གྲྭ་བཙུན་ཀུན་སྤྱོད་ལེགས་བཅོས་སྐོར་གྱི་ཚོགས་འདུ་གལ་ཆེན།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 7 ཚེས 10 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» ཆོས་ལུགས།» དགོན་སྡེའི་གསར་འགྱུར། »གྲྭ་བཙུན་ཀུན་སྤྱོད་ལེགས་བཅོས་སྐོར་གྱི་ཚོགས་འདུ་གལ་ཆེན།
གྲྭ་བཙུན་ཀུན་སྤྱོད་ལེགས་བཅོས་སྐོར་གྱི་ཚོགས་འདུ་གལ་ཆེན།
རྩོམ་སྒྲིག་པ།  ཁྰ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2014/9/18ལྟ་ཀློག (46897)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

     2014.9.15ཉིན་མདོ་སྨད་ཁྲི་འདུ་ལྷ་ཡི་གྲོང་ཁྱེར་དུ་གངས་ལྗོངས་གྲུབ་མཐའ་ཁག་དྲུག་གི་མཁས་དབང་རྣམ་པས་གྲུབ་མཐའ་རིས་མེད་དང་།  གྲྭ་བཙུན་ཀུན་སྤྱོད་ལེགས་བཅོས་སྐོར་གྱི་ཚོགས་འདུ་གལ་ཆེན་བསྡུས་ཤིང་། གསེར་རྟའི་མཁན་ཆེན་ཚུལ་ཁྲིམས་བློ་གྲོས།   ས་སྐྱ་པ་རྫོང་སར་མཁན་ཆེན་ཕུན་ཚོགས་རྣམ་རྒྱལ།  དགེ་ལྡན་པ་ཀིརྟིའི་དགེ་བཤེས་བརྩོན་འགྲུས། བཀའ་བརྒྱུད་པ་དཔལ་སྤུངས་མཁན་ཆེན་དོན་གྲུབ་བཀྲ་ཤིས།   ཇོ་ནང་པ་དགེ་བཤེས་དངོས་གྲུབ་དཔལ། རྙིང་མ་པ་ཡ་ཆེན་སྤྲུལ་གསང་སྔགས་བསྟན་འཛིན།   བོན་པོ་བ་སྣང་ཞིག་སྐྱབས་མགོན་བཅས་ཚོགས་ཞུགས་མཛད་དེ་བཀའ་སློབ་མང་བོ་གནང་འདུག

ཚོགས་འདུ་འདིའི་དགོངས་དོན་གནད་བསྡུས་དང་གྲོས་འདེབས་ཀྱི་གྲོས་ཆོད་ཡི་གེ

གྲོས་ཆོད་དང་པོ།

        ནང་པ་སངས་རྒྱས་པའི་དགེ་འདུན་པ་སྤྱི་དང་། སྟོན་པ་དང་། ཆོས་ལ་ཡིག་ངག་གང་རུང་གི་ལམ་ནས་ངན་སྨད་དང་སྐུར་འདེབས་ཀྱི་ལས་རིགས་ལ་ཞུགས་ཚེ་སློབ་གསོ་གནང་རྒྱུ་སོགས་ཐབས་ལམ་འཇམ་པོས་བསྒྱུར་བཅོས་བྱེད་དུ་འཇུག་རྒྱུ་དང་། དེས་ཀྱང་བསྒྱུར་བཅོས་མ་བྱས་ན་དགེ་འདུན་པ་སྤྱིའི་སྒྲིག་འཛུགས་ཀྱི་ལམ་ནས་གནས་དབྱུང་གི་ལས་ལ་སྦྱར་རྒྱུ། གནས་ནས་བྱུང་ཟིན་པ་གྲུབ་མཐའ་དང་ཆོས་བརྒྱུད་ཁག་གཞན་གྱིས་ཡར་མི་བསྡུ་རྒྱུ།

