དཔལ་མཉམ་མེད་རི་བོ་དགའ་ལྡན་པའི་ལུགས་བཟང་ཇི་ལྟར་བྱུང་ཚུལ་རགས་ཙམ་གླེང་པ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 12 ཚེས 26 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» ཆོས་ལུགས།» ནང་བསྟན་གྲུབ་མཐའ། »དཔལ་མཉམ་མེད་རི་བོ་དགའ་ལྡན་པའི་ལུགས་བཟང་ཇི་ལྟར་བྱུང་ཚུལ་རགས་ཙ
དཔལ་མཉམ་མེད་རི་བོ་དགའ་ལྡན་པའི་ལུགས་བཟང་ཇི་ལྟར་བྱུང་ཚུལ་རགས་ཙམ་གླེང་པ།
རྩོམ་སྒྲིག་པ།  ཁྰ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2014/12/13ལྟ་ཀློག (42519)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

                                                                        བེ་རི་དགེ་བཤེས་འཇིགས་མེད་དབང་རྒྱལ།

       ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ།  རྒྱལ་ཀུན་གསང་གསུམ་གཅིག་བསྡུས་མི་ཡི་གར། །འཇམ་མགོན་རྒྱལ་བ་གཉིས་པར་གུས་བཏུད་ནས། །བསྟན་པའི་སྙིང་པོ་ཞྭ་སེར་རིང་ལུགས་པའི། །ཆོས་ཚུལ་བྱུང་བ་རགས་ཙམ་གླེང་པར་སྤྲོ། །

    བདེ་བར་གཤེགས་པའི་མདོ་རྒྱུད་དུ་མ་ནས་ལུང་གིས་ཟིན་པའི་ཁ་བ་གངས་ཅན་གྱི་ལྗོངས་འདིར་སྔོན་བྱོན་ཆོས་རྒྱལ་ལོ་པཎ་རྣམས་པའི་བཀྲིན་ལ་བརྟེན་ནས་ཕན་བདེའི་འབྱུང་གནས་བདེ་བར་གཤེགས་པའི་བསྟན་པ་རིན་པོ་ཆེ་ཇི་ལྟར་མཁའ་ལ་ཉི་ཟླའི་དཀྱིལ་འཁོར་བཞིན་ལྷམ་མེ་ལྷན་ནེ་ལྷང་ངེར་གསལ་བར་བྱས་པའི་ནང་ནས། འདི་གང་ཞིག་འཆད་པར་བྱ་བའི་ཆོས་ནི་རྒྱལ་བའི་མདོ་རྒྱུད་དུ་མ་ནས་ལུང་གིས་ཡང་ཡང་བསྟན་པ། འཇམ་མགོན་རྒྱལ་བ་གཉིས་པ་ཙོང་ཁ་པ་ཆེན་པོས་སྲོལ་བཏོད་པའི་དཔལ་མཉམ་མེད་རི་བོ་དགའ་ལྡན་པའི་ཆོས་ཚུལ་ཇི་ལྟར་བྱུང་ཚུལ་གྱི་སྐོར་ཡིན་ལ། དེ་ལའང་ས་བཅད་ཀྱི་དབང་དུ་བྱས་ན། ༡  ༽བསྟན་པ་འདི་ཉིད་སྲོལ་གཏོད་པ་པོ་དང༌་། དང་།༢  ༽དེས་དགེ་ལྡན་བསྟན་པ་ཇི་ལྟར་སྲོལ་གཏོད་པ། ༣  ༽དགེ་ལྡན་བསྟན་པའི་འཕེལ་རིམ།

༡  ༽བསྟན་པ་འདི་ཉིད་སྲོལ་གཏོད་པ་པོ།

       བསྟན་པ་འདི་ཉིད་སྲོལ་གཏོད་པ་པོ་ནི། འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་ཡིན་ལ། དེ་ཡང་རྗེ་ཙོང་ཁ་པ་ཆེན་པོ་འདི་ཉིད། ངེས་པའི་དོན་དུ་རྒྱལ་བ་ཀུན་གྱི་ཐུགས་མཁྱེན་པའི་བདག་ཉིད། འཇམ་པའི་དབྱངས་སུ་ངེས་པ་དང༌་། དང་།དྲང་བའི་དོན་དུའང་སྟོན་པ་ཐུགས་རྗེ་ཅན་འཇིག་རྟེན་དུ་བྱོན་པའི་སྐབས། བྲམ་ཟེ་ཁྱེའུའི་སྐྱེ་བ་བཞེས་ནས་ཐུབ་པའི་དྲུང་དུ་ཤེལ་དཀར་གྱི་ཕྲེང་བ་ཕུལ་ནས། བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ཚུལ་བསྟན་པ་དང༌།[1] དེ་ནས་ཟོལ་མ་ཆད་པ་འཕགས་བོད་ཀྱི་མཁས་གྲུབ་སྐྱེས་ཆེན་དུ་མའི་སྐྱེ་བ་བཞེས་ཚུལ་དང༌་། དང་།བཞེས་ནས་བསྟན་པ་ལ་བྱ་བ་རྒྱ་ཆེར་མཛད་ཚུལ། རྒྱལ་བའི་མདོ་རྒྱུད་དུ་མ་དང༌་། དང་།པད་མ་བཀའ་ཐང༌་། དང་།བཀའ་གདམས་གླེགས་སོགས། འཕགས་བོད་མཁས་གྲུབ་དུ་མའི་ལུང་གིས་ཟིན་པ་ཡིན་ནོ།།[2] ཞིང་འདིར་ཇི་ལྟར་སྐྱེ་བ་བཞེས་པའི་ཚུལ་ནི། རབ་བྱུང་དྲུག་པའི་མེ་བྱ་༡༣༥༧ལོ་ཟླ་བ་བཅུ་པའི་ཚེས་བཅུའི་ཉིན། ཤར་ཕྱོགས་ཙོང་ཁའི་ཡུལ་དུ།[3] ཡབ་ཀླུ་འབུམ་ད་ར་ཁ་ཆེ་དང༌་། དང་།ཡུམ་ཤིང་གཟའ་ཨ་ཆོས་གཉིས་ཀྱི་སྲས་སུ། རིགས་གསུམ་རྣམ་འཕྲུལ་གཅིག་ཏུ་བསྡུས་པའི་ངོ་མཚར་རྨི་ལྟས་དུ་མ་དང་བཅས་སྐུ་བལྟམས་པ་དང༌་། དང་།ལྟེ་མཚལ་གང་དུ་འཐོར་བའི་ས་ལས། ཙན་དན་ལྗོན་པ་འཁྲུངས་པའི་ལོ་མ་འབུམ་ལ། རྒྱལ་བ་སེང་གེ་ང་རོའི་སྐུ་རང་བྱོན་རེ་བྱུང་བ་མཆོག་དམན་ཀུན་གྱིས་མཐུན་སྣང་དུ་མཇལ་དུ་ཡོད་པ་བྱུང༌་། དང་།དགུང་ལོ་གསུམ་ནས་རྒྱལ་མཆོག་ཀརྨ་པ་སྐུ་ཕྲེང་བཞི་པ་རོལ་པའི་རྡོ་རྗེའི་དྲུང་ནས། དགེ་བསྙེན་གྱི་སྡོམ་པ་སྒྲུབ་པའི་མཚན་ལ་ཀུན་དགའ་སྙིང་པོ་གསོལ། དགུང་ལོ་བརྒྱད་ལ་ཆོས་རྗེ་དོན་གྲུབ་རིན་ཆེན་པའི་དྲུང་ནས། རབ་བྱུང་དང་དགེ་ཚུལ་གྱི་བསླབ་སྡོམ་བཞེས་པའི་མཚན་ལ་བློ་བཟང་གྲགས་པ་ཞེས་གསོལ།[4] དེ་ནས་བཟུང་དབུས་སུ་མ་ཕེབས་བར་དུ་བླ་མ་དམ་པ་དེའི་དྲུང་ནས། ཀ་ཁ་ནས་བཟུང་མདོ་སྔགས་ཀྱི་ཆོས་ཚུལ་མཐའ་ཡས་པ་ཞུས། དགུང་ལོ་བཅུ་དྲུག་པར་དབུས་སུ་ཕེབས་ཏེ། ཐོག་མ་ལམ་གྲོགས་ཚོ་དང་མཉམ་དུ། བཀའ་བརྒྱུད་ཕྱག་རྒྱ་ཆེན་པོའི་གདན་ས་གཙོ་ཐེལ་དུ། སྤྱན་སྔ་ཡབ་སྲས་ཀྱི་དྲུང་ནས་སེམས་བསྐྱེད་ཀྱི་སྡོམ་པ་སོགས་ཞུས། དེ་ནས་ཆོས་གྲྭ་ཆེན་པོ་བདེ་བ་ཅན་དུ་བྱོན། སྙེ་ཐང་པ་བཀྲིས་སེང་གེ་སོགས་ལ་བརྟེན་ནས། བདེ་བར་གཤེགས་པའི་གསུང་རབ་ཀུན་གྱི་ཡང་སྙིང༌་། དང་།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཞུང་ལུགས་རྒྱ་མཚོ་ལྟ་བུར། གཞན་དྲིངས་མི་འཇོག་པའི་གསན་བསམ་རྒྱ་ཆེར་མཛད། གཙང་དུ་ཕེབས་ཏེ་རེད་མདའ་བ་གཞོན་ནུ་བློ་གྲོས་པའི་དྲུང་ནས། འདུལ་བ་དང༌་། དང་།མངོན་པ་གོང་འོག