གྲྭ་བཙུན་ཀུན་སྤྱོད་ལེགས་བཅོས་སྐོར་གྱི་ཚོགས་འདུ་གལ་ཆེན།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 7 ཚེས 10 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» ཆོས་ལུགས།» དགོན་སྡེའི་གསར་འགྱུར། »གྲྭ་བཙུན་ཀུན་སྤྱོད་ལེགས་བཅོས་སྐོར་གྱི་ཚོགས་འདུ་གལ་ཆེན།
གྲྭ་བཙུན་ཀུན་སྤྱོད་ལེགས་བཅོས་སྐོར་གྱི་ཚོགས་འདུ་གལ་ཆེན།
རྩོམ་སྒྲིག་པ།  ཁྰ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2014/9/18ལྟ་ཀློག (46901)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

     2014.9.15ཉིན་མདོ་སྨད་ཁྲི་འདུ་ལྷ་ཡི་གྲོང་ཁྱེར་དུ་གངས་ལྗོངས་གྲུབ་མཐའ་ཁག་དྲུག་གི་མཁས་དབང་རྣམ་པས་གྲུབ་མཐའ་རིས་མེད་དང་།  གྲྭ་བཙུན་ཀུན་སྤྱོད་ལེགས་བཅོས་སྐོར་གྱི་ཚོགས་འདུ་གལ་ཆེན་བསྡུས་ཤིང་། གསེར་རྟའི་མཁན་ཆེན་ཚུལ་ཁྲིམས་བློ་གྲོས།   ས་སྐྱ་པ་རྫོང་སར་མཁན་ཆེན་ཕུན་ཚོགས་རྣམ་རྒྱལ།  དགེ་ལྡན་པ་ཀིརྟིའི་དགེ་བཤེས་བརྩོན་འགྲུས། བཀའ་བརྒྱུད་པ་དཔལ་སྤུངས་མཁན་ཆེན་དོན་གྲུབ་བཀྲ་ཤིས།   ཇོ་ནང་པ་དགེ་བཤེས་དངོས་གྲུབ་དཔལ། རྙིང་མ་པ་ཡ་ཆེན་སྤྲུལ་གསང་སྔགས་བསྟན་འཛིན།   བོན་པོ་བ་སྣང་ཞིག་སྐྱབས་མགོན་བཅས་ཚོགས་ཞུགས་མཛད་དེ་བཀའ་སློབ་མང་བོ་གནང་འདུག

ཚོགས་འདུ་འདིའི་དགོངས་དོན་གནད་བསྡུས་དང་གྲོས་འདེབས་ཀྱི་གྲོས་ཆོད་ཡི་གེ

གྲོས་ཆོད་དང་པོ།

        ནང་པ་སངས་རྒྱས་པའི་དགེ་འདུན་པ་སྤྱི་དང་། སྟོན་པ་དང་། ཆོས་ལ་ཡིག་ངག་གང་རུང་གི་ལམ་ནས་ངན་སྨད་དང་སྐུར་འདེབས་ཀྱི་ལས་རིགས་ལ་ཞུགས་ཚེ་སློབ་གསོ་གནང་རྒྱུ་སོགས་ཐབས་ལམ་འཇམ་པོས་བསྒྱུར་བཅོས་བྱེད་དུ་འཇུག་རྒྱུ་དང་། དེས་ཀྱང་བསྒྱུར་བཅོས་མ་བྱས་ན་དགེ་འདུན་པ་སྤྱིའི་སྒྲིག་འཛུགས་ཀྱི་ལམ་ནས་གནས་དབྱུང་གི་ལས་ལ་སྦྱར་རྒྱུ། གནས་ནས་བྱུང་ཟིན་པ་གྲུབ་མཐའ་དང་ཆོས་བརྒྱུད་ཁག་གཞན་གྱིས་ཡར་མི་བསྡུ་རྒྱུ།

གྲོས་ཆོད་གཉིས་པ།

        དགོན་པ་སོ་སོའི་ནང་བླ་སྤྲུལ་མཁན་གསུམ་དང་མཁའ་འགྲོ་སོགས་ཀྱི་ཐོབ་ཐང་ངོས་ལེན་མེད་པར་རྒྱ་ཡུལ་སོགས་སུ་རང་དགར་བླ་སྤྲུལ་མཁན་གསུམ་དང་མཁའ་འགྲོ་སོགས་ཀྱི་མཚན་སྙན་བེད་སྤྱོད་བྱས་ཏེ་གཞན་ལ་མགོ་བསྐོར་གཏོང་བར་སྔོན་འགོག་ཡོང་བར་གདན་ས་ཁག་དྲུག་དང་ཆོས་སྡེ་གཉིས་ཀྱིས་གཅིག་གྱུར་གྱི་དཔང་ཡིག་ཚད་ལྡན་ཞིག་གཏན་ལ་འབེབ་རྒྱུ་དང་། དཔང་ཡིག་སྟེར་མཁན་གྱི་མི་སྣ་ཚད་ལྡན་རྩ་འཛུགས་བྱ་རྒྱུ། དེ་དག་ལ་སྤྲུལ་སྐུའི་དཔང་ཡིག་དགོས་པའི་རེ་བ་བཏོན་ཚེ་ངོས་འཛིན་ཚད་ལྡན་བྱས་ཡོད་མེད་དང་། ངོས་བཟུང་ཟིན་ཡང་བསམ་སྤྱོད་ཀྱི་ཐད་ནས་དཔང་ཡིག་སྟེར་འོས་མིན་ལ་ཞིབ་བཤེར་ནན་མོ་མཛད་དགོས།

