གྲྭ་བཙུན་ཀུན་སྤྱོད་ལེགས་བཅོས་སྐོར་གྱི་ཚོགས་འདུ་གལ་ཆེན།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 7 ཚེས 12 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» ཆོས་ལུགས།» དགོན་སྡེའི་གསར་འགྱུར། »གྲྭ་བཙུན་ཀུན་སྤྱོད་ལེགས་བཅོས་སྐོར་གྱི་ཚོགས་འདུ་གལ་ཆེན།
གྲྭ་བཙུན་ཀུན་སྤྱོད་ལེགས་བཅོས་སྐོར་གྱི་ཚོགས་འདུ་གལ་ཆེན།
རྩོམ་སྒྲིག་པ།  ཁྰ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2014/9/18ལྟ་ཀློག (46910)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

     2014.9.15ཉིན་མདོ་སྨད་ཁྲི་འདུ་ལྷ་ཡི་གྲོང་ཁྱེར་དུ་གངས་ལྗོངས་གྲུབ་མཐའ་ཁག་དྲུག་གི་མཁས་དབང་རྣམ་པས་གྲུབ་མཐའ་རིས་མེད་དང་།  གྲྭ་བཙུན་ཀུན་སྤྱོད་ལེགས་བཅོས་སྐོར་གྱི་ཚོགས་འདུ་གལ་ཆེན་བསྡུས་ཤིང་། གསེར་རྟའི་མཁན་ཆེན་ཚུལ་ཁྲིམས་བློ་གྲོས།   ས་སྐྱ་པ་རྫོང་སར་མཁན་ཆེན་ཕུན་ཚོགས་རྣམ་རྒྱལ།  དགེ་ལྡན་པ་ཀིརྟིའི་དགེ་བཤེས་བརྩོན་འགྲུས། བཀའ་བརྒྱུད་པ་དཔལ་སྤུངས་མཁན་ཆེན་དོན་གྲུབ་བཀྲ་ཤིས།   ཇོ་ནང་པ་དགེ་བཤེས་དངོས་གྲུབ་དཔལ། རྙིང་མ་པ་ཡ་ཆེན་སྤྲུལ་གསང་སྔགས་བསྟན་འཛིན།   བོན་པོ་བ་སྣང་ཞིག་སྐྱབས་མགོན་བཅས་ཚོགས་ཞུགས་མཛད་དེ་བཀའ་སློབ་མང་བོ་གནང་འདུག

ཚོགས་འདུ་འདིའི་དགོངས་དོན་གནད་བསྡུས་དང་གྲོས་འདེབས་ཀྱི་གྲོས་ཆོད་ཡི་གེ

གྲོས་ཆོད་དང་པོ།

        ནང་པ་སངས་རྒྱས་པའི་དགེ་འདུན་པ་སྤྱི་དང་། སྟོན་པ་དང་། ཆོས་ལ་ཡིག་ངག་གང་རུང་གི་ལམ་ནས་ངན་སྨད་དང་སྐུར་འདེབས་ཀྱི་ལས་རིགས་ལ་ཞུགས་ཚེ་སློབ་གསོ་གནང་རྒྱུ་སོགས་ཐབས་ལམ་འཇམ་པོས་བསྒྱུར་བཅོས་བྱེད་དུ་འཇུག་རྒྱུ་དང་། དེས་ཀྱང་བསྒྱུར་བཅོས་མ་བྱས་ན་དགེ་འདུན་པ་སྤྱིའི་སྒྲིག་འཛུགས་ཀྱི་ལམ་ནས་གནས་དབྱུང་གི་ལས་ལ་སྦྱར་རྒྱུ། གནས་ནས་བྱུང་ཟིན་པ་གྲུབ་མཐའ་དང་ཆོས་བརྒྱུད་ཁག་གཞན་གྱིས་ཡར་མི་བསྡུ་རྒྱུ།