ཚད་མ། དབུ་མ་སོགས། རྒྱུ་ཕ་རོལ་ཏུ་ཕྱིན་པའི་འཕགས་བོད་ཀྱི་གཞུང་ལུགས་རྒྱ་མཚོ་ལྟ་བུ་ལ། འགྲན་ཟླ་མེད་པའི་མཁས་པར་བསླབས། དགུང་ལོ་སོ་བཞི་ནས་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་དང༌་། དང་།བུ་སྟོན་ཐུགས་སྲས་དགེ་སློང་སྒྲ་ཚད་མ། རྟོགས་ལྡན་རྔོ་ཉག་པ་ཡེ་ཤེས་རྒྱ་མཚོ། རྗེ་རེད་མདའ་བ་སོགས་ལ། རྒྱུད་སྡེ་བཞིའི་དབང་ལུང་མན་ངག་དང་བཅས་པ་གསན་བསམ་ཕུ་མཐར་ཕྱིན་པར་མཛད། གཞན་ཡང་ལོ་ཆེན་ནམ་མཁའ་བཟང་པོ་དང༌་། དང་།དུས་འཁོར་པ་ཡེ་ཤེས་རྒྱ་མཚོ། སྨན་པ་དཀོན་མཆོག་སྐྱབས་སོགས་ལས། ཐུན་མོང་བའི་ཤེས་བྱ་རིགས་པའི་གནས། སྒྲ་སྙན་སྨན་རྩིས་བཟོ་རིག་དང་བཅས་པ་ལའང་ཚེགས་མེད་པར་གཞན་དྲིངས་མི་འཇོག་པའི་མཁས་པར་བསླབས། མདོར་ན་ཆོས་རྗེ་དོན་གྲུབ་རིན་ཆེན་དང་༌། བླ་མ་འཇམ་སེར་པ། གྲྭ་སྐོར་མཁན་ཆེན་ཆོས་སྐྱབས་བཟང་པོ་སོགས་ཇོ་བོ་བཀའ་གདམ་པ་དང༌་། དང་།གངས་ཅན་མཁས་པའི་གཙུག་རྒྱན་རེད་མདའ་བ་ཆེན་པོ་གཞོན་ནུ་བློ་གྲོས་དང༌་། དང་།ཉ་དབོན་ཀུན་དགའ་དཔལ་སོགས་དཔལ་ལྡན་ས་སྐྱ་པ་དང༌་། དང་།གསང་བའི་བདག་པོ་མིའི་རྣམ་འཕྲུལ་ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་སོགས་སྔ་འགྱུར་རྙིང་མ་དང༌་། དང་།རྒྱལ་མཆོག་ཀརྨ་པ་རོལ་པའི་རྡོ་རྗེ་དང༌་། དང་།མཁས་གྲུབ་ཁྱུང་པོ་རྣལ་འབྱོར་སོགས་བཀའ་བརྒྱུད་ཕྱག་རྒྱ་ཆེན་པོ་དང༌་། དང་།པཎ་ཆེན་ཕྱོགས་རྒྱལ་བ་སོགས་ཇོ་ནང་པ་དང་།དགེ་སློང་སྒྲ་ཚད་པ་སོགས་བུ་སྟོན་སློབ་རྒྱུད་ཀྱིས་མཚོན། མདོར་ན་སྐབས་དེར་ཞལ་བཞུགས་པའི་རེས་སུ་མ་མཆིས་པའི་ཆོས་རྒྱུད་རྣམས་ཀྱི་ཁྲོད་ནས། རྩེ་ཏོག་གི་མཁས་གྲུབ་སྐྱེ་བོ་ཕལ་མོ་ཆེའི་དྲུང་ནས། གསུང་རབ་དགོངས་འགྲེལ་དང་བཅས་པར་གསན་བསམ་མཐར་ཕྱིན་པ་མཛད་ནས། སྐབས་དེའི་གནམ་སྔོན་པོའི་འོག་ཏུ་གསུང་རབ་དགོངས་འགྲེལ་དང་བཅས་པ་ལ། མང་དུ་ཐོས་པའི་ཡོན་ཏན་རྗེ་འདི་པ་ལས་ཆེ་བ་སུ་ཡང་མ་བྱུང་བར་མངོན་ནོ། །དགུང་ལོ་ཉེར་བཞི་པར་བྱེ་རྫིང་མཁན་པོ་ལས་བསྙེན་པར་རྫོགས་པའི་དགེ་སློང་གི་སྡོམ་པ་བཞེས། དེ་ལྟར་ཐོས་པའི་དོན་རྣམས་རྒྱུད་ལ་ཇི་ལྟར་སྦྱར་བའི་ཚུལ་ནི། ཐུན་མོང་སྣང་ངོ་དུའང་འདུལ་བའི་ལག་ལེན་རུང་ཆུ་འདོན་པ་ཚུལ་ཆད་ནས། ལག་ལེན་ཚུལ་བཞིན་བསྟར་བས། མཚོན་ཉིན་མཚན་དུས་དྲུག་ཏུ་སྡོམ་པ་གསུམ་གྱི་བླངས་འདས་མཐའ་དག་ཚུལ་བཞིན་སྲུང་བ། སྔགས་ཀྱི་བཀའ་དབང་གང་ཞིག་ཞུས་པའི་ཆོ་ག་མཐའ་དག ཉིན་ཞག་ཕྲུགས་ཀྱིས་བསྐྱངས་བ་སོགས་ཀྱི་རྣམ་ཐར་འགང་ཆེ་བ་གཞན་ལས་ཤེས་པར་བྱ། ཚུལ་བཞིན་སྒྲུབ་པ་རྟོགས་པའི་ཡོན་ཏན་ཇི་ལྟར་མཉེས་པའི་ཚུལ་ནི། མདོ་རྒྱུད་དགོངས་འགྲེལ་དང་བཅས་པའི་གཞུང་ལུགས་ཀུན་ལ། དྲི་མ་མེད་པའི་རིགས་པས་ཡང་དང་ཡང་དུ་དཔྱད་པ་ལས། གཞུང་ལུགས་ཐམས་ཅད་གང་ཟག་གཅིག་འཚང་རྒྱ་བའི་ཉམས་ལེན་གྱི་གདམས་པར་ཤར་བ་ལྟར།[5] སྒྲུབ་པ་ལ་སྦྱོར་བས་རྡོ་རྗེ་འཆང་དང༌་། དང་།སཱ་ར་ཧ། འཇམ་དབྱངས། ཀླུ་སྒྲུབ་ཡབ་སྲས། བྱམས་མགོན། ཐོགས་མེད་སྐུ་མཆེད་སོགས་རྒྱ་ཆེན་སྤྱོད་བརྒྱུད་དང༌་། དང་།ཟབ་མོ་ལྟ་བརྒྱུད་ཉམས་ལེན་བྱིན་རླབས་བརྒྱུད་པ་སོགས་ཀྱི་ལྷ་དང་བླ་མ་མང་པོས་ཞལ་དངོས་སུ་གཟིགས་པ་དང་༌།[6] རྩ་ཤེས་རབ་བྱེད་བརྒྱད་པ། བརྟེན་ནས་འབྱུང་བ་མེད་པ་ཡིན།།ཞེས་པའི་ཐད་ཀྱི་འགྲེལ་བར་གཟིགས་ནས་སྟོང་པ་ཉིད་གསལ་ལེར་རྟོགས་པའི་ཚུལ་མཛད་པ་དང་༌། དང་།ཏིང་ངེ་འཛིན་ཤིན་ཏུ་བརྟན་པོ་དང་ལྡན་པ་དང༌་། མངོན་པར་ཤེས་པ་དང་རྫུ་འཕྲུལ་དུ་མ་མངའ་ཡང༌་། དང་།ཕྱིས་འབྱུང་གདུལ་བྱའི་ཀུན་སྤྱོད་གཙང་བའི་ཆེད་སྦེད་པ་དང་༌། བྱང་ཆུབ་ཀྱི་སེམས་རྩོལ་མེད་དུ་གོམས་པ་སོགས། མདོར་ན་གསང་བ་བསམ་མི་ཁྱབ་པའི་གནས་སུ། དུས་གསུམ་བདེ་གཤེགས་ཀུན་གྱི་ཡབ་གཅིག་འཇམ་དཔལ་སྙིང་པོ་དང་མི་གཉིས་པས། གསང་བ་གསུམ་གྱི་ཡོན་ཏན་བརྗོད་པའི་ཡུལ་ལས་འགོངས་མོད། ཐུན་མོང་གདུལ་བྱའི་སྣང་ཚོད་ཀྱང་འདིའི་མངོན་པར་རྟོགས་པའི་ཡོན་ཏན་གྱི་ཚོད་གཞལ་བ་མ་ཡིན་ཏེ། ལྷོ་བྲག་གྲུབ་ཆེན་ལས་ཀྱི