གྲོས་ཆོད་གསུམ་པ།

        རབ་བྱུང་རྣམས་ཀྱིས་དགེ་འདུན་པ་སྤྱིའི་དོན་མ་ཡིན་པར་རང་དོན་དུ་ཚོང་བྱེད་པ་སོགས་དཔལ་འབྱོར་རྩོལ་སྒྲུབ་དང་གཞན་ཡང་དམེ་བྱེད་པ། སྤྱོད་ཡུལ་མ་ཡིན་པའི་གནས་སུ་ཞུགས་པ་དག་གིས་མཚོན་ཁྱིམ་པ་སུན་འབྱིན་གྱི་རྒྱུར་འགྱུར་བ་དག་སྔོན་འགོག་ཡོང་བར་དགོན་པ་དེར་གཏོགས་ཀྱི་རབ་བྱུང་རྣམས་ཐབས་ཤེས་སྣ་ཚོགས་ལ་བརྟེན་ནས་བཤད་སྒྲུབ་གང་རུང་དུ་བསྡུ་ཅི་ཐུབ་བྱ་རྒྱུ་དང་། གནས་སྐབས་བསྡུ་མ་ཐུབ་པ་རྣམས་ལ་ལོ་རེར་ཟླ་གཅིག་ཡན་གྱི་དུས་ཚོད་ངེས་ཅན་ཞིག་གཏན་ཁེལ་བྱས་ཏེ་སློབ་གསོའི་གསབ་སྦྱོང་འཚོགས་རྒྱུ།

གྲོས་ཆོད་བཞི་བ།

ཕམ་པ་འཆབ་བཅས་ཀྱིས་གོས་པའི་གང་ཟག་རྣམས་གནས་དབྱུང་བྱ་རྒྱུའི་ལག་ལེན་ཡོད་པའི་དགོན་པ་རྣམས་ཀྱིས་སྔར་བཞིན་རྒྱུན་སྐྱོང་གནང་རྒྱུ་དང་། དེ་འདྲའི་ལག་ལེན་མེད་པའི་དགོན་པ་དག་གིས་ད་ཕྱིན་ཕམ་པ་འཆབ་བཅས་བྱུང་བའི་གང་ཟག་འབྱུང་ཚེ་དམ་ཆོས་འདུལ་བའི་གཞུང་བཞིན་གནས་དབྱུང་གི་ལས་ལ་སྦྱར་རྒྱུ།

གྲོས་ཆོད་ལྔ་བ།

        སྤྲུལ་སྐུ་ངོས་འཛིན་བྱེད་སྟངས་ནི་ངོས་འཛིན་བྱེད་མཁན་དེ་ཐོབ་དང་གོ་ས་ལ་མ་ལྟོས་པར་སྡེ་དགོན་ཀུན་གྱིས་བློ་ཁེལ་ངེས་ཀྱི་མ་དགོན་རང་གི་སྐྱེས་ཆེན་དམ་པ་ཞིག་མ་གཏོགས་ངོས་འཛིན་མི་གནང་རྒྱུ། གཞན་ཡང་སྡེ་དགོན་ཡོངས་ཀྱིས་བསམ་བློ་གཅིག་གྱུར་ཡིན་པ་མ་གཏོགས་གང་ཟག་རེ་ཟུང་གིས་སྒེར་གཅོད་ཀྱི་ལམ་ནས་ཞུ་མི་ཆོག་པ་དང་། གལ་ཏེ་ཞུས་ཀྱང་ངོས་འཛིན་མི་བྱ་རྒྱུ། ངོས་བཟུང་ཡང་རང་ལོ་ཉེར་ལྔ་མ་ལོན་བར་དུ་ཁྲི་འདོན་དང་དཔང་ཡིག་སྟེར་བ་བཅས་ཀྱི་བྱེད་སྒོ་མེད་པར་དགེ་བའི་བཤེས་གཉེན་བསྟེན་ནས་སློབ་སྦྱོང་བྱེད་དུ་འཇུག་རྒྱུ།

གྲོས་ཆོད་དྲུག་པ།

       དགེ་ཚུལ་སློང་གི་སྡོམ་པ་སྟེར་ལུགས་ཀྱི་ཕྱོགས་ནས་སྡོམ་པ་གནང་མཁན་དག་གིས་སྒྲུབ་བྱེད་ཀྱི་ཆོ་ག་བློ་ལ་ཐོན་ངེས་ཤིག་དང་། བསྒྲུབ་བྱའི་ངོས་ནས་རང་ལ་ཡོ་སྤྱད་ཚང་དགོས་པ་རྣམས་ཚང་དགོས་ཤིང་། དགེ་ཚུལ་གྱིས་རགས་པ་བཅུ་དང་དགེ་སློང་གིས་ཕམ་ལྷག་བཅུ་བདུན་གྱི་སྡོམ་བློ་ལ་ཡོད་ཅིང་དོན་ངེས་པར་བྱ་བ་ཞིག་མ་མཐའ་ཡང་དགོས། གལ་ཏེ་བསྲུང་བྱའི་ཚིག་དོན་རྣམས་བློར་མ་ངེས་ཚེ་རེ་ཞིག་སྡོམ་པ་མི་སྟེར་བར་བསྲུང་བྱ་རྣམས་བསླབ་ཏུ་གཞུག་རྒྱུ།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 122 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
