སྙན་སྒྲོན།
༄༅།།ཤ་རུས་དུང་དཀར་གྱི་ལྷུ་ལག་འཐོར་མ་མྱོང་ལ་མཐུན་སྒྲིལ་གསེར་ནག་གི་ཨ་ལོང་ལྷོད་མ་མྱོང་བའི་ཆོལ་གསུམ་བོད་མི་སྤྱི་དང་སྒོས་སྙན་ངག་གི་མེ་ཏོག་འཐུ་བར་དགའ་ཞིང་མེ་ཏོག་གི་མཆོད་པར་དེ་བས་ཀྱང་སྤྲོ་བའི་སྨྱུག་ཐོགས་པ་རྣམ་པའི་སྙན་དུ།
ང་ཚོས་ནི་ཁ་འཐོར་ལུང་འཐོར་གྱི་རྣམ་པས་གཙེས་ཏེ་སྐད་དང་ཡི་གེའི་གཟི་མདངས་ཉམས་ལ་ཉེ་བའི་དུས་འདིར། ཆོལ་གསུམ་གངས་རིའི་ལྗོངས་ལ་བསྙོན་མེད་དུ་འགྲོ་བའི་སྐད་བརྡ་ཞིག་གམ་སྤྱི་སྐད་ཀྱི་ས་བོན་ཞིག་ཆགས་པར་ཞབས་ཕྱི་ཨེན་ཙམ་བསྒྲུབ་པའི་ཀུན་སློང་གཙང་མས་མདུན་བསུས་ཤིང་ཁྱད་པར་དུ་སྙན་ངག་གི་ལས་ལ་འཇུག་པར་སྤྲོ་བའི་གཞོན་སྐྱེས་རྣམས་ལ་སྐུལ་འདེད་དང་ཡར་རྟོག་གི་ནུས་པ་ཞིག་ཨེ་ཐོན་བསམས་ནས་བོད་ཀྱི་སློབ་ཆེན་པའི་ཁྲོད་ཀྱི་སྙན་ངག་སྐྱུག་མཁན་ཚོར་སྨྱུག་རྩལ་ངོམ་སའི་ཤོག་དཀར་དང་དགའ་སྐྱོ་ཆགས་སྡང་གི་ཚོར་བ་གདངས་སུ་གྱེར་སའི་གར་སྟེགས་ཏེ་༼ཕ་སྐད་གཙང་མའི་འཕྲིན་ལས༽ཞེས་པའི་སྙན་ངག་གྱེར་འདོན་འགྲན་སྡུར་ཞིག་བསྡུ་གྲབས་ཡོད་ལ། འདིར་ཆེད་དམིགས་ཀྱིས་གདན་ཞུའི་སྐུ་མགྲོན་ནི་རྒྱང་སྒྲོག་པ་གྲགས་ཅན་ཕུར་བ་དང་འབྲོང་། ཚེ་མགོན།
བཀྲ་ཤིས་དབང་ཕྱུག
སྒྱུ་རྩལ་པ་གྲགས་ཅན་ཞི་བདེ་ཉི་མ། གླུ་ཚིག་རྩོམ་པ་པོ་གཉན་དུག་སྡོང་། སྙན་ངག་པ་གྲགས་ཅན་ཁྲི་སེམས་དཔའ། ན་གཞོན་གློག་བརྙན་འཁྲབ་ཁྲིད་པ་རྣོ་སྦྲེང་།
དེ་མིན་བོད་ཀྱི་གཞས་པ་གྲགས་ཅན་བདེ་སྐྱིད་ཚེ་རིང་དང་མགར་བསམ་འགྲུབ་ཚེ་རིང་སོགས་གདན་འདྲེན་བྱས་ཡོད།
གསལ་བཤད།
༡གྱེར་བྱའི་སྙན་ངག་གི་བརྗོད་བྱ་བོད་སྤྱི་སྐད་ལ་སྨན་པའི་ཕྱོགས་སུ་གཞོལ་བ།
༢ཆབ་སྲིད་དང་མི་རིགས་མཐུན་སྒྲིལ་ལ་གནོད་པའི་ལས་ལ་མི་སྐུལ་བ།
༣འགྲན་ཞུགས་པའི་ཁྱབ་ཁོངས་ཆོལ་གསུམ་བོད་ཀྱི་སློབ་ཆེན་པ་ཡིན་དགོས།
༤འགྲན་ཞུགས་པས་བོད་ལྭ་གྲལ་དག་གྱོན་ཞིང་གྱེར་འདོན་ལ་མཁོ་བའི་ཡོ་བྱད་དག་མི་བུ་རང་སྟེང་ནས་གྲ་སྒྲིག་བྱེད་དགོས།
༤ཐེངས་འདིའི་འགྲན་སྡུར་རིམ་པ་གཉིས་སུ་བཀར་ཏེ་ཐེངས་དང་པོའི་འགྲན་སྡུར་ཁྲོད་མི་སྣ་བཅོ་ལྔ་བསལ་རྒྱུ་ཡིན།
འགྲན་སྡུར་རིམ་པ་དང་པོ་ཟླ༡༡པའི་ཚེས༡ཉིན་མཚོ་སྔོན་མི་རིགས་སློབ་ཆེན་དུ་སྤེལ་རྒྱུ་ཡིན།
རྟིང་རྩོད་འགྲན་སྡུར་ཟླ༡༡པའི་ཚེས༨ཉིན་གྱི་ཕྱི་དྲོའི་ཆུ་ཚོད༠༡:༠༠གི་སྟེང་ཟི་ལིང་ཐུན་རིན་ལམ་མི་རིགས་བདེ་ལྡན་གླིང་དུ་སྤེལ་རྒྱུ་ཡིན།
འབྲེལ་གཏུགས་བྱ་ཡུལ།
སྐལ་བཟང་འབུམ།15597394444
བསོད་ནམས་ཚེ་རིང་།13299762120
ཚེ་དབང་རྒྱ་མཚོ།15500604433
རྡོ་རྗེ་འབུམ།18935603111
ཡང་ན་སྦྲང་དཀར་རྩམ་པའི་འཕྲིན་ལམ་ནས་འབྲེལ་བ་བྱས་ཆོག
|