གྲོས་ཆོད་གཉིས་པ།

        དགོན་པ་སོ་སོའི་ནང་བླ་སྤྲུལ་མཁན་གསུམ་དང་མཁའ་འགྲོ་སོགས་ཀྱི་ཐོབ་ཐང་ངོས་ལེན་མེད་པར་རྒྱ་ཡུལ་སོགས་སུ་རང་དགར་བླ་སྤྲུལ་མཁན་གསུམ་དང་མཁའ་འགྲོ་སོགས་ཀྱི་མཚན་སྙན་བེད་སྤྱོད་བྱས་ཏེ་གཞན་ལ་མགོ་བསྐོར་གཏོང་བར་སྔོན་འགོག་ཡོང་བར་གདན་ས་ཁག་དྲུག་དང་ཆོས་སྡེ་གཉིས་ཀྱིས་གཅིག་གྱུར་གྱི་དཔང་ཡིག་ཚད་ལྡན་ཞིག་གཏན་ལ་འབེབ་རྒྱུ་དང་། དཔང་ཡིག་སྟེར་མཁན་གྱི་མི་སྣ་ཚད་ལྡན་རྩ་འཛུགས་བྱ་རྒྱུ། དེ་དག་ལ་སྤྲུལ་སྐུའི་དཔང་ཡིག་དགོས་པའི་རེ་བ་བཏོན་ཚེ་ངོས་འཛིན་ཚད་ལྡན་བྱས་ཡོད་མེད་དང་། ངོས་བཟུང་ཟིན་ཡང་བསམ་སྤྱོད་ཀྱི་ཐད་ནས་དཔང་ཡིག་སྟེར་འོས་མིན་ལ་ཞིབ་བཤེར་ནན་མོ་མཛད་དགོས།

གྲོས་ཆོད་གསུམ་པ།

        རབ་བྱུང་རྣམས་ཀྱིས་དགེ་འདུན་པ་སྤྱིའི་དོན་མ་ཡིན་པར་རང་དོན་དུ་ཚོང་བྱེད་པ་སོགས་དཔལ་འབྱོར་རྩོལ་སྒྲུབ་དང་གཞན་ཡང་དམེ་བྱེད་པ། སྤྱོད་ཡུལ་མ་ཡིན་པའི་གནས་སུ་ཞུགས་པ་དག་གིས་མཚོན་ཁྱིམ་པ་སུན་འབྱིན་གྱི་རྒྱུར་འགྱུར་བ་དག་སྔོན་འགོག་ཡོང་བར་དགོན་པ་དེར་གཏོགས་ཀྱི་རབ་བྱུང་རྣམས་ཐབས་ཤེས་སྣ་ཚོགས་ལ་བརྟེན་ནས་བཤད་སྒྲུབ་གང་རུང་དུ་བསྡུ་ཅི་ཐུབ་བྱ་རྒྱུ་དང་། གནས་སྐབས་བསྡུ་མ་ཐུབ་པ་རྣམས་ལ་ལོ་རེར་ཟླ་གཅིག་ཡན་གྱི་དུས་ཚོད་ངེས་ཅན་ཞིག་གཏན་ཁེལ་བྱས་ཏེ་སློབ་གསོའི་གསབ་སྦྱོང་འཚོགས་རྒྱུ།

གྲོས་ཆོད་བཞི་བ།

ཕམ་པ་འཆབ་བཅས་ཀྱིས་གོས་པའི་གང་ཟག་རྣམས་གནས་དབྱུང་བྱ་རྒྱུའི་ལག་ལེན་ཡོད་པའི་དགོན་པ་རྣམས་ཀྱིས་སྔར་བཞིན་རྒྱུན་སྐྱོང་གནང་རྒྱུ་དང་། དེ་འདྲའི་ལག་ལེན་མེད་པའི་དགོན་པ་དག་གིས་ད་ཕྱིན་ཕམ་པ་འཆབ་བཅས་བྱུང་བའི་གང་ཟག་འབྱུང་ཚེ་དམ་ཆོས་འདུལ་བའི་གཞུང་བཞིན་གནས་དབྱུང་གི་ལས་ལ་སྦྱར་རྒྱུ།

གྲོས་ཆོད་ལྔ་བ།

        སྤྲུལ་སྐུ་ངོས་འཛིན་བྱེད་སྟངས་ནི་ངོས་འཛིན་བྱེད་མཁན་དེ་ཐོབ་དང་གོ་ས་ལ་མ་ལྟོས་པར་སྡེ་དགོན་ཀུན་གྱིས་བློ་ཁེལ་ངེས་ཀྱི་མ་དགོན་རང་གི་སྐྱེས་ཆེན་དམ་པ་ཞིག་མ་གཏོགས་ངོས་འཛིན་མི་གནང་རྒྱུ། གཞན་ཡང་སྡེ་དགོན་ཡོངས་ཀྱིས་བསམ་བློ་གཅིག་གྱུར་ཡིན་པ་མ་གཏོགས་གང་ཟག་རེ་ཟུང་གིས་སྒེར་གཅོད་ཀྱི་ལམ་ནས་ཞུ་མི་ཆོག་པ་དང་། གལ་ཏེ་ཞུས་ཀྱང་ངོས་འཛིན་མི་བྱ་རྒྱུ། ངོས་བཟུང་ཡང་རང་ལོ་ཉེར་ལྔ་མ་ལོན་བར་དུ་ཁྲི་འདོན་དང་དཔང་ཡིག་སྟེར་བ་བཅས་ཀྱི་བྱེད་སྒོ་མེད་པར་དགེ་བའི་བཤེས་གཉེན་བསྟེན་ནས་སློབ་སྦྱོང་བྱེད་དུ་འཇུག་རྒྱུ།