pmes བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: འཇུ་གཡུ་སྦྲང་། སྤེལ་དུས:2014/9/29
ཞི་བདེའི་དེད་དཔོན་ཙམ་དུ་མ་ཟད་སངས་རྒྱས་དངོས་ཤིག་ཡིན་ཀྱང་ཐམས་ཅད་ཞི་བདེ་རུ་བསྒྱུར་ག་ལ་ཐུབ། ཞི་བདེའི་དེད་དཔོན་གཉིས་པ་ཚུལ་ཁྲིམས་བློ་གྲོས་རིན་པོ་ཆེ་ ཁོང་གིས་ཚོགས་གཙོ་བྱས་ནས་ས་དགེ་བཀའ་རྙིང་ཇོ་བོན་གྱི་གྲུབ་མཐའ་ཆེན་པོ་དྲུག་གི་བསྟན་འཛིན་གྱི་སྐྱེས་བུ་དུ་མས་ཚོགས་འདུ་གལ་ཆེན་འཚོགས་པ་ནི་ཆེས་མེད་དུ་མི་རུང་བའི་བྱ་བ་རླབས་ཆེན་རང་རེད་འདུག་པས་ཁོང་རྣམ་པ་ལ་སྙིང་ཁོང་རུས་པའི་གཏིང་ནས་ཐུགས་རྗེ་ཆེ། གཞན་ཡང་བླ་མ་ཁོང་གིས་གང་མཛད་པ་ཐམས་ཅད་དམངས་ཕན་འབའ་ཞིག་རང་རེད། དགེ་བའི་ལམ་ལ་གཏན་ནས་བཀོད་མི་བཏུབ་པ་རྣམས་ལ་ཕ་མས་བྱིས་པ་རྡུང་བ་ལྟར་ཡང་དག་ལམ་མམ་དགེ་བའི་ལམ་ལ་བཙུད་པའི་ཆེད་དུ་རེ་ཞིག་ཆོས་འབྲེལ་བཅད་དགོས་པར་སངས་རྒྱས་ཀྱིས་གསུངས་ཡོད་པས་དེ་ལྟར་ན་སྟོན་པ་ཐུགས་རྗེ་ཅན་ཁོང་ཡང་བྱང་ཆུབ་སེམས་དཔའ་མ་རེད་ཟེར་བ་ཨེ་ཡིན། ཁོང་གི་མི་དང་དུད་འགྲོ་ཡན་ཆད་ཞི་བདེ་ལ་བཀོད་པ་བསམས་ན་ཞི་བདེའི་དེད་དཔོན་ཞེས་པའི་མཚན་གྱི་ཅོད་པན་ཟིག་གསོལ་ནའང་དོན་མཐུན་གྱི་མིང་ཞིག་ཡིན་པར་ངེས་སོ།། གཞན་སྨྲ་འདོད་པ་མང་པོ་ཞིག་ཡོད་ཀྱང་དེས་ཆོག་པར་བྱས་པ་ཡིན།
 སྤེལ་མཁན: གངས་རྩེ། སྤེལ་དུས:2014/9/29
གཞན་གྱིས་སྨད་པར་དགའ་ན་ཚད་བརྒལ་གྱི་བསྟོད་པ་བྱོས། དེ་མིན་ལེགས་བྱས་དྲང་པོར་བརྗོད་པ་ཡང་བསམ་གཟས་ནས་ལོག་པར་འགྲེལ་བ་འདྲེ་ཕྲུག་ལྟ་བུ་དག་གི་གཏམ་ནི་དྲ་སྟེང་གི་གད་སྙིགས་རང་ཡིན་པས་སྙིགས་ཟོམ་དུ་འཕེན་པ་ལས་དང་ལེན་བྱས་ན་དྲི་ངན་འགོ་བའི་རྒྱུ་ལས་མེད་དོ།
 སྤེལ་མཁན: འདྲེ་ཕྲུག སྤེལ་དུས:2014/9/28
དེ་རིང་ཚུལ་ཁྲིམས་བློ་གྲོས་ཀྱིས་སློབ་མ་ཚོས། བསྟོད་བསྔགས་མང་པོ་ཞིག་བྲིས་འདུག་སྟེ། དོན་ལ་གནས་པའི་བསྟོད་པ་ནི་ཚིག་གཅིག་ཀྱང་མི་འདུག ཤིག་ལ་གཡག་དང་། ཁྱི་ལ་སེང་གེ་ཟེར་བའི་དཔེ་བཞིན། བགད་མོ་སློང་ཡས་ལ། འཛམ་གླིང་ཞི་བདེའི་དེད་དཔོན་བྲིས་འདུག ཧ་ཧ། འཛམ་གླིང་ཞི་བདེ་ཕར་ཞོགས། གསེར་རྟ་ལུང་པ་ལག་མཐིལ་ཙམ་དེ་ཡང་ཞི་བདེ་བྱ་མ་ཐུབ་པ། སྡེ་འབངས་ཐམས་ཅད་ཁྲག་བཞིན་དཀྲུགས། དེའི་ངན་གྲིབ་རྔ་པ་དང་། མགོ་ལོག སྡེ་དགེའི་འབྲོག་ཁུལ། བྲག་མགོ མི་ཉག་སོགས་ཉེར་སྐོར་འགའ་ཞིག་ལ་ཁྱབ་ནས།དགོན་སྡེའི་བར་ལ་དཀྲུག་གཞི་ཆེན་པོ་བཟོས་པ་འདི་མ་མཐོང་ངམ། དེ་ནི་དབང་ཆ་ལ་དགའ་དྲག