གྲོས་ཆོད་གཉིས་པ།

        དགོན་པ་སོ་སོའི་ནང་བླ་སྤྲུལ་མཁན་གསུམ་དང་མཁའ་འགྲོ་སོགས་ཀྱི་ཐོབ་ཐང་ངོས་ལེན་མེད་པར་རྒྱ་ཡུལ་སོགས་སུ་རང་དགར་བླ་སྤྲུལ་མཁན་གསུམ་དང་མཁའ་འགྲོ་སོགས་ཀྱི་མཚན་སྙན་བེད་སྤྱོད་བྱས་ཏེ་གཞན་ལ་མགོ་བསྐོར་གཏོང་བར་སྔོན་འགོག་ཡོང་བར་གདན་ས་ཁག་དྲུག་དང་ཆོས་སྡེ་གཉིས་ཀྱིས་གཅིག་གྱུར་གྱི་དཔང་ཡིག་ཚད་ལྡན་ཞིག་གཏན་ལ་འབེབ་རྒྱུ་དང་། དཔང་ཡིག་སྟེར་མཁན་གྱི་མི་སྣ་ཚད་ལྡན་རྩ་འཛུགས་བྱ་རྒྱུ། དེ་དག་ལ་སྤྲུལ་སྐུའི་དཔང་ཡིག་དགོས་པའི་རེ་བ་བཏོན་ཚེ་ངོས་འཛིན་ཚད་ལྡན་བྱས་ཡོད་མེད་དང་། ངོས་བཟུང་ཟིན་ཡང་བསམ་སྤྱོད་ཀྱི་ཐད་ནས་དཔང་ཡིག་སྟེར་འོས་མིན་ལ་ཞིབ་བཤེར་ནན་མོ་མཛད་དགོས།

གྲོས་ཆོད་གསུམ་པ།

        རབ་བྱུང་རྣམས་ཀྱིས་དགེ་འདུན་པ་སྤྱིའི་དོན་མ་ཡིན་པར་རང་དོན་དུ་ཚོང་བྱེད་པ་སོགས་དཔལ་འབྱོར་རྩོལ་སྒྲུབ་དང་གཞན་ཡང་དམེ་བྱེད་པ། སྤྱོད་ཡུལ་མ་ཡིན་པའི་གནས་སུ་ཞུགས་པ་དག་གིས་མཚོན་ཁྱིམ་པ་སུན་འབྱིན་གྱི་རྒྱུར་འགྱུར་བ་དག་སྔོན་འགོག་ཡོང་བར་དགོན་པ་དེར་གཏོགས་ཀྱི་རབ་བྱུང་རྣམས་ཐབས་ཤེས་སྣ་ཚོགས་ལ་བརྟེན་ནས་བཤད་སྒྲུབ་གང་རུང་དུ་བསྡུ་ཅི་ཐུབ་བྱ་རྒྱུ་དང་། གནས་སྐབས་བསྡུ་མ་ཐུབ་པ་རྣམས་ལ་ལོ་རེར་ཟླ་གཅིག་ཡན་གྱི་དུས་ཚོད་ངེས་ཅན་ཞིག་གཏན་ཁེལ་བྱས་ཏེ་སློབ་གསོའི་གསབ་སྦྱོང་འཚོགས་རྒྱུ།

གྲོས་ཆོད་བཞི་བ།

ཕམ་པ་འཆབ་བཅས་ཀྱིས་གོས་པའི་གང་ཟག་རྣམས་གནས་དབྱུང་བྱ་རྒྱུའི་ལག་ལེན་ཡོད་པའི་དགོན་པ་རྣམས་ཀྱིས་སྔར་བཞིན་རྒྱུན་སྐྱོང་གནང་རྒྱུ་དང་། དེ་འདྲའི་ལག་ལེན་མེད་པའི་དགོན་པ་དག་གིས་ད་ཕྱིན་ཕམ་པ་འཆབ་བཅས་བྱུང་བའི་གང་ཟག་འབྱུང་ཚེ་དམ་ཆོས་འདུལ་བའི་གཞུང་བཞིན་གནས་དབྱུང་གི་ལས་ལ་སྦྱར་རྒྱུ།