་རྡོ་རྗེས། འཇམ་དབྱངས་སུ་མཇལ་བ་དང༌་། གསང་བདག་གི་གསུང་ལས། གསང་འཛིན་ལས་ཀྱི་རྡོ་རྗེ་ལ། །སྔོན་ནས་ཉེ་བར་འགྲེལ་བ་ཡི། །བློ་བཟང་གྲགས་པ་འདི་ཉིད་ནི། །སངས་རྒྱས་ཀུན་གྱི་སྤྲུལ་པ་སྟེ། །པཎ་ཆེན་བརྒྱད་གྱི་ལུས་བཟུང་ནས། །མདོ་དང་སྔགས་ཀྱི་དོན་བཤད་ཅིང༌། །ངེས་པ་ཁོ་ནར་འཚང་རྒྱའོ། །རྒྱ་གར་རྒྱ་ནག་བལ་བོ་དང་༌། །དབུས་གཙང་མདོ་ཁམས་ཡུལ་ཕྱོགས་སུ། །སྐྱེ་བ་བཟུང་ཞིང་འགྲོ་ཀུན་རྣམས། །ཐར་བའི་ལམ་ལ་འཁྲིད་པར་མཛད། །འཇམ་པའི་དབྱངས་ནི་ལྷག་པའི་ལྷ། །དབྱངས་ཅན་མ་ནི་ལས་རྒྱ་སྟེ། །ངེས་པ་ཁོ་ནར་བྱང་ཆུབ་བོ། །འཕགས་པའི་སློབ་མ་འདུ་བར་བྱེད། །ལུས་འདི་བོར་ཚེ་དགའ་ལྡན་དུ། །བྱམས་པའི་དྲུང་འགྲོ་ཆོས་ཉན་འགྱུར། །འཇམ་དཔལ་སྙིང་པོ་ཞེས་བྱ་བ། །སེམས་ཅན་ཀུན་ལ་བརྩེ་བ་སྟེ། །དེ་ནི་ས་བཅུའི་མཐར་ཕྱིན་ཏོ། །ཞེས་དང༌། ཡང༌། བློ་བཟང་གྲགས་པ་འདི་ཚོགས་རྒྱ་ཆེན་པོ་བསགས་པ་མཐོང་ཐོས་རེག་གསུམ་གྱི་ཕན་ཡོན་ཐོབ་པའི་གང་ཟག་ཡིན། སོ་སོའི་སྐྱེ་བོའི་སྣང་ངོར་སྦྱོར་ལམ་པར་གྲགས། ཁོ་བོ་ལག་ན་རྡོ་རྗེས་ཀྱང་འདིའི་ཡོན་ཏན་གྱི་མཐའ་རྟོགས་པར་མི་ནུས་སོ།།ཞེས་གསུངས་པ་ལྟར་རོ།།

༢༽དགེ་ལྡན་བསྟན་པ་ཇི་ལྟར་སྲོལ་གཏོད་པ།

        དེ་ལྟར་རང་དོན་ལུང་དང་རྟོགས་པའི་ཡོན་ཏན་ཡོངས་སུ་རྫོགས་ནས། གཞན་དོན་འཆད་རྩོད་རྩོམ་པའི་མཛད་པ་བཟང་པོས། དབུས་གཙང་ཁུལ་གྱི་མཁས་གྲུབ་སྐྱེས་ཆེན་ཕལ་བོ་ཆེ་སློབ་མའི་གྲལ་དུ་འཚང་པ་ནས། རིམ་པར་བཞིན་དངོས་སློབ་དང༌་། དང་།ཡང་སློབ་ཀྱིས་མདོ་དབུས་སྐོར་གསུམ་དུ་ཡོངས་སུ་ཁྱབ། བདེ་བར་གཤེགས་པའི་བསྟན་པ་རིན་པོ་ཆེ་ཉིན་མོ་ལྟར་གསལ་བར་མཛད། གཙུག་ལག་ཁང་དུ་ཆོ་འཕྲུལ་སྨོན་ལམ་ཆེན་པོའི་དུས་མཆོད་མཛད་[7]པས། ད་ལྟའི་བར་བསྟན་པ་དང་འགྲོ་བའི་བསོད་ནམས་ཀྱི་འཕེལ་ཁ་དར་བ་བྱུང༌། འབྲོག་རི་བོ་ཆེ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་[8]དང༌། བདེ་ཆེན་གསང་སྔགས་མཁར་སོགས། ཞྭ་སེར་རིང་ལུགས་འཆང་བའི་ཆོས་སྡེ་དུ་མ་གསར་དུ་བཙུགས་པ་ལ། རྗེས་འཛིན་སློབ་ཚོགས་ནམ་མཁའི་སྐར་ཚོགས་དང༌། ཆུ་ཁའི་བྱེ་མ་བཞིན་འདུས། ལོ་ཆེན་སྐྱབས་མཆོག་དཔལ་བ་དང༌། ལྷོ་བྲག་གྲུབ་ཆེན་པའི་དྲུང་ནས་མཉམ་མེད་ཇོ་བོ་བཀའ་གདམས་པའི་གཞུང་དང༌། ལམ་རིམ། མན་ངག་བཅས་པའི་གདམས་པ་ཡོང་སུ་རྫོགས་པ་ཞུས་པས། རྒྱལ་བའི་བཀའ་ཡིག་འབྲུ་གཅིག་ཀྱང་མ་ལུས་པ། གང་ཟག་གཅིག་འཚང་རྒྱ་བའི་གདམས་ངག་དུ་མཁྱེན་ནས། ཐུགས་ཀྱི་བརྟན་པ་ཡོངས་སུ་འཕྲོགས་ཏེ། གངས་ཅན་བོད་དུ་དར་བའི་རྨད་དུ་བྱུང་བའི་བསྟན་པའི་རྒྱུད་རིམ་ཁྲོད་ནས། ལྷ་ཆོས་བདུན་ལྡན་ཇོ་བོ་བཀའ་གདམས་པའི་རིང་ལུགས་རྩལ་དུ་བཏོན་པའི་ཐོག ཡི་དམ་གསང་བདེ་འཇིགས་གསུམ་དང༌་། དང་།སྲུང་མ་སྐྱེས་བུ་གསུམ་སྣོན་ཏེ། འདུལ་བ་ཀ་རི་ཀ་ནས་དཔལ་གསང་བ་འདུས་པའི་རྒྱུད་ཀྱི་བར། ཐོས་པས་མཐའ་རྒྱ་བཅད། བསམ་པས་གཏན་ལ་ཕབ། སྒོམ་པས་ཉམས་སུ་མྱོང་བའི་རིམ་པར་བརྒྱུད་ཚུལ་ཡང༌་། དང་།ཐོས་པའི་སྐབས་སུ། མདོ་སྔགས་ཀྱི་གཞུང་ཆེན་པོ་རྣམས་ལ་རྩལ་དུ་བཏོན་ནས། ཐོས་པ་རྒྱ་ཆེར་བཙལ་བ་དང༌། བསམ་པའི་སྐབས་སུ། གསུང་རབ་དགོངས་འགྲེལ་གྱི་དོན་ལ། ལུང་རིགས་ཟུང་འབྲེལ་གྱི་དཔྱད་པས་གཏན་ལ་ཕབ་པ་གཙོ་བོ་བྱེད་པ། སྒོམ་པའི་སྐབས་སུ་དཔྱོད་འཇོག་ཟུང་དུ་འབྲེལ་བ། ལྟ་བ་འཁོར་འདས་དངོས་ཀུན་རང་བཞིན་གྱིས་གྲུབ་པ་རྡུལ་ཙམ་ཡང་མེད་ཀྱང༌། ཐ་སྙད་དུ་རྒྱུ་འབྲས་རྟེན་འབྲེལ་གྱི་རྣམ་གཞག སླུ་བ་སྤུ་ཙམ་ཡང་མེད་པའི་རྟག་ཆད་ཀྱི་མཐའ་གཉིས་དང་བྲལ་བ། དཔལ་མགོན་ཀླུའི་དགོངས་པ་མཐའ་ཐུག་པ། སྤྱོད་པ་རིམ་གཉིས་ཀྱི་རྟོགས་པའི་གདེངས་དང་ལྡན་ཡང་༌། དམ་ཆོས་འདུལ་བའི་གཞུང་གི་དགོངས་པའི་མཚམས་ལས་མི་འདའ་བ། ཕྱི་འདུལ་བའི་ཀུན་སྤྱོད་གཙང་བས་སྐལ་ལྡན་དང་བ་འདྲེན་པའི་མིག་རྒྱན། ནང་ཐོས་དོན་རྒྱུད་ལ་སྦྱར་བས་ཇོ་བོ་བཀའ་གདམས་གཙང་མའི་རིང་ལུགས་འཆང་བས། འབྱོར་ལྡན་བསོན་ནམས་གསོག་པའི་ཞིང་ས་དམ་པ། བཀའ་གདམས་གསར་མ་པའམ༌། རི་བོ་དགའ་ལྡན་པའི་རིང་ལུགས་འདི་བཞིན་སྲོལ་བཏོད་པ་ཡིན་ལ། རྨད་དུ་བྱུང་བའི་ལུགས་བཟང་འདི་ཉིད་ལ། ལྟ་སྤྱོད་ཀྱི་ཆ་ནས་ཇོ་བོ་བཀའ་གདམས་པ་དང༌་། དང་།གདན་སའི་ཆ་ནས་འབྲོག་རི་བོ་དགའ་ལྡན་པ། དབུ་ཞྭའི་ཆ་ནས་ཞྭ་སེར་པ། སྡེབ་སྦྱོར་ལ་ལྟོས་ནས་དགེ་ལྡན་པ་སོགས་ཀྱི་ཐ་སྙད་སྦྱོར་ཚུལ་འདྲ་མིན་ཡང་བྱུང་སྣང༌། དེ་ལྟར་རྒྱལ་བའི་མདོ་རྒྱུད་དུ་མ་ནས་ལུང་གིས་ཡང་ཡང་ཟིན་པ། འཇམ་མགོན་རྒྱལ་བ་གཉིས་པ་ཙོང་ཁ་པ་ཆེན་པོ་འདི་ཉིད་ཀྱིས། རྒྱལ་བའི་བསྟན་ལ་རྒྱལ་བ་རང་ཉིད་དང་འདྲ་བའི་མཛད་པ་ནམ་མཁའ་ལྟར་ཡངས་པོའི་འཕྲིན་ལས་ཀྱིས། ས་ཆེན་པོའི་ཁྱོན་ཀུན་ཕན་བདེའི་འབྱུང་གནས་བདེ་བར་གཤེགས་པའི་བསྟན་པ་རིན་པོ་ཆེ་ཉིན་མོ་ལྟར་གསལ་བར་མཛད། སློབ་མ་ཡང་བླ་མ་ཆོས་འབྲེལ་གསན་པ་བཞི། སྔ་ཚར་བཞི། འཁོར་དག་པ་རྣམ་བརྒྱད། སྲས་ཀྱི་ཐུ་བོ་གཉིས། ནང་སྲས་ཀྱི་ཐུ་བོ་གཅིག