ཤང་གི་ལས་བྱེད་རྣམས་ཀྱི་ལས་ཀ་ལ་ཡིད་སྨོན་ཤོར་བའི་རྟགས་ཡང་དག་ཅིག་རེད། གཞན་ཡང་དགེ་བསྙེན་སྡོམ་པ་མ་ཞུས་པ་དང་། ཁོ་ཚོའི་ཁ་ལ་མི་ཉོན་མཁན་རྣམས་ལ་ཆོས་འབྲེལ་བཅད་སྟངས་ལ་བལྟས་ན། ཁོང་གི་རྒྱུད་ལ་བྱང་སེམས་རྒྱུ་ཏིལ་འབྲུ་ཙམ་ཡང་མེད་པ་གཏན་འཁེལ། ང་ཚོས་དུས་རྒྱུན་དུ། སེམས་ཅན་གཅིག་གི་ཕྱིར་ཡང་བསྐལ་བརྒྱ་རུ། །བདག་ལུས་བྱེ་བ་གཏུབ་ཀྱང་བཟོད་པ་ཤོག ཟེར་ནས་སྨོན་ལམ་འདེབས་ཤིང་ཡོད།
 སྤེལ་མཁན: གསེར་འབག་གྱོན སྤེལ་དུས:2014/9/28
ཞི་བདེའི་དེད་དཔོན་གཉིས་པ་ཚུལ་ཁྲིམས་བློ་གྲོས་རིན་པོོ་ཆེ་མཆོག་ནི་དངོས་གནས་ཀྱི་བསྟན་འགྲོ་ཕན་པ་རླབས་ཆེན་བསྒྲུབས་པའི་སྐྱེས་བུ་ཞིག་ཡིན་ཏེ་མཆོད་མེ་བོད་དྲ་དང་མཚོ་སྔོན་པོའི་བོད་ཡིག་ཟིན་བྲིས་ནང་དུ་འདི་ལྟར་བྲིས་འདུག་སྟེ། ༄༅། །དད་གསུམ་ཀྱི་འཛུམ་ཟེར། མཁན་ཆེན་ལགས། རིན་པོ་ཆེ། ཚུལ་ཁྲིམས་བློ་གྲོས། ཁྱེད་ནི་ང་ཚོ་བོད་མི་རིགས་ལ། ཤེས་རིགས་ཀྱི་སྒོ་འཕར་འབྱེད་པའི་ལྡེ་མིག་དང་བླང་དོར་གྱི་ལེགས་ཉེས་གསལ་བའི་སྒྲོན་མེ་ཞིག་ཡིན་ཞིང་། བདེ་སྐྱིད་ཀྱི་ཉི་གཞོན་འདྲེན་པའི་སྐྱ་རེངས་དཀར་པོ་དང་དགོས་འདོད་ཀྱི་རེ་བ་སྐོང་པའི་ནོར་བུ་བསམ་འཕེལ་ཞིག་ཀྱང་ཡིན་སོང་། ད་དུང་མྱ་ངན་གྱི་རྨོངས་མུན་བསལ་བ་ལ་སྟོན་ཁའི་ཟླ་བ་གཞོན་ནུ་དང་མི་རིགས་ཀྱི་ཚེ་སྲོག་གསོ་བ་ལ་འཆི་མེད་ལྷ་ཡི་བདུད་རྩི་ཞིག་ཀྱང་ཡིན་སོང་། མ་ཟད་ཡབ་མེས་ཀྱི་རིག་གཞུང་ལ་རླབས་ཆེན་གྱི་མཛད་པའི་རྡོ་རིང་ངོ་མཚར་བ་དུ་མ་བསླངས་ཤིང་། རིགས་ཞེན་གྱི་སྙིང་སྟོབས་འགྲན་ཟླ་དང་བྲལ་བ་རུ་གྱུར། གཞན་ཡང་། དུས་རབས་འདིའི་འཛམ་གླིང་གི་སྐྱེ་འགྲོ་ཡོངས་ལ་མ་འོངས་པའི་མདུན་ལམ་གསལ་བའི་ལམ་སྟོནགྱི་སྒྲོན་མེ་ཆེས་ཆེ་བ་ཉིད་དུའང་བསྔགས་བཞིན་འདུག མཁན་ཆེན་ལགས། རིན་པོ་ཆེ། ཁྱེད་ཀྱིས་མཁྱེན་དཔྱོད་ཀྱི་ཧུབ་ཆེན་གཅིག་གིས་ང་ཚོ་བོད་མི་རིགས་ཀྱི་ཡབ་མེས་གཅེས་ནོར་དྭངས་མ་བཅུ་ཕྲག་རིག་གཞུང་རྒྱ་མཚོ་ལྷག་མེད་དུ་བཞེས་ཤིང་། རྨད་བྱུང་མཁས་བཙུན་གྱི་སློབ་ཚོགས་ལྷ་ལམ་རྒྱུ་སྐར་གྱི་གྲངས་ལ་འགྲན་པ་ཙམ་བསྐྲུན་ནས་གསེར་ལྡན་སྒེག་མོའི་ཁྱོན་ཀུན་དོག་པོར་གནང་བ་འདི་བསྟན་འགྲོ་ལ་སྨན་པའི་མཛད་རྗེས་འབུར་ཐོན་དུ་གྱུར། ད་དུང་དེ་མ་ཟད། འཛམ་གླིང་ཤར་ནུབ་ཀྱི་གནའ་དེང་གི་ཤེས་བྱ་མཐའ་དག་ལ་བློ་གྲོས་མཁའ་ལྟར་ཡངས་པས་འཛམ་གླིང་གི་རིག་པའི་དཔའ་བོ་ཞེས་པའི་མཚན་སྙན་ཞིག་ཀྱང་གསོལ་གྱིན་འདུག