གྲོས་ཆོད་དྲུག་པ།

       དགེ་ཚུལ་སློང་གི་སྡོམ་པ་སྟེར་ལུགས་ཀྱི་ཕྱོགས་ནས་སྡོམ་པ་གནང་མཁན་དག་གིས་སྒྲུབ་བྱེད་ཀྱི་ཆོ་ག་བློ་ལ་ཐོན་ངེས་ཤིག་དང་། བསྒྲུབ་བྱའི་ངོས་ནས་རང་ལ་ཡོ་སྤྱད་ཚང་དགོས་པ་རྣམས་ཚང་དགོས་ཤིང་། དགེ་ཚུལ་གྱིས་རགས་པ་བཅུ་དང་དགེ་སློང་གིས་ཕམ་ལྷག་བཅུ་བདུན་གྱི་སྡོམ་བློ་ལ་ཡོད་ཅིང་དོན་ངེས་པར་བྱ་བ་ཞིག་མ་མཐའ་ཡང་དགོས། གལ་ཏེ་བསྲུང་བྱའི་ཚིག་དོན་རྣམས་བློར་མ་ངེས་ཚེ་རེ་ཞིག་སྡོམ་པ་མི་སྟེར་བར་བསྲུང་བྱ་རྣམས་བསླབ་ཏུ་གཞུག་རྒྱུ།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 122 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
liao བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: རིག་སྟོང་གིས། སྤེལ་དུས:2014/9/21
མཐུན་སྒྲིལ་ཁ་ནས་སྨྲ་མཁས་ཚུལ་བློ་དང་། ཞེ་སྡང་ཁོག་ལ་ཆེ་བའི་མཛོད་བརྩོན་གཉིས་ཀྱིས་བསྟན་པར་དག་ཐུབ་བྱེད་པ་ནི། བློ་ལྡན་སྐྱེས་བུ་ཞིག་ཡིན་ཕྱིན་དགོད་སྤྲོ་བའི་གནས་ལས་ངོ་མི་འཚར། དེ་ལས་གཏང་སྙོམ་བཞག་ན་མི་མཛེས་སམ།
 སྤེལ་མཁན: ལྕགས་དམར་འབས། སྤེལ་དུས:2014/9/21
ལྕགས་དམར་འབས། མཁན་ཆེན་ཚུལ་བློ་མཆོག་གིས་མཁས་དབང་ཆ་ཚང་གི་རྒྱབ་ཏུ་རང་ཉིད་ཀྱི་མཛུབ་མོ་གར་བསྟན་ཤར་བྱེད་མཁན་གྱི་མི་བུ་རང་ག་བ་དྲུག་ཙམ་བསྡུས་ནས། ཁོ་རང་ཚོ་ཆོས་རྒྱུད་ཆེ་ཁག་གི་གཙོ་བོ་ཡིན་མདོག་དང་། ཆོས་རྒྱུད་ཆེ་ཁག་དྲུག་གིས་གྲོས་ཆོད་ཆེན་པོ་ཞིག་བྱས་མདོག་བསྟན་པ་ནི་རང་ཉིད་ཀྱི་ཐོབ་ཐང་དང་། སྤྲེལ་ལད་འདི་འདྲར་འཁྲབ་སྟེ་ཆོས་རྒྱུད་གཞན་རྣམས་མགོ་བོ་རྨོངས་རོགས་ལས་ཉིང་ཁུ་ཅི་ཡང་མི་འདུག་སྙམ། གང་ཡིན་ཟེར་ན་དོན་དམ་པའི་བྱ་བ་ཞིག་སྒྲུབ་བསམ་པ་ཡིན་ན། ཀུན་མཁྱེན་ཆེན་པོ་འཇམ་དཔལ་བློ་ཤེས་མཆོག་དང་། རྗེ་བཞག་པ་པཎྜི་ཊ་སོགས་དགེ་ལྡན་པའི་མཁས་དབང་རྣམ་པ་ཡོངས་དང་། དེ་དེ་བཞིན་བྱས་ནས། ཆོས་རྒྱུད་གཞན་གྱི་མཁས་དབང་རྣམས་བསྡུས་ཏེ། འདི་འདྲའི་ཚར་གཅོད་ཚུར་འདུས་ཤིག་བྱས་པ་ཡིན་ན། ད་གཟོད་གཞི་ནས་བྲོ་བ་དོག་ཙམ་ཡོན་ཐང་།