འཕྲིན་ལས་ནམ་མཁའ་དང་མཉམ་པའི་བུ་ཆེན་བཞི། དབུས་གཙང་གི་བསྟན་པའི་སྒྲོན་མེ་བཅུ། མི་དབང་གཙུག་ན་མཛེས་པའི་ཏི་ཤྲི་གཉིས། རྣམ་དཔྱོད་མཁའ་ལྟར་ཡངས་པའི་མཁས་པ་གཉིས་སོགས། རྗེས་འཛིན་སློབ་མ་ནམ་མཁའི་སྐར་ཚོགས་ལྟར་མང་བ་བསྐྲུན་[9]ནས། དགུང་ལོ་རེ་གསུམ་པ་ས་ཕག་༡༤༡༩ཧོར་ཟླ་བཅུ་པའི་ཚེས་ཉེར་ལྔར། ངོ་མཚར་བའི་ལྟོས་དུ་མ་བཅས། དགའ་ལྡན་དག་པའི་ཞིང་དུ་གཤེགས་པའི་དངུལ་སྡོང་ཆེན་པོ། དགའ་ལྡན་ཁྲི་ཆེན་ང་གཅིག་པ་ཁྲི་ཆེན་དགེ་འདུན་ཕུན་ཚོགས་ཀྱིས། གསེར་གདུང་དུ་བསྒྱུར་པ་དུས་འགྱུར་མ་བྱུང་བར་དུ་འགྲོ་བ་རྣམས་ཀྱི་བསོད་ནམས་ཀྱི་ཞིང་ས་དམ་པར་བཞུགས།

༣༽དགེ་ལྡན་བསྟན་པའི་འཕེལ་རིམ།

       འཇམ་མགོན་རྒྱལ་བ་གཉིས་པ་ཙོང་ཁ་པ་ཆེན་པོའི་གསེར་སྦྱངས་གཙང་མ་ལྟ་བུའི་བསྟན་པ་རིན་པོ་ཆེ་འདི་ཉིད་རྗེ་ཐམས་ཅད་མཁྱེན་པས་སྲོལ་འབྱེད་པ་ནས་ད་ལྟའི་བར་རིམ་པར་བཞིན་བོད་མདོ་དབུས་སྐོར་གསུམ་དང་༌། རྒྱ་དཀར་སེར་གསུམ། ནུབ་ཕྱོགས་ཡུ་རོབ་ཀྱི་བར་རྒྱ་མཚོས་ཆོད་པའི་འཛམ་གླིང་ཤར་ནུབ་གང་སར་ས་ཁྱབ་རྡོ་ཁྱབ་ཏུ་སོང་བ་དེ་དག་རེ་རེ་བཞིན་ཞིབ་པ་འཆད་པ་མི་ནུས་མོད། འདིར་འཛུབ་མོ་རི་སྟོན་གྱི་ཚུལ་རགས་ཙམ་འཆད་པར་བྱ་སྟེ།

དགེ་ལྡན་བསྟན་པ་བོད་མདོ་དབུས་སྐོར་གསུམ་དུ་ཇི་ལྟར་འཕེལ་བའི་རིམ་པ།

      དཔལ་མཉམ་མེད་རི་བོ་དགའ་ལྡན་པའི་བསྟན་པའི་ཆུ་མགོ་གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་ནི། རྗེ་ཡིད་བཟང་རྩེ་བས།[10] དེ་དུས་ས་ཆེན་པོ་འདི་རྗེ་ཙོང་ཁ་པ་ཆེན་པོའི་གདུགས་དཀར་པོ་གཅིག་གིས་ཁྱབ་ཡོད་པ་ཡིན།[11] ཞེས་གསུངས་པ་ལྟར་རྗེའི་མཁས་བཙུན་བཟང་པོའི་རྣམ་ཐར་རྨད་དུ་བྱུང་བས་དབུས་གཙང་ཁམས་གསུམ་གྱི་མཁས་པ་ཕལ་བོ་ཆེ་དང་༌། སྟོབས་དང་འབྱོར་པས་ཕྱུག་པའི་ཆེ་རྒུ་ཀུན་གྱིས་བཀུར་ཅིང༌། རྣམ་ཀུན་རྗེའི་ཕྱི་བཞིན་འབྲངས་པའི་བུ་སློབ་སྟོང་ཕྲག་ཉེ་བར་འདུས་པ་རྣམས་འབྱོན་བཞུད་མང་བས་ཅུང་ཟད་ཐུགས་སུན་པ་དང༌་། དང་།སྡེ་པ་བུ་སློབ་སོགས་ཡོན་གྱི་བདག་པོ་དུ་མས་དགོན་རྙིང་འབུལ་བ་དང་དགོན་གསར་འདེབས་པའི་མཐུན་རྐྱེན་འབུལ་རྒྱུ་ཁས་བླངས་པ་དུ་མ་བྱུང་བ་ལས། རྗེ་ཐམས་ཅད་མཁྱེན་པས་དེ་དག་ལས་གང་དང་གང་བསྐྱངས་པའི་སྐོར་ཇོ་བོ་ཤཱཀྱ་མུ་ནིའི་དྲུང་དུ་མར་མེ་དང་རྨི་ལམ་བརྟག་པས་འབྲོག་རི་བོ་ཆེ་ཁོ་ན་བཟང་བ་བྱུང་བ་དང༌་། ལྷག་པར་འདི་བཞིན་ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་ལ་ཞུས་པའི་ལན་དུ་ལུང་གིས་དབུགས་དབྱུང་ཞིང་༌།[12] ད་དུང་སྐུ་ཚེ་རྟིང་མའང་དགའ་ལྡན་དུ་འཁྲུངས་པར་འདུག་པས་དགའ་ལྡན་ལ་བསྙད་པའི་མིང་ཐོགས་ཞེས། གདན་ས་གང་དུ་འདེབས་པའི་གནས་འབྲོག་རི་བོ་ཆེ་དང༌། གདན་སའི་མིང་ལ་དགའ་ལྡན་ཞེས་འདོགས་པ་གཉིས་ཀ་གསལ་བར་གསུངས་པ་ལྟར།[13] དྲི་གཙང་ཁང་དང༌། མགོན་ཁང༌། སྒྲུབ་མཆོད་ཁང༌། དེའི་དབུས་ཀྱི་གཙང་ཁང་དུ། ཐུབ་དབང་གི་གསེར་སྐུ་ཆེན་པོ་ཇོ་བོ་རིན་པོ་ཆེའི་སྐུ་ཚད་ལས་ཅུང་ཟད་ཆེ་བ་ཐུབ་པ་ཚུལ་ཁྲིམས་མར་གྲགས་པ་སོགས་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་ལེགས་གྲུབ་བྱུང་བར་རྗེ་བླ་མས་གཙོ་བོར་མཛད་དེ་རབ་གནས་རྒྱས་པར་མཛད་པས་ཡེ་ཤེས་པ་ལ་དམ་ཚིག་པ་ཞུགས་པའི་མཚན་མ་བཟང་པོ་ཀུན་གྱི་མཐུན་སྣང་དུ་གྲུབ་པར་བྱུང༌། དེ་ལྟར་གཙུག་ལག་ཁང་རྟེན་དང་བརྟེན་པ་བཅས་པ་ལེགས་གྲུབ་ཟིན་པ་དང་༌། སློབ་མའི་ཚོགས་སྟོང་ཕྲག་དུ་མར་མདོ་སྔགས་ཀྱི་གཞུང་ཆེན་པོ་དག་གི་འཆད་མཉན་དང༌་། དང་།གསང་སྔགས་རྒྱུད་སྡེ་བཞིའི་སྒྲུབ་མཆོད་བཙུགས་པ་སོགས་ཀྱིས་རྒྱལ་བའི་བསྟན་ལ་རྒྱལ་བ་རང་ཉིད་སླར་འཇིག་རྟེན་དུ་བྱོན་པ་དང་གཉིས་སུ་མི་ཕྱེད་པའི་མཛད་པ་རྒྱ་ཆེར་བསྐྱངས། གདན་ས་སྐྱོང་པའི་སློབ་མ་ཡང་རྒྱལ་ཚབ་དར་མ་རིན་ཆེན་མཁས་གྲུབ་དགེ་ལེགས་དཔལ་བཟང་སོགས་འཇམ་དབྱངས་གཙང་པ་བདུན་བརྒྱུད་[14]རིམ་པར་