མཁན་ཆེན་ལགས། རིན་པོ་ཆེ། ཁྱེད་ཀྱིས་མི་རིགས་དང་སྐད་ཡིག་མི་གཅིག་པའི་རྒྱལ་ཁབ་དུ་མ་ལའང་བདེན་གསུང་དམ་ཆོས་ཀྱི་གྲུ་ཆར་བཟང་པོ་འཛད་མེད་དུ་ཕབ་པས། དེ་དག་ལའང་འདི་ཕྱི་ཀུན་ཏུ་འཚེ་མེད་ཞི་བདེའི་ལམ་བཟང་མཆོག་ཏུ་བསྩལ་ནས་བདེ་ནས་བདེ་བར་ཁྲིད་པའི་ས་མཁན་དམ་པ་རུ་གྱུར། མ་ཟད་འཇིགས་རུང་ཤན་པའི་ཁྲིམས་རྭ་ན། བཟོད་མེད་འཇིགས་སྐྲག་གིས་མནར་བའི་ཉམ་ཐག་མགོན་མེད་ཀྱི་དུད་འགྲོ་ཐེར་འབུམ་མང་པོ་ལ། མི་འཇིགས་ཚེ་སྲོག་གི་སྦྱིན་པ་ཕྱོགས་མེད་དུ་བསྩལ་བས། ས་སྟེང་གི་སྐྱེ་རྒུ་ཡོངས་ཀྱིས། ཉམ་ཐག་མགོན་མེད་ཀྱི་འགྲོ་བའི་དཔུང་གཉེན་ཁྱེད་ནི། ལུས་ཅན་དབུགས་ཐོགས་ཀུན་ཀྱང་ཞི་བདེའི་ལམ་བཟང་ལ་དཀྲི་བའི་དེད་དཔོན་དམ་པར་བསྔགས་པའི་སྙན་ཚིག་གི་ཆོ་ལོ་ཞིག་ཀྱང་འབུལ་གྱིན་གདའ། དེས་ན། ཕྲན་ནས་ཀྱང་དད་ལྡན་གྱི་མི་རིགས་དུ་མ་དང་། མོས་ལྡན་གྱི་སྐྱེ་འགྲོ་མང་པོའི་བསམ་ཕྱོགས་དང་མཐུན་པར། མཁན་ཆེན་དམ་པ་ཁྱེད་ལ། འཛམ་གླིང་གི་ཞི་བདེའི་དེད་དཔོན། གནའ་དེང་གི་རིགས་པའི་དཔའ་བོ། དུས་རབས་ཀྱི་སྒྲོན་མེ་རྐང་གཅིག མི་ཡུལ་གྱི་བསམ་འཕེལ་ནོར་བུ་ཞེས་པའི་མཚན་གྱི་ཅོན་པན་དག་ཀྱང་དབང་མེད་དུ་ཕུལ་ཤོར་སོང་། འདི་འདྲ་བརྗོད་འདོད་ཀྱི་རྣམ་རྟོག་འབུར་ཐོན་ཞིག་སྙིང་ལ་ཡུན་རིང་དུ་ཉལ་ཡང་དེ་རིང་ཙམ་མ་གཏོགས་བརྗོད་ཐབས་མ་བྱུང་། མཁན་ཆེན་ལགས། རིན་པོ་ཆེ། །ཁྱེད་ཀྱིས་ད་དུང་རླབས་ ཆེན་གྱི་མཛད་བཟང་ངོ་མཚར་བ་དག་བཏང་སྙོམས་སུ་མི་འཇོག་པ་དང་། སྤྱིར་འཛམ་གླིང་། སྒོས་གངས་ལྗོངས་། ཁྱད་པར་ཡབ་རྗེ་འཇིགས་མེད་བླ་མ་དང་བྲལ་བའི་དམར་སེར་མཆེད་ལྕམ་གྱི་འདུས་སྡེ་འདི་བཀའ་དྲིན་བླ་མེད་ཀྱིས་སྐྱོང་བ་ལ་ཐུགས་བརྩེའི་འཇུག་པ་མི་ལྷོད་པའི་རེ་ཞུ་ཞིག་ཀྱང་སྙིང་ཁོང་ནས་ཐོན་སོང་། མཁན་ཆེན་ལགས། རིན་པོ་ཆེ། བཀའ་དྲིན་རེ་ཞུ། སྐུ་ཚེ་ཡུན་རིང་དུ་བརྟན་ཅིང་ཐུགས་བཞེད་གེགས་མེད་དུ་འགྲུབ་པ་ལ་སྲས་བཅས་རྒྱལ་བ་ཡོངས་ཀྱིས་མཐུན་འགྱུར་ཡང་ཡང་དུ་གནང་བར་སྨོན་ནོ། །ནང་ལོ༢༥༥༥ལ་བསྟན་ཉིས་དཔལ་བླ་རུང་ནས་གསོལ་བ་བཏབ་པ་དགེ། །། ཞེས་གསུངས་པ་དག་ཀྱང་དོན་ལ་གནས་པའི་བསྟོད་བསྔགས་འབའ་ཞིག་ཡིན་པ་ལས་རང་དགར་འུར་སྒྲོག་རྐྱང་བ་གཏན་ནས་མ་རེད།
 སྤེལ་མཁན: རིན་ཆེན། སྤེལ་དུས:2014/9/28
གསེར་རྟའི་ཚུལ་བློས་ཁྲིམས་ལུགས་མང་བོ་ཞིག་སྤེལ་ནས། མི་དམངས་མང་ཚོགས་གི་འཚོ་བ་སྐྱེ་སྟངས་ཐད་ལ་གནོད་པ་ཆེན་པོ་བཟོས་པས། ཁས་ལེན་ན་མི་འདོད་ཀི། ཁོང་ལ་ཐ་སྙད་ཡག་པོ་འབྲི་བའམ་བརྗོད་པར་སླ་ཡང་དོན་ལ་མེད་ན་སྟོང་པ་རེད། ད་རུང་ཕྲག་དོག་ཡང་ཆེ་བ་སྣང་གི། ཁ་སང་དེ་རིང་ཁོང་གི་སློབ་མ་རྣམས་ཀྱི་རྣམ་པ་བལྟས་ན་ཤེས་སླ་སྟེ། ཁོང་གི་སློབ་མ་ཕལ་ཆེར་ཆོས་བརྒྱུད་གཞན་ལ་མི་དགའ་མཁན་རྐྱང་རྐྱང་རེད། མང་བོ་བཤད་ཀྱི་ཡོད།