 སྤེལ་མཁན: ༧༨༩༧ སྤེལ་དུས:2014/9/21
གངས་ཅན་བོད་པ་ཚང་གི་མདུན་ལམ་གྱི་སྣེ་ཁྲིད་པ། ཚེ་འདི་ཕྱི་གཉིས་ཀྱི་སྐྱབས་གནས་དམ་པ་ངེས་དོན་མཁས་པའི་དབང་པོ་༧བླ་མ་ཚུལ་ཁྲིམས་བློས་གྲོས་དང་མཛོད་ཚང་དགེ་བཤེས་དམ་པ་བློ་བཟང་བརྩོན་འགྲུས་རྣམས་གཉིས་ལ་ངན་སྨོད་བྱེད་ཁུལ་བྱེད་པ་ནི་རང་མཚང་སྟོན་པའི་རྒྱུ་ལས་མ་འདས་སོ།
 སྤེལ་མཁན: རང་གྲོལ། སྤེལ་དུས:2014/9/21
ང་ཚོར་ཁྲིམས་ལུགས་ཡོད་དགོས་ཀྱང་། གསེར་རྟའི་ཚུལ་བློ་དང་། མཛོད་ཚང་བརྩོན་འགྲོས་གཉིས་ལ་སྒམ་དཀྱེལ་གྱི་བློ་ཁོག་ཨེ་ཡོད། ཤེས་ཡོན་སྡེ་ཁག་ལ་མངོན་གྱུར་ཡིན། ངོ་མ་ཡིད་རངས་མེད།
 སྤེལ་མཁན: གངས་བུ་རྩེ་རྒྱལ། སྤེལ་དུས:2014/9/20
གྲོས་གཞི་ཙམ་བཏོན་པ་ལས་གྲོས་ཆོད་རེད་མི་འདུག
 སྤེལ་མཁན: ལོ་བ་རྟ་མགྲིན་རྒྱལ སྤེལ་དུས:2014/9/19
འདི་ནི་ཧ་ཅང་ལེགས་པ་ཞིག་རེད།རང་ཉིད་ནི་རྒྱ་ནང་ནང་ལོག་ས་ཁུལ་ཞིག་ན་སློབ་གཉེར་བྱེད་པའི་སོ་སྐྱེས་ཕལ་བ་ཞིག་ཡི།དེང་སྐབས་རྒྱ་ནང་ནང་ལོག་ས་ཁུལ་ན།བོད་ཀྱི་གྲྭ་བ་མང་པོའི་མགོ་བསྐོར་དང།འཆལ་གཏམ།རྐུ་བྱེད་པ།བུད་མེད་ལ་རོལ་བ་སོགས་ཀྱིས་བྱ་བ་ཧ་ཅང་མང་པར་མ་ཟད།བླ་མ་དང་མཁན་པའི་མིང་གཡར་མཁན་དེ་བས་ཀྱང་ངོ།ད་དུང་མུ་མཐུད་དུ་འདི་ལྟར་སོང་ན་བོད་ཆེན་པོའི་རིག་གཞུང་ལ་གོད་ཆགས་ཆེན་པོ་ཡོངས་སྲིད་ཀྱི་རེད།རིག་གཞུང་ལ་གོད་ཆགས་བྱུང་དུས་མི་རིགས་ལའང་གོད་ཆགས་ཡོངས་ཚར་བ་རེད།མི་ཁ་ཤས་ཀྱིས་འདྲ་མཉམ་དང་དཀྱེལ་ཡངས།རང་དབང་དང་ཐོབ་ཐངས་སོགས་ལ་ཁ་གཡར་ནས་འདི་ལ་ཁ་རྡུང་དང་ཞེ་དྲུང་དྲགས་པོ་གཏོངས་བཞིན་ཡོད་མོད།འདི་ལྟ་བུ་ནི་ཅུང་མ་བརྟགས་པ་དང་གཡེམས་རྒྱུགས་རང་བཞིན་ཅུང་ཐལ་བ་རེད་སྙམ།ང་ཚོ་་་བོད་་་ཀྱི་ལས་དབང་ལ་སེམས་ཁུར་བྱེད་མཁན་ཞིག་ཡིན་ན།ཕྱོགས་གང་སར་བསམ་བློ་དང་སེམས་ཁུར་བྱེད་དགོས་སྙམ།དེ་འདྲ་མ་བྱས་པར།ད་དུང༼གྲྭ་བའི་མགོ་སྐོར་བྱེད་པ་དང་།རྐུ་བྱེད་པ།བུད་མེད་ལ་རོལད་བ༽སོགས་ཀྱི་གནད་ངོན་ཐགས་གཅོད་བྱེད་སྤྱད་ཀྱི་དགེ་ཁྲིམས་བཞག་ན།དེ་ལའང་ངོ་རྒོལ་སོགས་བྱས་ནས།འདྲ་མཉམ།རང་དབང་སོགས་ཀྱི་འོ་སྐད་རྒྱག་ན།འཛམ་གླིང་རང་དབང་རྒྱལ་ཁབ་གང་ནའང་རྐུ་བྱེད་པ་དང་།མགོ་སྐོར་གཏོངས་བ་སོགས་ནམ་ཡང་ཀུ་ཡངས་མེད་ཨེ་ཤེས་སམ།ཨེ་གོ་ལེགས།དེ་བས་རང་དབང་སོགས་ཀྱི་དོན་གོ་བར་གྱིས།མཐར་བོད་སེམས་བོད་ཀྱི་ཤེས་ཤོག།ཡང་མཐར་བོད་ཆེན་པོའི་ལས་དབང་ལ་སེམས་ཁུར་བྱེད་པའི་སྐྱེས་པ་སྐྱེས་མ་ཡོངས་ལ་འདྲ་མཉམ་གྱིས་བཀའ་དྲིན་ཞུ་་་ཞལ་དྲོ་་དོན་འགྲུབ་་་་་་་
 སྤེལ་མཁན: དཔྱོད་ཤེས སྤེལ་དུས:2014/9/19
འཛམ་གླིང་གིས་ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་ཁྱབ་བསྒྲགས་བྱས་ནས་དར་ཁྱབ་ཏུ་གཏོང་སྐབས། གྲོས་ཆོད་ཁྲིམས་ལུགས་ཏག་ཏག་བཞག་པའི་སྐྱེས་བུ་དག་ལ། སྒམ་དཀྱེལ་གྱི་བློ་ཁོག་མེད་པ་ལ་གཟིགས་དང་། ངོ་མ་ཡིད་ཆད་སོང་།
 སྤེལ་མཁན: རང་དབང སྤེལ་དུས:2014/9/19
༿མདོ་སྨད་ཁྲི་འདུ་ལྷ་ཡི་གྲོང་ཁྱེར༾ཞེས་འགོ་བཟུང་བ་ཙམ་གྱིས་སྐྱུག་ལོག་ཏུ་བཅུགས[疯了][疯了][疯了]
 སྤེལ་མཁན: དྲང་སྲོང་རྒྱུན་ཤེས། སྤེལ་དུས:2014/9/19
དབང་བསྒྱུར་རིང་ལུགས་ཀྱི་བཀོད་སྒྲིག་ཡང་དག་པ་ཞིག་ཁོང་རྣམ་པས་གནང་དང་གནང་བཞིན་པ་རེད།
 སྤེལ་མཁན: བཙན་སྲས། སྤེལ་དུས:2014/9/19
༼གྲོགས་བཙན་སྲས་ཀྱི་ལྟ་ཚུལ༽རང་གི་ལྟ་ཕྱོགས་ཡིན་ན་བོད་ཀྱི་མཁན་པོ་དང་སྤྲུལ་སྐུ་གཉིས་ཀྱི་བར་ལ་རྩོད་རྙོག་ཡ་ང་བ་ཞིག་བྱུང་རྗེས་ཡང་ངན་འཐོར་ཞིག་བྱུང་ནས་ཆོས་དང་སྲིད་སོགས་གང་ཅིའི་ཐད་ནས་རྩག་ཐེད་འདྲ་ཞིག་ལོག་ནས་འཛམ་བུའི་གླིང་གི་རྗེས་ནས་ངུ་ངོ་ཞིག་བྱས་ནས་ལྷག་རྒྱུ་རེད། དེ་མིན་ཅང་མི་འདུག ངས་ལྟ་ཚུལ་དེ་བཞིན་ནོ།
  པར་ངོས་ཐོག་མ།  གོང་མ།  པར་ངོས 11/13 པར་ཡོད།  འོག་མ།  པར་ངོས་ཐ་མ།
ལྟ་ཀློག་གྲངས་ཀ
49397433
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1