གྲོས་ཆོད་ལྔ་བ།

        སྤྲུལ་སྐུ་ངོས་འཛིན་བྱེད་སྟངས་ནི་ངོས་འཛིན་བྱེད་མཁན་དེ་ཐོབ་དང་གོ་ས་ལ་མ་ལྟོས་པར་སྡེ་དགོན་ཀུན་གྱིས་བློ་ཁེལ་ངེས་ཀྱི་མ་དགོན་རང་གི་སྐྱེས་ཆེན་དམ་པ་ཞིག་མ་གཏོགས་ངོས་འཛིན་མི་གནང་རྒྱུ། གཞན་ཡང་སྡེ་དགོན་ཡོངས་ཀྱིས་བསམ་བློ་གཅིག་གྱུར་ཡིན་པ་མ་གཏོགས་གང་ཟག་རེ་ཟུང་གིས་སྒེར་གཅོད་ཀྱི་ལམ་ནས་ཞུ་མི་ཆོག་པ་དང་། གལ་ཏེ་ཞུས་ཀྱང་ངོས་འཛིན་མི་བྱ་རྒྱུ། ངོས་བཟུང་ཡང་རང་ལོ་ཉེར་ལྔ་མ་ལོན་བར་དུ་ཁྲི་འདོན་དང་དཔང་ཡིག་སྟེར་བ་བཅས་ཀྱི་བྱེད་སྒོ་མེད་པར་དགེ་བའི་བཤེས་གཉེན་བསྟེན་ནས་སློབ་སྦྱོང་བྱེད་དུ་འཇུག་རྒྱུ།