 སྤེལ་མཁན: བདེན་ཚོལ་བ། སྤེལ་དུས:2014/9/28
ཞི་བདེའི་དེད་དཔོན་གཉིས་པ་ཚུལ་ཁྲིམས་བློ་གྲོས་རིན་པོ་ཆེ་མཆོག་ནི་རྒྱལ་སྲས་སེམས་དཔའ་ཆེན་པོ་ཟླ་མེད་པ་ཞིག་དང་དམངས་ཕན་འབའ་ཞིག་སྒྲུབ་པ་ཞིག་ཡིན་པ་ལ་ངེས་ཤེས་དང་དད་པ་བརྟན་པོ་ཡོད། མཁན་སྤྲུལ་བསྟན་པའི་ཉི་མས་གསུངས་པ་དག་ལ་མོས་མཐུན་ཡོད།
 སྤེལ་མཁན: འཇུ་གཡུ་སྦྲང་། སྤེལ་དུས:2014/9/28
ཁམས་གསུམ་ཆོས་ཀྱི་རྒྱལ་པོ་སྐྱབས་རྗེ་བླ་མ་རིན་པོ་ཆེ་ཚུལ་ཁྲིམས་བློས་མཆོག་ནི་འཛམ་གླིང་གི་འགྲོ་བ་སྤྱི་དང་ཉམ་ཐག་གི་སེམས་ཅན་རྣམས་ཀྱི་སྐྱབས་གནས་གཅིག་པུ་ཡིན་པ་ལ་ཡིད་ཆེས་ཡོད། དེས་ན་ལས་ངན་མ་བསགས་ན་དགའ་ཚོད་རེད། སྐབས་འདིར་མཁན་སྤྲུལ་བསྟན་པའི་ཉི་མས་གསུངས་པ་དག་དོན་དང་ལྡན་པའི་གཏམ་ཉིད་དུ་འདོད་དོ།།
 སྤེལ་མཁན: དུག་རླངས། སྤེལ་དུས:2014/9/28
ཞི་བདེའི་དེད་དཔོན་གཉིས་པ་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་རིན་པོ་ཆེ་མཆོག་ནི་ངོ་མ་དངོས་གནས་ཀྱི་ལྷག་བསམ་དཀར་ཞིང་བློ་ཁོག་ཡངས་པ་མཁྱེན་དཔྱོད་ཟབ་ཅིང་བྱམས་སེམས་ཆེ་བ་སོགས་ས་ལྒང་འདིའི་སྟེང་ན་འགྲན་ཟླ་དང་བྲལ་བའི་སྐྱེས་བུ་རླབས་ཆེན་ཞིག་ཏུ་བསྔགས་བཞིན་འདུག. མཁན་སྤྲུལ་བསྟན་པའི་ཉི་མས་གསུངས་པ་དེ་ཚོ་ལ་རྒྱབ་སྐྱོར་ཡོད། འོན་ཀྱང་ད་མཚམས་འཇོག་བྱེད་ན་མ་གཏོགས་བླ་མ་རིན་པོ་ཆེ་ཁོང་གི་ཐུགས་ལ་མི་བབ་པར་ངེས་པས་དེ་ཙམ་གྱིས།
 སྤེལ་མཁན: མགར་སེང་པོ། སྤེལ་དུས:2014/9/28
ཞི་བདེའི་དེད་དཔོན་གཉིས་པ་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་རིན་པོ་ཆེ་ཚང་གི་མཛད་པ་ཡོངས་རྫོགས་བསྟན་འགྲོ་སྤྱི་ལ་ཕན་པའི་བྱ་བ་རླབས་ཆེན་འབའ་ཞིག་ཡིན་པས་རྒྱལ་ཕྱི་ནང་གི་རྒྱ་ཆེའི་མང་ཚོགས་བརྒྱ་ཆ་དགུ་བཅུ་གོ་དགུའི་དགའ་བསུ་ཐོབ་བཞིན་དངོས་གནས་རེད། ལྷག་པར་ད་རེབ་ཀྱི་མཛད་པ་འདི་ལ་བསྔགས་བརྗོད་བྱེད་མཁན་ཤིན་ཏུ་མང་འདུག. མ་ཟད་གོང་དུ་མཁན་སྤྲུལ་བསྟན་པའི་ཉི་མ་ཟེར་བ་དེས་གསུངས་པ་རྣམས་ཀྱང་དོན་གནས་འབའ་ཞིག་རེད། གནས་ལུགས་ཀྱི་སྐད་ཆ་ཡིན།
 སྤེལ་མཁན: གངས་དགའ སྤེལ་དུས:2014/9/28
བོད་པ་ཚོ་ནང་འཛིང་མ་བྱེད་འོན་ཀྱང་འདིར་ཁྱེད་ཅག་ལ་བླ་མ་རིན་པོ་ཆེ་ཚུལ་ཁྲིམས་བློ་གྲོས་ཀྱི་ལོ་རྒྱུས་ཅུང་ཟད་བརྗོད་ན། མཚོ་སྔོན་པོའི་དྲ་ཐོག་ན་འདི་ལྟར་བྲིས་འདུག་སྟེ། དེ་ཡང་།༄༅། །སེམས་གཏིང་གི་ཉི་མ། མཁན་ཆེན་ལགས། རིན་པོ་ཆེ། ཚུལ་ཁྲིམས་དང་བློ་གྲོས་མཐའ་ཡས་པ་ཁྱེད་ནི། མི་རིགས་ཀྱི་སློབ་གསོ་བ་ཆེན་པོ། ཚན་རིག་གི་རབ་འབྱམས་པ་ཆེན་པོ། ཤེས་རིག་གི་ཡོན་ཏན་པ་ཆེན་པོ་ཞིག་ཡིན་སོང་། མཁན་ཆེན་ལགས། རིན་པོ་ཆེ། ཁྱེད་ནི། དུས་རབས་ཀྱི་སྒྲོན་མེ་ཆེན་པོ། མི་རབས་ཀྱི་དཔའ་བོ་ཆེན་པོ། ཚེ་རབས་ཀྱི་ལམ་སྟོན་པ་ཆེན་པོ་ཞིག་ཀྱང་ཡིན་ སོང་། མཁན་ཆེན་ལགས། རིན་པོ་ཆེ། ཁྱེད་ནི། རིས་མེད་ཀྱི་བསྟན་པའི་མངའ་བདག་ཆེན་པོ། ཕྱོགས་མེད་ཀྱི་གྲུབ་མཐའི་གསལ་བྱེད་ཆེན་པོ། མཐའ་མེད་ཀྱི་འགྲོ་བའི་མཛའ་བཤེས་ཆེན་པོ་ ཞིག་ཀྱང་ཡིན་སོང་། མཁན་ཆེན་ལགས། རིན་ པོ་ཆེ། ཁྱེད་ནི། གནའ་དེང་གི་རིག་པའི་སྲོལ་འབྱེད་ཆེན་པོ། ཤར་ནུབ་གྱི་བསྟན་འགྲོའི་དཔུང་གཉེན་ཆེན་པོ། ལུགས་ཟུང་གི་ལམ་གྱི་ས་མཁན་ཆེན་པོ་ཞིག་ ཀྱང་ཡིན་སོང་། མཁན་ཆེན་ལགས། རིན་པོ་ ཆེ། ཁྱེད་ནི། རྒྱ་བོད་ཀྱི་གཞུང་བརྒྱ་འཆད་པའི་ མཁས་པ་ཆེན་པོ། སྡོམ་གསུམ་གྱི་བསླབ་ ཁྲིམས་དག་པའི་བཙུན་པ་ཆེན་པོ། རིམ་གཉིས་ཀྱི་རྣལ་འབྱོར་བརྟན་པའི་གྲུབ་པ་ ཆེན་པོ་ཞིག་ཀྱང་ཡིན་སོང་། མཁན་ཆེན་ལགས། རིན་པོ་ཆེ། ཁྱེད་ནི། སོ་ཐར་གྱི་གནང་བཀག་ཞིབ་པའི་འདུལ་འཛིན་ ཆེན་པོ། བྱམས་བརྩེ་ཡིས་ཐུགས་རྒྱུད་ཕྱུག་ པའི་བྱང་སེམས་ཆེན་པོ། ལྟ་དགོངས་ཀྱི་གདེང་ ཚད་རྙེད་པའི་སྔགས་འཆང་ཆེན་པོ་ཞིག་ ཀྱང་ཡིན་སོང་། མཁན་ཆེན་ལགས། རིན་པོ་ ཆེ། ཁྱེད་ནི་ད་དུང་། འཛམ་གླིང་གི་མཁས་ པའི་ཁྱུ་མཆོག་ཆེན་པོ། འཛམ་གླིང་གི་རིག་པའི་ དཔའ་བོ་ཆེན་པོ། འཛམ་གླིང་གི་འགྲོ་བའི་དེད་ དཔོན་ཆེན་པོ་སོགས་ཀྱང་ཡིན་སོང་། མཁན་ ཆེན་ལགས། རིན་པོ་ཆེ། དེས་ན་ཁྱེད་ནི། སེམས་གཏིང་གི་ཉི་མ། མཚན་ལྗོངས་ཀྱི་ཟླ་བ། མུན་ཁང་གི་སྒྲོན་མེ་ངོ་མཚར་བ་དེ་ཡིན་སོང་། མཁན་ཆེན་ལགས། རིན་པོ་ཆེ། ཞེས་སྐྱབས་རྗེ་བླ་མ་དམ་པ་ཚུལ་ཁྲིམས་བློ་གྲོས་ མཆོག་ལ་ཅུང་ཙམ་བསྔགས་པའི་ཚུལ་འདིའང་ ནང་ལོ༢༥༥༢ལ་བསྟན་ཉིས་སུག་ལས་སུ་ བགྱིས་པའོ།། ༄༅། །སྙིང་ཁོང་གི་ཟླ་བ། མཁན་ཆེན་ལགས། རིན་པོ་ཆེ། ཚུལ་ཁྲིམས་བརྟན་ཅིང་བློ་གྲོས་ཕུན་སུམ་ཚོགས་ པ་ཁྱེད་ནི། གནའ་རབས་རིག་གཞུང་གི་སྲོལ་ འབྱེད་པ་ཆེན་པོ། དེང་རབས་ཚན་རིག་གི་རབ་ འབྱམས་པ་ཆེན་པོ། གནའ་དེང་ཟུང་འབྲེལ་གྱི་ ཐབས་མཁས་པ་ཆེན་པོ་ཞིག་ཡིན་སོང་། མཁན་ཆེན་ལགས། རིན་པོ་ཆེ། ཁྱེད་ནི། འཇིག་རྟེན་མི་ལུགས་ཀྱི་བསམ་བློ་བ་ཆེན་པོ། དམ་པའི་ལྷ་ལུགས་ཀྱི་ཉམས་ལེན་པ་ཆེན་པོ། ལུགས་ཟུང་ཤིས་རིག་གི་ཡོན་ཏན་པ་ཆེན་པོའང་ ཡིན་སོང་། མཁན་ཆེན་ལགས། རིན་པོ་ཆེ། ཁྱེད་ནི། ཆོས་ལུགས་རིས་མེད་ཀྱི་ཆེད་མཁས་ པ་ཆེན་པོ། གྲུབ་མཐའ་རིས་མེད་ཀྱི་མངའ་ བདག་པ་ཆེན་པོ། མི་རིགས་རིས་མེད་ཀྱི་ལམ་ སྟོན་པ་ཆེན་པོའང་ཡིན་སོང། མཁན་ཆེན་ ལགས། རིན་པོ་ཆེ། ཁྱེད་ནི། རྒྱལ་བསྟན་མདོ་སྔགས་ཀྱི་སྲོག་ཤིང་པ་ཆེན་པོ། གདོང་དམར་མི་རིགས་ཀྱི་སྲོག་མཐུད་པ་ཆེན་པོ། མགོན་མེད་ཉམ་ཐག་གི་སྲོག་བླུ་བ་ཆེན་པོའང་ ཡིན་སོང་། མཁན་ཆེན་ལགས། རིན་པོ་ཆེ། ཁྱེད་ནི། ཐོག་མར་དཀར་ཟས་ཀྱི་སྲོལ་འབྱེད་ པ་ཆེན་པོ། བར་དུ་དཀར་ཟས་ཀྱི་འབོད་ སྐུལ་པ་ཆེན་པོ། ཐ་མར་དཀར་ཟས་ཀྱི་རིང་ ལུགས་པ་ཆེན་པོའང་ཡིན་སོང་། མཁན་ཆེན་ ལགས། རིན་པོ་ཆེ། ཁྱེད་ནི། འཛམ་གླིང་ ཤར་ནུབ་ཀྱི་མཁས་པའི་གཙུག་རྒྱན་ཆེན་པོ། གངས་ལྗོངས་ལྷོ་བྱང་གི་བཙུན་པའི་ཁྱུ་མཆོག་ ཆེན་པོ། དཀར་ནག་རྒྱ་བོད་ཀྱི་གྲུབ་བརྒྱའི་ དབང་ཕྱུག་ཆེན་པོའང་ཡིན་སོང་། མཁན་ ཆེན་ལགས། རིན་པོ་ཆེ། ཁྱེད་ནི་ད་དུང་། ཐོས་བསམ་སྒོམ་གསུམ་གྱི་གཤོག་རྩལ་རྫོགས་ པའི་མཁའ་ལྡིང་དབང་པོ། འཆད་རྩོད་རྩོམ་གསུམ་གྱི་གཡུ་རལ་ངོམ་པའི་ སེང་ལྕམ་དཀར་མོ། བཤད་སྒྲུབ་ལས་གསུམ་གྱི་ བསྟན་པ་སྤེལ་བའི་རྒྱ་སྟག་ངར་མ་ཞིག་ཀྱང་ ཡིན་སོང་ཞིང་། མདོར་ན་མི་མཛེས་པ་དང་ མི་ལེགས་པ་ཅུང་ཟད་ཀྱང་མེད་པར་ཡོད་ཚད་ ནས་ཡོད་ཚད་ཤེས་རིག་དང་བཟང་ཡོན་འབའ་ ཞིག་གིས་གྲུབ་པའི་མཁྱེན་ཡོན་གྱི་ཕུང་པོ་འགྲན་ ཟླ་དང་བྲལ་བ་ཞིག་ཡིན་པས་ང་ཚོ་བོད་མི་ རིགས་དང་ནང་ཆོས་པའི་སྙིང་ཁོང་གི་ཟླ་བ་རྐང་ གཅིག་དེ་ཡིན་པར་མ་ཟད། འཛམ་གླིང་གི་ འགྲོ་བའི་ཡང་། དགུང་ཨ་སྔོན་དབྱིངས་ཀྱི་ཉི་ མ་དང་། མཚན་མུན་ཁང་ནང་གི་སྒྲོན་མེ་ཞིག་ ཡིན་སོང་། ནང་ལོ༢༥༤༩ལ་བསྟན་ཉིས་ བྲིས་པ་དགེ། ཞེས་མཁན་སྤྲུལ་བསྟན་པའི་ཉི་མས་གསུངས་པ་ལྟ་བུ་ཞིག་དངོས་བདེན་ངྲང་གི་ཡིན་པ་རེད། ཁོང་གི་དམངས་ཕན་གྱི་མཛད་པ་རེ་རེ་ཡང་བསམ་ཡུལ་འདས་པ་ཞིག་ཡིན་པས་རང་རེས་ཞབས་ཞུ་རེ་འགྲུབ་ནའང་དད་ལོག་མི་རུང་ངེས་ཅན་རེད། ངས་འདི་ནས་བླ་མ་ཡོད་ཚད་སྐྱོན་མེད་འབའ་ཞིག་ཟེར་བ་མིན། འོན་ཀྱང་ཁོང་ལ་ནི། དྲིན་ཅན་ལ་དྲིན་ལོག་མི་རུང་གི་ཟེར་བ་ཡིན། ཆགས་སྡང་གིས་སྨྲས་པ་ཞིག་གཏན་ནི་མིན།
  པར་ངོས་ཐོག་མ།  གོང་མ།  པར་ངོས 5/13 པར་ཡོད།  འོག་མ།  པར་ངོས་ཐ་མ།
ལྟ་ཀློག་གྲངས་ཀ
49403737
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1