྒྱུར་རྐྱང་རྐྱང་བྱས་ན། འདུལ་བ་དང་ཡང་ཨེ་མཐུན་ན། ཆོས་ཞེས་པ་དབང་བསྒྱུར་བྱེད་ཀྱི་ལག་ཆ་ཙམ་མ་ཡིན་ནོ།། འདིའི་སྐོར་རྒྱུ་མཚན་ཡང་དག་མང་བོ་བཤད་རྒྱུ་ཡོད།
 སྤེལ་མཁན: ནོར་བུ། སྤེལ་དུས:2014/9/22
འཇམ་དཔལ་བློ་ཤེས་ཀྱི་རྒྱུད་ལ་འདུལ་ཁྲིམས་ཡོད་མེད་གླེང་གཞི་ཆེ་བས་དགེ་ལྡན་པའི་ཚབ་ཏུ་མཚོན་དུ་འོས་དཀའ།
 སྤེལ་མཁན: རིག་བླུན། སྤེལ་དུས:2014/9/22
འཇམ་དཔལ་་བློ་་ཤེས་ནི་ལུག་ལྤགས་གྱོན་པའི་སྤྱང་རྒན་ཞིག་ཡིན། གོ་ཁུངས་ཡོད་པའི་སྐད་ཆ་ཐུང་ངུ་ཞིག་བཤད་ན། སེར་ཤུལ་མཁན་ཐོས་བསམ་གྱི་ནུ་མོ་བལ་ཡུལ་ན་ཡོད་པ་དེ་དང་ལྷན་དུ་ཟླ་གསུམ་གྱི་རིང་ལ་ཁྱིམ་གཅིག་བྱས་ནས་བསྡད་ཡོད་པ་དང་། དེའི་ལོ་མཁན་ཐོས་བསམ་གྱི་སྲིང་མོ་ལ་མངལ་སྒྲིམ་ནས་བྱིས་པ་ཞིག་བཙེས་ཡོད་པ་སོགས་བཤད་སྲོལ་ཙམ་མ་ཡིན་པར། མི་གསོན་པོ་ད་ལྟ་ཨོ་སི་ཊི་ལིས་ཡ་རུ་བཞུགས་ཡོད་པའི་སེར་ཤུལ་ཐུབ་རྡོ་ལགས་ཀྱིས། སེར་བྱེས་བྱ་བྲལ་ཁང་ཚོམ་ནས་ཁོ་བོའི་ངོ་གདོང་ལ་བལྟས་ཏེ་ཚིག་འཛིང་བྱེད་སྐབས། ཁོ་བོ་ལ་གང་ཡང་བཤད་རྒྱུ་མེད་ཚོད་ཀྱི་སྐད་ཆ་ནི། ད་དུང་གདན་ས་རུ་བཞུགས་པའི་སེར་ཤུལ་གྱི་གྲྭ་རྒྱུན་རྒན་པ་དག་ལ་གསལ་བོ་ཡོད་ཚོད་འདུག སེར་ཤུལ་བ་རིག་བླུན་ནས།
 སྤེལ་མཁན: གསལ་ལྡན། སྤེལ་དུས:2014/9/21
འཇམ་དཔལ་བློ་ཤེས་ཀྱི་རྒྱུད་ལ་འདུལ་ཁྲིམས་ཡོད་མེད་གླེང་གཞི་ཆེ་བས་དགེ་ལྡན་པའི་ཚབས་མཚོན་དུ་འོས་དཀའ།
  པར་ངོས་ཐོག་མ།  གོང་མ།  པར་ངོས 10/13 པར་ཡོད།  འོག་མ།  པར་ངོས་ཐ་མ།
ལྟ་ཀློག་གྲངས་ཀ
49403604
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1