གྲོས་ཆོད་དྲུག་པ།

       དགེ་ཚུལ་སློང་གི་སྡོམ་པ་སྟེར་ལུགས་ཀྱི་ཕྱོགས་ནས་སྡོམ་པ་གནང་མཁན་དག་གིས་སྒྲུབ་བྱེད་ཀྱི་ཆོ་ག་བློ་ལ་ཐོན་ངེས་ཤིག་དང་། བསྒྲུབ་བྱའི་ངོས་ནས་རང་ལ་ཡོ་སྤྱད་ཚང་དགོས་པ་རྣམས་ཚང་དགོས་ཤིང་། དགེ་ཚུལ་གྱིས་རགས་པ་བཅུ་དང་དགེ་སློང་གིས་ཕམ་ལྷག་བཅུ་བདུན་གྱི་སྡོམ་བློ་ལ་ཡོད་ཅིང་དོན་ངེས་པར་བྱ་བ་ཞིག་མ་མཐའ་ཡང་དགོས། གལ་ཏེ་བསྲུང་བྱའི་ཚིག་དོན་རྣམས་བློར་མ་ངེས་ཚེ་རེ་ཞིག་སྡོམ་པ་མི་སྟེར་བར་བསྲུང་བྱ་རྣམས་བསླབ་ཏུ་གཞུག་རྒྱུ།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 122 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
nkdq བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: གངས་ཕྲུག སྤེལ་དུས:2014/9/24
ཁོང་གིས་བཀའ་མ་བཀྱོན་ནའང་ཐུགས་ལ་བབ་རྒྱུ་མ་རེད། ད་མཚམས་འཇོག་གྱིས།
 སྤེལ་མཁན: གངས་ཕྲུག སྤེལ་དུས:2014/9/24
མིང་དོན་མཚུངས་པའི་འདྲེ་ཕྲུག་ཁྱོད་སྤྱིར་ནང་ཆོས་དང་གྲྭ་པ། དགོས་སུ་བླ་མ། ལྷག་པར་དུ་བསྟན་འཛིན་གྱི་སྐྱེས་བུ་རྣམས་ལ་སྡང་ཞུགས་མཁན་གྱི་བསྟན་དགྲ་དམ་ཉམས་ཤིག་ཡིན་ངེས་རེད། ཚིག་ཤུགས་ལ་བལྟས་པས་ཤེས་སོང་། ཁྱོད་ལ་ལུང་རིགས་ཤིག་ཡོད་ན་འདྲེ་ཡི་ལུང་དང་བཙན་གྱི་རིགས་པ་བདུད་ཀྱི་ཕོ་ཉ་ཐེའུ་རང་གི་བྱད་གཟུགས་སྲིན་པོ་མགོ་དགུ་བ་ཞིག་ཡིན་ཚོད་རེད། ཨ་ལ་ཀུ་རེ་ཡིན་དང་། ངོ་མ་ཁོང་རྣམ་པ་ལ་ཞབས་ཞུ་མ་འགྲུབ་ནའང་ཞབས་འདྲེན་དང་ལོག་ལྟ་སྐུར་འདེབས་གཏན་ནས་རུང་གི་མ་རེད་མ་གཏོགས་མི་རིགས་སྤྱི་དང་བསྟན་པ་སྤྱིའི་ཞབས་འདྲེན་དུ་འགྱུར་ངེས་རེད། མ་ཟད། ཁམས་གསུམ་སེམས་ཅན་བསད་ལས་སྡིག་ཆེ་བ། །བྱང་ཆུབ་སེམས་དཔའ་རྣམས་ལ་སྐུར་བ་བཏབ། །དོན་མེད་སྡིག་ཆེན་བསགས་པ་མཐོལ་ལོ་བཤགས། །ཞེས་པ་ལྟར་ཡིན་པས་ལས་ངན་མ་བསགས་ན་དགའ་ཚོད་རེད། ང་གྲྭ་པ་ཞིག་མིན་ཡང་གསར་རྙིང་རིས་མེད་མཁན་གྱི་མི་སྐྱ་ཞིག་ཡིན། ད་སྨྲ་བ་དཀྱུང་ན་མ་གཏོགས་འདི་ཚོ་བླ་མ་ཡིད་བཞིན་ནོར་བུ་ཚུལ་ཁྲིམས་བློ་གྲོས་སང་གིས་གསན་ན་ང་ལ་བཁའ་བཀྱོན་རྒྱུ་རེད།
 སྤེལ་མཁན: འདྲེ་ཕྲུག སྤེལ་དུས:2014/9/24
གངས་ཕྲུག་སྐད་ཆ་བཤད་ལ་བལྟས་ན་གྲྭ་པ་བླུན་པོ་ཞིག་ཡིན་པ་འདྲ། བོད་མི་དམངས་རྨོངས་གཉིད་ལས་སད་དོགས་ནས་ཞེད་སྣང་འདུག་གམ། ཚོད་ཟུངས་ཟེར་ན་ག་རེ་རེད། གསད་བསམ་གི་ཡོད་དམ། བོད་རིགས་ཚོ་ལ་དགྲ་ཕྱི་ལ་མེད་པའི་ནང་། དེང་སང་གྲྭ་པ་ཚོ་མི་བསད་ཡས་ལ་དགའ། ཨ་ཀོང་སྤྲུལ་སྐུ་བསད་མཁན་གྲྭ་པ་རེད། གངས་ཕྲུག་ལུང་རིགས་ཀྱིས་ལན་མ་ཐེབས་ན། ཕེབས་ཤོག་དང་དགའ་བསུ་ཡོད། འདྲེ་ཕྲུག་ལ་ལུང་དང་རིགས་པ་ཡང་ཡོད། རྡོ་དང་དབྱུག་པ་ལའང་མཁས། བཀའ་དྲིན་ཆེ།
 སྤེལ་མཁན: གངས་ཕྲུག སྤེལ་དུས:2014/9/24
གྲོག་མ་གསེར་ཁུར་སོགས་ཀྱི་གསུང་དེ་བདེན་པ་རང་རེད། འདྲེ་ཕྲུག་ཁྱོས་ཚོད་བཟུང་དམ་ཉམས་པོ།
 སྤེལ་མཁན: དུག་ལོ། སྤེལ་དུས:2014/9/24
གྲུབ་མཐའ་ཁག་དྲུག་གི་ཚོགས་འདུ་གལ་ཆེན་དེ་ལ་རྒྱལ་ཕྱི་ནང་ཡོངས་ནས་དགའ་བསུ་དཔེ་མེད་ཐོབ་འདུག. ཕྲན་ནས་ཀྱང་འགྲོ་བ་སྤྱིའི་ཚབ་བྱས་ནས་ཚོགས་ཞུགས་ཡོངས་ལ་བཀའ་དྲིན་དང་ཐུགས་རྗེ་ཆེ་ཞུ། ཀླད་མེད་འགས་འཆལ་གཏམ་འགའ་སྤེལ་འདུག་པ་ནི་ཆེས་མ་འོས་པ་ཞིག་རེད།མང་པོ་མི་བཤད།
 སྤེལ་མཁན: གྲོག་མ་གསེར་ཁུར། སྤེལ་དུས:2014/9/24
ཞི་བདེའི་དེད་དཔོན་གཉིས་པ་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཁོང་གི་མཛད་པ་དེ་སངས་རྒྱས་ཀྱི་མཛད་པ་ལྟར་རིས་མེད་ཀྱི་བསྟན་པ་དང་ཉམ་ཐག་པའི་འགྲོ་བ་ལ་ཕན་པ་ལྷུར་ལེན་པ་བྱང་ཆུབ་སེམས་དཔའི་མཛད་པ་དངོས་ཡིན་པར་མ་ཟད་ཁོང་རྣམ་པའི་ཐུགས་བསྐྱེད་དུས་སུ་བབ་ནས་འཛམ་གླིང་ཤར་ནུབ་ཀུན་ལ་ཕྲིན་ལས་མཛད་པ་དཀར་པོས་བར་མེད་དུ་ཁྱབ་སྟེ་རླབས་ཆེན་འགྲན་བྲལ་གྱི་བྱ་བ་མང་པོ་བསྒྲུབས་པས་སྤྱི་ཚོགས་ཀྱིས་དགའ་བསུ་དང་ཕན་འབྲས་བླ་མེད་བྱུང་དང་འབྱུང་བཞིན་པ་དངོས་གནས་རེད། རང་གར་ཆགས་སྡང་གི་གཏམ་གཏན་ནས་མིན། གྲུབ་མཐའ་སྤྱི་དང་སེམས་ཅན་ཡོངས་ལ་གནོད་པའི་ལས་འདི་མཚམས་འཇོག་བྱེད་རོགས། དྲ་གྲོགས་ཚོ།
 སྤེལ་མཁན: རྣམས་སྲས། སྤེལ་དུས:2014/9/24
ཇོ་ནང་བསྟན་པའི་གསལ་བྱེད་མཁན་ཆེན་༧དངོས་གྲུབ་དཔལ་ལ་སོགས་པའི་སྐྱེས་ཆེན་རྣམས་སྐུ་ཚེ་བསྟན་པར་སྨོན།
 སྤེལ་མཁན: འདྲེ་ཕྲུག སྤེལ་དུས:2014/9/24
ཏག་ཏག་རེད། མགོ་ལ་ཀླད་པ་ཡོད་མཁན་གྱི་བོད་པ་ཚོ། རང་མགོ་ཆུ་ཁྲིད་མ་བྱེད། སངས་རྒྱས་ཤཱཀྱ་ཐུབ་པའི་ལུགས་དང་མི་མཐུན་པ་བྱེད་མཁན་ཁོང་སྐུ་བཞུགས་དུས་དགེ་སློང་དྲུག་སྡེ་ཟེར་བ་ཞིག་བྱུང་མྱོང་པ་རེད། འོན་ཀྱང་ཁོ་ཚོས་སངས་རྒྱས་ཀྱི་བཀའ་ལ་ཉོན་པ་ཡིན་སྟབས། ཁོ་ཚོས་ཚུལ་མིན་གྱི་སྤྱོད་པ་སྣ་རེ་སྤེལ་བ་དང་། སངས་རྒྱས་ཀྱིས་དེ་ལ་བཀའི་བཅད་པ་གནང་ནས་དེང་དུས་འདུལ་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་ཞེས་པ་འདི་བྱུང་བ་རེད། ཡིན་ནའང་སངས་རྒྱས་ཀྱིས་གསུང་ཟིན་པ་དེ་ཁོ་ཚོས་བརྩི་སྲུང་བྱས་པ་རེད། དེང་དུས་ཁྲེན་ཏུའུ་གྲོང་ལའང་རྒྱ་བླ་དྲུག་སྡེ་ཞིག་གིས་གྲྭ་ཆུང་དང་མི་སེར་ལ་ཚུལ་མིན་གྱི་ཆད་པ་གཅོད་ཐབས་ཀྱི་ཁྲིམས་འགལ་གྱི་ལས་འགུལ་འདི། དོན་དུ་ཁོ་ཚོ་སྲིད་ལ་ལ་ཞེན་དྲག་པའི་བྱ་སྤྱོད་རེད། ཚོ་ཁོས་རང་གི་ཁེ་ཕན་བཞག་ནས་སངས་རྒྱས་ལ་བརྩི་གི་མ་རེད། རིན་ཆེན་ཞབས་ཞེས་པ་འདི་ཕལ་ཆེར་ཁོ་ཚོ་དྲུག་སྡེའི་ནང་གི་གཅིག་ཡིན་པ་འདྲ། དེས་ན་ངས་ཐད་ཀར་ལན་ཞུས་པ་ཡིན། བོད་མི་དམངས་ཟ་བས་མི་ཆོག་པ། ད་རུང་མནར་གཅོད་མི་བྱ་རོགས། ཁོ་ཚོའི་ཁ་ལ་ཉོན་ན་བོད་ཀྱི་རིག་གནས་རྣལ་མ་དེ་ཡུན་རིང་མི་གནས་པ་རྒྱ་མིན་བོད་མིན་ཞིག་ལ་འགྱུར་ངེས།
 སྤེལ་མཁན: རིན་ཆེན་ཞབས། སྤེལ་དུས:2014/9/24
མཁན་ཆེན་དམ་པ་གཙོས་གྲུབ་མཐའ་དྲུག་གི་འཚོགས་འདུ་གལ་ཆེན་སྔར་བྱུང་མ་མྱོང་བ་འདི་ཧ་ཅང་གི་བྱ་བ་རླབས་ཚང་མས་དགའ་བསུ་དང་རྒྱབ་སྐྱོར་བྱེད་དགོས་ངེས་ཤིག་རེད་ལགས། བོད་པ་ཚོ་བསམ་བློ་ཐོངས། རང་གིས་རང་མ་བརླག
 སྤེལ་མཁན: རིན་ཆེན་ཞབས། སྤེལ་དུས:2014/9/24
མཁན་ཆེན་དམ་པ་གཙོས་གྲུབ་མཐའ་དྲུག་གི་འཚོགས་འདུ་གལ་ཆེན་སྔར་བྱུང་མ་མྱོང་བ་འདི་ཧ་ཅང་གི་བྱ་བ་རླབས་ཚང་མས་དགའ་བསུ་དང་རྒྱབ་སྐྱོར་བྱེད་དགོས་ངེས་ཤིག་རེད་ལགས། བོད་པ་ཚོ་བསམ་བློ་ཐོངས། རང་གིས་རང་མ་བརླག
  པར་ངོས་ཐོག་མ།  གོང་མ།  པར་ངོས 7/13 པར་ཡོད།  འོག་མ།  པར་ངོས་ཐ་མ།
ལྟ་ཀློག་གྲངས་ཀ
49421929
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1