བཞིན་བྱོན་པ་ནས། དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་གདན་ས་བ་མཛད་ནས་འཇམ་མགོན་བླ་མའི་ལུགས་བཟང་མི་ཉམས་རྒྱུད་འཛིན་བསྐྱངས་བས་འཇམ་དབྱངས་གཙང་པ་བདུན་རྒྱུད་ཅེས་གྲགས་པ་བྱུང༌།[15] ལྷག་པར་རྒྱལ་ཚབ་དར་མ་རིན་ཆེན་གྱིས་རྗེའི་རང་ལུགས་འཛིན་པའི་འཆད་ཉན་རྒྱུན་རིང་སྤེལ་ནས་བསྟན་པའི་སྲོལ་རང་རྐང་གིས་འཛིན་པ་དང༌། མཁས་གྲུབ་དགེ་ལེགས་དཔལ་བཟང་གིས་ལུང་རིགས་ཀྱི་དགག་བཞག་རྒྱ་ཆེན་པོས་རྗེ་བླ་མའི་རང་ལུགས་རྩལ་དུ་གཏོན་ནས་འཆད་མཉན་གྱི་སྲོལ་སྤེལ་བས་ནང་སྲས་ཀྱི་ཐུ་བོ་གཅིག་པུར་གྲགས་པ་བྱུང༌། རྗེ་བླ་མའི་གདན་ས་ལ་རྗེ་རང་ཉིད་ནས་ད་ལྟར་འཚོ་ཞིང་བཞུགས་པ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་ལུང་རིགས་རྣམ་རྒྱལ་བར་དགའ་ལྡན་ཁྲི་ཆེན་བརྒྱ་དང་གཅིག་བྱུང་ཞིང༌། དེ་དག་གི་རྨད་དུ་བྱུང་བའི་མཛད་པ་ཇི་ལྟར་སྐྱོང་པའི་རྣམ་པར་ཐར་པ་ནི་གཞན་དུ་གཟིགས་པར་ཞུ།[16] བྱང་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་ནི། རྗེ་བླ་མ་ཙོང་ཁ་པ་ཆེན་པོའི་དངོས་སློབ་སྐྱེས་ཆེན་གནམ་གྱིས་ས་བཀབ་པ་ལྟ་བུའི་ཁྲོད་ནས་བདག་པས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་ཀྱི་མངའ་བདག སེམས་དཔའ་ཆེན་པོ་ཧོར་སྟོན་ནམ་མཁའ་དཔལ་བཟང་གིས་རྗེ་ཙོང་ཁ་པ་ཆེན་པོའི་གཟིམ་ཆུང་ཉི་འོད་ཕུག་གི་བྱང་ཕྱོགས་རི་བོའི་རྩེ་མོ་རུ། འཆད་ཉན་གྱི་ཁང་པ་བརྩིགས་ཏེ་རྒྱལ་ཚབ་ཐམས་ཅད་མཁྱེན་པ་དང་འདི་པ་གཉིས་ནས་རྗེའི་དགོངས་བཞེད་དང་མཐུན་པའི་ཆོས་ཚུལ་རྒྱ་ཆེར་སྤེལ་བ་ནས་བྱང་རྩེ་ཁང་ཞེས་གྲགས། མཁས་གྲུབ་ཆོས་རྗེ་དགའ་ལྡན་ཁྲི་པ་མཛད་སྐབས་བཤད་གྲྭ་ཁག་བཞི་ཚུགས་ཤིང༌་། དང་།དེ་དག་ལས་བཤད་གྲྭ་འདི་ཉིད་ལ་སློབ་ཚོགས་ནམ་མཁའི་སྐར་མ་ལྟ་བུ་འཕེལ་བས་དྲི་གཙང་ཁང་གསར་དུ་བཏབ་པ་ལས་དགའ་ལྡན་བྱང་རྩེ་གྲྭ་ཚང་ཞེས་གྲགས་པ་བྱུང༌། ཕྱིས་བྱང་རྩེ་ཕྱོགས་སུ་དཔལ་ལྡན་པ་དང༌་། དང་།ཡར་འབྲོག་པ་གཉིས་ཟླ་བསྒྲིལ་བཏང༌། ཡང་ངག་སྒྲོས་སུ་སྐབས་དེར་ཐོས་བསམ་གྲྭ་ཚང་དང༌། ནོར་གླིང་གྲྭ་ཚང་བཅས་གསུམ་ཡོད་པ་རྣམས་ཕྱོགས་གཅིག་ཏུ་བསྒྲིལ་ནས་དགའ་ལྡན་བྱང་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་ཞེས་པ་འདི་ཉིད་བྱུང་བར་བཤད།[17] རྗེ་འདི་ཉིད་ཀྱིས་བྱང་རྩེ་བཏབ་ནས་བླ་ས་བཟུང་རྗེས། ཟུར་ཆོས་པ་ལ་སློབ་མའི་ཚོགས་ཤིན་ཏུ་མང་པོ་བྱུང་བའི་ནང་ནས་གཙོ་བོ་རྗེ་ཤེས་རབ་སེང་གེ་དང༌། རྒྱལ་བའི་དབང་པོ་དགེ་འདུན་གྲུབ་པ་སོགས་མདོ་སྔགས་གཉིས་ཀ་ལ་མཁས་ཤིང༌། ལུང་དང་མངོན་པར་རྟོགས་པའི་ཡོན་ཏན་མཐོན་པོ་བརྙེས་པའི་སྐྱེས་ཆེན་དམ་པ་ཡང་དུ་མ་བྱུང་སྣང་ངོ༌། །གྲྭ་ཚང་འདིའི་མཁན་རབས་རིམ་པར་བྱུང་བ་ནི། ཧོར་སྟོན་ནམ་མཁའ་དཔལ་འབྱོར་ནས་ཁྱུང་ཕྲུག་བྱམས་པ་བཀྲ་ཤིས་བར་བཅུ་གཉིས་དང༌། ཆོས་རྗེ་བློ་གྲོས་རྒྱལ་མཚོས་གྲྭ་ཚང་གསུམ་གཅིག་ཏུ་སྒྲིལ་བའི་བྱང་རྩེ་ཐོས་བསམ་ནོར་གླིང་གསར་འཛུགས་མཛད་རྗེས། འབྲོང་རྩེ་རབ་འབྱམས་པ་ནས་དགེ་བའི་བཤེས་གཉེན་ཆེན་པོ་རྡོ་ར་བློ་བཟང་ཚེ་འཕེལ་བར་དྲུག་ཅུ་རེ་དྲུག་བསྡོམས་པས་དོན་བརྒྱད་ཙམ་བྱུང་ཞིང༌། ད་ལྟར་དགའ་ལྡན་བྱང་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་གི་བཤད་སྒྲུབ་འཁོར་ལོ་གསུམ་གྱི་བྱ་བ་རྣམས། དབྱར་གྱི་མཚོ་དང་སྟོན་ཀའི་ཟླ་བ་ལྟར་འཕེལ་ཞིང་རྒྱས་པའི་འཕྲིན་ལས་ཀྱི་འཇུག་པ་ཡངས་པོར་སྐྱོང་བཞིན་འཚོ་ཞིང་བཞུགས་པ་འདི་ཉིད་ལགས་སོ།།[18] དགའ་ལྡན་ཤར་རྩེ་ཐོས་བསམ་གླིང་གྲྭ་ཚང་ནི། རྗེ་ཙོང་ཁ་པ་ཆེན་པོའི་དངོས་སློབ་འཁོར་དག་པ་རྣམ་བརྒྱད་ཀྱི་ནང་ཚན་གནས་བརྟན་རིན་ཆེན་རྒྱལ་མཚན་གྱིས་ཕྱག་བཏབ། རྗེ་བླ་མ་མྱ་ངན་ལས་འདའ་ཁར་ཞལ་ཆེམས་ཇི་ལྟར་གནང་བ་ལྟར་དགའ་ལྡན་ཤར་རྩེའི་འཆད་ཉན་གྱི་སྲོལ་བཙུགས་ཏེ་བླ་ས་བཟུང༌། མཁས་གྲུབ་ཆོས་རྗེ་དགའ་ལྡན་གསེར་ཁྲིར་ཕེབས་ནས་བཤད་གྲྭ་བཙུགས་ཏེ་འཆད་ཉན་པ་ཁག་བཞིར་བྱས་ནས་མཁན་པོ་པཎ་ཆེན་པ་དང༌་། དང་།སྟོན་པ་བ། ཡར་འབྲོག་པ། དཔལ་ལྡན་པ་བཞི་འཆད་མཉན་པར་བསྐོས་པ་ལས། ཕྱིས་སྔ་མ་གཉིས་ཤར་རྩེ་དང་ཕྱི་མ་གཉིས་བྱང་རྩེར་བསྒྲིལ་ཏེ་གྲྭ་ཚང་གཉིས་སུ་གྱུར་ཏེ་ད་ལྟའི་བར་དུ་འཇམ་མགོན་རྒྱལ་བའི་གདན་ས་གསེར་སྦྱངས་གཙང་མའི་ལུགས་བཟང་འཛིན་སྐྱོང་སྤེལ་བའི་སྡེ་འདི་ཉིད་བྱུང་བ་ཡིན་ནོ།། གདན་ས་འདིའི་བླ་རབས་རིམ་བྱུང་ནི། མཁན་རབས་དང་པོ་ཤར་པ་རིན་ཆེན་རྒྱལ་མཚན་ནས་གྱ་བཞི་པ་དགེ་བའི་བཤེས་གཉེན་ཆེན་པོ་ཕུ་ཁང་གྲགས་པ་བསྟན་འཛིན་བར་རིམ་པར་བྱོན་ཅིང༌་། དང་།ད་ལྟར་དགའ་ཤར་ཐོས་བསམ་ནོར་གླིང་གྲྭ་ཚང་དུ་འཆད་རྩོད་རྩོམ་གསུམ་དང༌། ཐོས་བསམ་སྒོམ་གསུམ་གྱི་སྒོ་ནས་འཇམ་མགོན་བླ་མའི་བཤད་སྒྲུབ་ཀྱི་བསྟན་པའི་རྒྱལ་མཚན་མི་ནུབ་བླ་ན་འདེགས་ཏེ་འཚོ་ཞིང་བཞུགས་བཞིན་པ་འདི་བཞིན་ལགས་སོ།། འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་གྱིས་གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་ཕྱག་བཏབ། སློབ་མ་གནམ་གྱིས་ས་བཀབ་པ་ལྟ་བུ་བྱུང་བར་འཆད་ཉན་དབྱར་མཚོ་ལྟར་འཕེལ་བས། འཆད་ཉན་པ་བདུན་བསྐོས་པ་ལས་གྲྭ་ཚང་བདུན་དུ་གྱེས་པ། དུས་ཕྱིས་སྒོ་བློ་སྡེ་ཡངས་སྔགས་པ་བཞིར་ཐིམ འབྲས་སྤུངས་གདན་རབས་དང་པོ་འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་དཔལ་བཟང་པོ་ཉིད་ཡིན་ཞིང༌། གདན་རབས་གཉིས་པ་དཔལ་ལྡན་སེང་གེ། གདན་རབས་གསུམ་པ་ཆོས་རྗེ་རིན་ཆེན་བྱང་ཆུབ། གདན་རབས་བཞི་པ་ཆོས་རྗེ་རབ་འབྱམས་པ་སྨོན་ལམ་དཔལ་བ། གདན་རབས་ལྔ་པ་རྗེ་དབོན་བློ་བཟང་ཉི་མ། གདན་རབས་དྲུག་པ་རོང་པོ་ཆོས་རྗེ་བློ་བཟང་གྲགས་པ། གདན་རབས་བདུན་པ་ཉན་པོ་ཤཱཀྱ་རྒྱལ་མཚན། གདན་རབས་བརྒྱད་པ་འཇམ་དབྱངས་ལེགས་པ་ཆོས་འབྱོར། གདན་རབས་དགུ་པ་ཐོན་པ་མཁས་བཙུན་ཡོན་ཏན་རྒྱ་མཚོ། གདན་རབས་བཅུ་པ་དབྱངས་ཅན་བཞེད་པ་དགེ་འདུན་རྒྱ་མཚོ། གདན་རབས་བཅུ་གཅིག་པ་པཎ་ཆེན་བསོད་ནམས་གྲགས་པ། གདན་རབས་བཅུ་གཉིས་པ་རྒྱལ་དབང་བསོད་ནམས་རྒྱ་མཚོ། གདན་རབས་བཅུ་གསུམ་པ་རྒྱལ་དབང་ཡོན་ཏན་རྒྱ་མཚོ། གདན་རབས་བཅུ་བཞི་པ་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན། གདན་རབས་བཅོ་ལྔ་པ་རྒྱལ་བ་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོ། དེ་ནས་གདན་རབས་བཅུ་དྲུག་པ་རྒྱལ་དབང་ཚངས་དབྱངས་རྒྱ་མཚོ་བར་རིམ་པར་བྱོན་ཅིང༌། དེ་རྗེས་རྒྱལ་པཎ་སྐུ་ཕྲེང་ནར་རིམ་གྱིས་གདན་ས་མཛད་དེ། དུས་ཕྱིས་ནི་གདན་ས་འབྲས་སྤུངས་པའི་མཁན་པོའམ་མཁན་ཟུར་རྒན་པ་རེས་མོས་ཀྱིས་ཁྲི་བ་མཛད་པའི་སྲོལ་བྱུང་ཏེ་ས་ཕག་དུས་འགྱུར་སྐབས་ཕ་ར་མཁན་ཆེན་པདྨ་རྒྱལ་མཚན་དང༌་། དང་།དེ་ནས་སྒོ་མང་མཁན་ཆེན་བསྟན་པ་བསྟན་འཛིན། ད་ལྟར་སྒོ་མང་མཁན་ཟུར་རིན་པོ་ཆེས་གདན་སའི་ཁྲི་འཛིན་བཞིན་པ་ལགས་སོ། ། བཀྲིས་སྒོ་མང་གྲྭ་ཚང་ནི། དྲུང་གྲགས་པ་རིན་ཆེན་པས་འཆད་ཉན་མཛད་པའི་སློབ་ཚོགས་ལ་མཆེད་དེ། མཁས་པ་སྒ་ལེབ་པ་དང་ལྟག་ལེབ་པ་སོགས་རིམ་པར་བྱོན་པའི་གྲྭ་ཚང་འདི་ཚུགས་ཀ་དོད། དུས་ཕྱིས་མཁས་པའི་དབང་པོ་གུང་རུ་ཆོས་ཀྱི་འབྱུང་གནས་བྱོན་ཏེ་རྗེ་ཡབ་སྲས་ཀྱི་དགོངས་དོན་རྩལ་དུུ་བཏོན་པའི་རང་ལུགས་ཀྱི་གཞུང་མཛད་པ་གྲྭ་ཚང་གི་ཡིག་ཆར་བྱས་ཏེ་འཆད་ཉན་སྔ་བས་འཕེལ། དབུས་གཙང་གི་སྡེ་གཟར་སྔ་ཕྱིའི་ནང་དགེ་བསྟན་ལ་གད་ཆག་ཅི་ཆེར་བྱུང་བའི་སྐབས་འདིའི་ཡིག་ཆ་རྣམས་གཙང་པས་བཀག་བསྡོམས་བྱས། དེ་རྗེས་ཀུན་མཁྱེན་ཆེན་པོ་འཇམ་དབྱངས་བཞད་པའི་རྡོ་རྗེའི་ཡིག་ཆ་ལ་འཆད་ཉན་གྱི་སྲོལ་མཛད་པས་བཤད་བསྟན་ཅི་བས་འཕེལ་བ་བྱུང༌་། དང་།བཀྲ་ཤིས་སྒོ་མང་གྲྭ་ཚང་གི་མཁན་རྒྱུད་ནི་དྲུང་གྲགས་པ་རིན་ཆེན་ནས་རིམ་པ་བཞིན་དགེ་བའི་བཤེས་གཉེན་ཆེན་པོ་བློ་བཟང་བསམ་གཏན་བར་མཁན་རབད་དོན་བརྒྱད་ཙམ་བྱོན་ནས་ཞྭ་སེར་བསྟན་ལ་རྨད་དུ་བྱུང་བའི་མཛད་པ་རྒྱ་ཆེར་བསྐྱངས་དང་སྐྱོང་བཞིན་པ་འདི་བཞིན་ལགས་སོ། །[19]མཁས་མང་བློ་གསལ་གླིང་གྲྭ་ཚང་ནི་འཇམ་དབྱངས་ཆོས་རྗེའི་སློབ་མ་ལྡན་མ་ཡེ་ཤེས་ལེགས་ལྡན་པའི་འཆད་ཉན་གྱི་སློབ་ཚོགས་ལས་མཆེད་དེ། མཁན་རྒྱུད་རིམ་པར་བྱུང་བའི་ཁྲོད་ནས་འཇམ་དབྱངས་ལེགས་པ་ཆོས་འབྱོར་གྱིས་གཞུང་ཆེན་པོའི་དགོངས་འགྲེལ་ཡིག་ཆ་མང་དུ་མཛད་པ་རྣམས་གྲྭ་ཚང་འདིའི་ཡིག་ཆ་བྱས་ཏེ་འཆད་ཉན་ཤིན་ཏུ་འཕེལ་བ་བྱུང༌་། དང་།དུས་ཕྱིས་དགའ་ལྡན་ཁྲི་ཐོག་བཅོ་ལྔ་པ་པཎ་ཆེན་བསོད་གྲགས་པས་རྒྱལ་མཆོག་དགེ་འདུན་རྒྱ་མཚོས་གྲྭ་ཚང་འདིའི་འཆད་ཉན་པར་གདན་དྲངས་པ་ནས་མདོ་སྔགས་ཀྱི་གཞུང་ཆེན་པོ་ཁག་ལ་དགོངས་འགྲེལ་གྱི་ཡིག་ཆ་གསར་རྩོམ་མཛད་པ་རྣམས་འཆད་ཉན་གྱི་ཡིག་ཆ་གཙོ་བོར་མཛད། མཁན་རབས་རིམ་བྱུང་ནི། མཁན་ཆེན་ལེགས་ལྡན་པ་ནས་ད་ལྟར་འཚོ་ཞིང་བཞུགས་པ་བྲག་གཡབ་རྟོགས་ལྡན་སྤྲུལ་པའི་སྐུ་བར་མཁན་རབས་བརྒྱད་ཅུ་བྱུང་ནས་ད་ལྟའི་བར་འཆད་ཉན་གྱི་སྲོལ་ཤིན་ཏུ་དར་བ་འདི་བཞིན་ལགས།[20]བདེ་ཡངས་གྲྭ་ཚང་ནི་འཇམ་དབྱངས་ཆོས་རྗེའི་དངོས་སློབ་ལྕང་པ་བྱང་ཆུབ་དཔལ་གྱི་འཆད་ཉན་མཛད་པའི་སློབ་ཚོགས་ལས་མཆེད་པ་ཡིན་ལ། གྲྭ་ཆུང་ཡོན་ཏན་རྒྱ་མཚོའི་ཡིག་ཆ་རྣམས་འཆད་ཉན་དུ་བཙུགས། དུས་ཕྱིས་ྋགོང་ས་ལྔ་པ་ཆེན་པོའི་གཞུང་ཆེན་བཀའ་འགྲེལ་རྣམས་གདན་ས་འདིའི་འཆད་ཉན་གྱི་ཡིག་ཆ་མཛད་ནས་ད་ལྟའི་བར་རྒྱུན་སྐྱོང་བཞིན་པ་འདི་བཞིན་ལགས་སོ། །འདུལ་བ་གྲྭ་ཚང་ནི་འཇམ་དབྱངས་ཆོས་རྗེའི་སློབ་མ་དྲུང་བརྩོན་འགྲུས་གྲགས་ཀྱི་འདུལ་བའི་འཆད་ཉན་མཛད་པའི་སློབ་རྒྱུད་དེ་མཁས་རབས་རིམ་པར་བརྒྱུད་ཀྱང་དུས་ཕྱིས་བཀྲ་ཤིས་སྒོ་མང་གྲྭ་ཚང་དུ་ཐིམ། ཤག་སྐོར་གྲྭ་ཚང་ནི་སྣར་ཐང་པ་རབ་མཆོག་གི་འཆད་ཉན་མཛད་པའི་སློབ་རྒྱུད་དེ་དུས་ཕྱིས་བློ་གསལ་གླིང་གྲྭ་ཚང་དུ་བསྡུས། མཁན་རབས་ནི་ས་ཕག་དུས་འགྱུར་བར་དུ་རིམ་པར་བྱུང༌། རྒྱལ་བ་གྲྭ་ཚང་ནི་སློབ་དཔོན་ཀུན་རིན་གྱིས་འཆད་ཉན་སྐྱོང་བའི་སློབ་རྒྱུད་དེ། དུས་ཕྱིས་བློ་གྲྭ་ཚང་དུ་བསྡུས། མཁན་རབས་ནི་ས་ཕག་དུས་འགྱུར་བར་དུ་རིམ་པར་བྱུང༌། སྔགས་པ་གྲྭ་ཚང་ནི་སློབ་དཔོན་རྒྱལ་མཚན་ཚུལ་ཁྲིམས་ནས་རིམ་པར་བརྒྱུད་དེ་ད་ལྟའི་བར་གནས། བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་ཀྱིས་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་ཕྱག་བཏབ། རྗེའི་རང་ལུགས་འཛིན་པའི་སློབ་ཚོགས་ཤིན་ཏུ་མང་པོ་འཕེལ། གདན་ས་འཛིན་པའི་ཁྲི་པ་རིམ་བྱོན་ནི། གདན་རབས་དང་པོ་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་ཡིན། གདན་རབས་གཉིས་པ་ཆོས་རྗེ་དར་རྒྱལ་བཟང་པོ། གདན་རབས་གསུམ་པ་གུང་རུ་རྒྱལ་མཚན་བཟང་པོ། གདན་རབ་བཞི་པ་ཞ་ལུ་རབ་འབྱམས་པ་བཀྲིས་རྒྱལ་མཚན། གདན་རབས་ལྔ་པ་ཀུན་མཁྱེན་བློ་གྲོས་རིན་ཆེན་སེང་གེ། གདན་རབས་དྲུག་པ་གནས་བརྟན་པ། གདན་རབས་བདུན་པ་ལྷ་ཕུ་ཆོས་རྗེ། གདན་རབས་བརྒྱད་པ་གཉལ་སྟོན་དཔལ་འབྱོར་ལྷུན་གྲུབ། གདན་རབ་དགུ་པ་འཇམ་དབྱངས་དོན་ཡོད་དཔལ་ལྡན། གདན་རབས་བཅུ་གཅིག་པ་དབྱངས་ཅན་བཞད་པ་དགེ་འདུན་རྒྱ་མཚོ། གདན་རབས་བཅུ་གཉིས་པ་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན། གདན་རབས་བཅུ་བཞི་པ་སྟག་ཕུ་ཆོས་གྲགས་བཟང་པོ། གདན་རབས་བཅོ་ལྔ་པ་རྒྱལ་མཆོག་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ། གདན་རབས་བཅུ་དྲུག་པ་སྟོང་འཁོར་ཞབས་དྲུང་ཡོན་ཏན་རྒྱ་མཚོ། གདན་རབས་བཅུ་བདུན་པ་རྒྱལ་མཆོག་སྐུ་ཕྲེང་བཞི་པ་མཐུ་སྟོབས་དབང་ཕྱུག་ཡོན་ཏན་རྒྱ་མཚོ། གདན་རབས་བཅོ་བརྒྱད་པ་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན། གདན་རབས་བཅུ་དགུ་པ་ྋགོང་ས་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོ། ཉི་ཤུ་པ་རྒྱལ་དབང་ཚངས་དབྱང་རྒྱ་མཚོ་སོགས་རྒྱལ་པཎ་སྐུ་ཕྲེང་ན་རིམ་གྱིས་གདན་ས་མཛད།གྲྭ་ཚང་འདིར་མདོ་དབུས་སྐོར་གསུམ་གྱི་གྲྭ་རྒྱུན་རྒྱ་མཚོ་ལ་ཆུ་བོ་དང་པད་ཚལ་ལ་བུང་བ་བཞིན་འདུས་པས་གྲྭ་ཚོགས་ཤིན་ཏུ་མང་བས་རྒྱ་དང༌། འབྲོང་སྟེང༌། སྟོད་པ། སྨད་པ་བཅས་གྲྭ་ཚང་བཞིར་གྱེས། དུས་ཕྱིས་འཇམ་དབྱངས་ཆོས་རྗེའི་སློབ་མ་མོས་སྲད་པ་བློ་གྲོས་རིན་ཆེན་སེང་གེ་འབྲས་སྤུངས་ནས་སློབ་མ་བརྒྱ་ཕྲག་དང་བཅས་སེ་རར་བྱེས་སུ་འབྱོར་ནས་འཆད་ཉན་གྱི་སྲོལ་བཙུགས་པ་ནས་བྱེས་པ་གྲྭ་ཚང་བྱུང༌། རྒྱ་དང་འབྲོང་སྟེང་ཕལ་ཆེ་བ་གྲྭ་ཚང་བྱེས་ཀྱི་ཁོངས་སུ་འཛུལ། བློ་གྲོས་རིན་ཆེན་སེང་གེའི་གཞུང་ཆེན་ཁག་གི་ཊིཀ་ལ་བརྟེན་ནས་འཆད་ཉན་སྤེལ། དེ་རྗེས་འཇམ་པའི་དབྱངས་ཆོས་ཀྱི་རྒྱལ་མཚན་གྱི་དྲི་མ་མེད་པའི་ལེགས་བཤད་རྒྱ་ཆེན་མཛད་པ་རྣམས་གྲྭ་ཚང་འདིའི་འཆད་ཉན་གྱི་ཡིག་ཆ་མཛད་པའི་སྲོལ་ད་ལྟའི་བར་བཞུགས་པ་འདི་བཞིན་ལགས་སོ། མཁན་རབས་དང་པོ་མུས་སྲད་པ་བློ་གྲོས་རིན་ཆེན་སེངྒེ་ནས་ད་ལྟར་འཚོ་ཞིང་བཞུགས་པའི་སྐྱབས་རྗེ་མཁན་རིན་པོ་ཆེ་དགེ་བཤེས་བླཽ་བཟང་དཔལ་ལྡན་བར་མཁན་རབས་བདུན་ཅུ་དོན་བཞི་ཙམ་བྱོན་པས་བཤད་སྒྲུབ་ལས་གསུམ་གྱི་མཛད་པ་རྒྱ་ཆེར་བསྐྱངས།[21] སེ་སྨད་གྲྭ་ཚང་ནི། བྱམས་ཆེན་ཆོས་རྗེའི་སློབ་མ་ཀུན་མཁྱེན་བྱང་ཆུབ་འབུམ་གྱིས་རྗེ་ཡབ་སྲས་ཀྱི་གསུང་རབ་འཆད་ཉན་མཛད་པའི་སློབ་མ་ཤིན་ཏུ་མང་པོ་འདུས་པ་ལས་གྲྭ་ཚང་འདི་བྱུང་ཞིང་དུས་ཕྱིས་དགའ་ལྡན་ཁྲི་ཐོག་ཉི་ཤུ་པ་མཁས་གྲུབ་བསྟན་པ་དར་རྒྱས་ཀྱིས་ལེགས་བཤད་མཛད་པ་རྣམས་འཆད་ཉན་གྱི་ཡིག་ཆ་མཛད་པའི་རྒྱུན་ད་ལྟའི་བར་གནས་བཞིན་པ་འདི་བཞིན་ལགས་སོ། །མཁན་རབས་རིམ་བྱོན་ནི། ཀུན་མཁྱེན་བྱང་ཆུབ་འབུམ་ནས་ད་ལྟའི་སེར་སྨད་མཁན་རིན་པོ་ཆེ་དགེ་བའི་བཤེས་གཉེན་ཆེན་པོ་རབ་དགའ་བར་རིམ་པར་བྱོན་པས་བཤད་སྒྲུབ་ལས་གསུམ་གྱི་མཛད་པ་རྒྱ་ཆེར་སྐྱོང་པ་འདི་བཞིན་ལགས་སོ།།[22] སྟོད་པའི་གྲྭ་རྒྱུན་མེད་ཀྱང་མཁན་རབས་ནི་ས་ཕག་དུས་འགྱུར་བར་བྱུང༌། སྔགས་པ་གྲྭ་ཚང་ནི། རྒྱལ་པོ་ལྷ་བཟང་གིས་གསར་འཛུགས་བྱས་པའི་མཁན་རབས་ས་ཕག་དུས་འགྱུར་བར་རིམ་པར་བྱུང༌། རྗེའི་དངོས་སློབ་མཛད་འཕྲིན་ནམ་མཁའ་དང་མཉམ་པའི་བུ་ཆེ་བཞིའི་ནང་ཚན་རྒྱལ་མཆོག་སྐུ་ཕྲེང་དང་པོ་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པས་གཙང་གཞིས་རྩེ་ཁུལ་དུ་༡༤༤༧དཔལ་གྱི་ཆོས་སྡེ་ཆེན་པོ་བཀྲ་ཤིས་ལྷུན་པོ་ཕྱག་བཏབ་སྟེ།[23] རྗེ་ཐམས་ཅད་མཁྱེན་པའི་དགོངས་པ་བཞིན་ཚད་མ་རྣམ་འགྲེལ་གཙོ་བོ་བྱས་ནས་འཆད་ཉན་གྱི་སྲོལ་བཙུགས་པས་དགེ་འདུན་གྱི་སྡེ་ཤིན་ཏུ་འཕེལ་བས་ཤར་རྩེ་གྲྭ་ཚང་དང༌། དཀྱིལ་འཁོར། ཐོས་བསམ་གླིང་བཅས་གྲྭ་ཚང་གསུམ་བྱུང༌་། དང་།དུས་ཕྱིས་པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་སྔགས་པ་གྲྭ་ཚང་གསར་དུ་བཏབ་པས་བཞི་བྱུང༌། ཐོས་བསམ་གླིང་གྲྭ་ཚང་ནི་རྗེ་དགེ་འདུན་གྲུབ་པའི་སློབ་མ་དྲི་མེད་བཤེས་གཉེན་གྱིས་མཆད་ཉན་སྤེལ་བ་ལས་བྱུང༌། དཀྱིལ་འཁོར་གྲྭ་ཚང་ནི་རྗེ་དགེ་འདུན་གྲུབ་ཀྱི་སློབ་མ་དཔལ་ལྡན་ཆོས་སྐྱོང་གིས་འཆད་ཉན་མཛད་པ་ལས་བྱུང༌། ཤར་རྩེ་གྲྭ་ཚང་ནི་རྗེ་དགེ་འདུན་གྲུབ་པའི་སློབ་མ་དྲི་མེད་བཤེས་གཉེན་གྱིས་ཟུར་ཆོས་ཀྱི་འཆད་ཉན་སྤེལ་བ་ལས་བྱུང་ཞིང༌། གོང་གསལ་གྲྭ་ཚང་དེ་དག་གི་མཁན་རབས་ཀྱང་ས་ཕག་དུས་འགྱུར་བར་བྱུང་སྣང༌། དེ་དག་ལས་༼ཡིག་ཆ་ཁག་༽ དུས་ཕྱིས་དབོན་དགོན་པའི་སྐྱེ་སྤྲུལ་པཎ་ཆེན་བློ་བཟང་ཆོས་རྒྱན་ལ་ྋགོང་ས་ལྔ་པ་ཆེན་པོས་བཀྲས་ལྷུན་རྩིས་འབུལ་བྱས་པ་ནས་པཎ་ཆེན་སྐུ་ཕྲེང་ན་རིམ་གྱིས་བསྐྱངས་པས་དགེ་འདུན་གྱི་སྡེ་དང་བཤད་སྒྲུབ་འཆད་ཉན་ཤིན་ཏུ་རྒྱས་པ་བྱུང༌།༢༤ བཙན་བྱོལ་དུ་བཀྲས་ལྷུན་གྲྭ་ཚང་ཡོངས་རྫོགས་གཅིག་གྱུར་གྱིས་ད་ལྟའི་བཀྲས་ལྷུན་མཁན་རིན་པོ་ཆེ་བློ་བཟང་ཚེ་བརྟན་བར་རིམ་པར་བྱོན་པས་བསྟན་པའི་སྲོལ་བཟང་བླ་ན་སྤེལ།རྗེའི་དངོས་སློབ་རྗེ་བཙུན་ཤེས་རབ་སེང་གེས་གཙང་དུ་སྲད་དགོན་པ་འདེབས། དེ་ནི་རྗེ་ཙོང་ཁ་པ་ཆེན་པོའི་རིང་ལུགས་འཆང་བའི་ཁྲོད་ནས་རྒྱུད་སྡེ་རྒྱ་མཚོར་སློབ་གཉེར་བྱེད་པའི་གདན་ས་ཐེངས་དང་པོ་དེ་ཡིན། གདན་ས་འདིར་རྗེ་བླ་མའི་སྔགས་ཀྱི་གཞུང་འགྲེལ་གསང་བདེ་འཇིགས་གསུམ་རྩལ་དུ་བཏོན་ནས་འཆད་ཉན་གྱི་སྲོལ་སྤེལ་བའི་རྗེའི་རིང་ལུགས་སྔགས་ཀྱི་བསྟན་པ་ཤིན་ཏུ་འཕེལ། གདན་ས་འཛིན་པའི་མཁན་རྒྱུད་ཀྱང་རྗེ་ཤེར་སེང་ནས་པཎ་ཆེན་འདུད་ནག་པ་དཔལ་ལྡན་བཟང་པོ། དེ་ནས་རིམ་པར་བཞིན་རྒྱུད་ཆེན་དཀོན་མཆོག་ཡར་འཕེལ་བར་བྱོན། དེ་ནས་ཀྱང་གདན་ས་འཛིན་པའི་མཁན་རྒྱུད་ནི་ད་ལྟར་འཚོ་ཞིང་བཞུགས་པ་དགེ་བའི་བཤེས་གཉེན་ཆེན་པོ་མཐུ་སྟོབས་མགོན་པོའི་བར་རིམ་པར་བྱོན་ནས་རྒྱད་སྡེ་རྒྱ་མཚོའི་བསྟན་པ་བླ་ན་བཏེགས་ཤིང༌། རྒྱུད་ཆེན་དཀོན་མཆོག་ཡར་འཕེལ་ནས་རྗེ་འཇམ་དབྱངས་བཞད་པར་རྒྱུད་པའི་མན་ངག་ཀྱང་ད་ལྟའི་བར་གནས།རྗེ་ཤེས་རབ་སེང་གེས་དབུས་ཀྱི་ལྷ་ལྡན་དུ་རྒྱུད་པ་གྲྭ་ཚང་གསར་དུ་བཏབ་སྟེ་སྔགས་ཀྱི་འཆད་ཉན་བཙུགས། ཕྱི་འདུལ་བའི་སྤྱོད་པ་གཙང་པ་དང་ནང་སྔགས་ཀྱི་རྟོགས་པ་མཐོནཔོའི་རྣམ་ཐར་རྨད་དུ་བྱུང་བ་སྐྱོང༌་། དང་།བསྟན་པའི་ཡང་སྙིང་གསང་སྔགས་རྒྱུད་སྡེ་རྒྱ་མཚོའི་གཞུང་ལུགས་ལ་སྔ་ན་མེད་པའི་འཆད་ཉན་གྱི་སྲོལ་རྒྱ་ཆེར་ཚུགས། དུས་ཕྱིས་རང་གི་དངོས་སློབ་རྒྱུད་ཆེན་ཀུན་དགའ་རྒྱལ་མཚན་གྱིས་རྒྱུད་པ་གྲྭ་ཚང་བཙུགས་པ་དེ་ཉིད་ར་མོ་ཆེ་གཙུག་ལག་ཁང་དུ་སྤོས་རྗེས་ཕན་ཚུན་སྟོད་གྲུབ་ཀྱིས་རྒྱུད་སྟོད་སྨད་ཅེས་པའི་ཐ་སྙད་གསར་དུ་བྱུང༌། རྒྱུད་སྨད་གྲྭ་ཚང་གི་མཁན་རབས་རིམ་བྱུང་ནི་རྗེ་ཤེས་རབ་ཤེངྒེ་ནས་དགེ་བའི་བཤེས་གཉེན་ཆེན་པོ་བློ་བཟང་བདེ་ལེགས་བར་རིམ་བྱོན།༢༥ རྒྱུད་ཆེན་ཀུན་དགའ་དོན་གྲུབ་ཀྱིས་འཆད་ཀའི་རྒྱུད་གྲྭ་ཕྱག་བཏབ་ནས་འཆད་ཉན་སྤེལ་བས་རྒྱུད་སྡེ་རྒྱ་མཚོའི་བཤད་སྒྲུབ་ཀྱི་བསྟན་པ་ཤིན་ཏུ་འཕེལ་བ་བྱུང༌། དུས་ཕྱིས་ལྷ་ས་ར་མོ་ཆེ་གཙུག་ལག་ཁང་དུ་སྤོས་ནས་འཆད་ཉན་གྱིས་རྒྱུན་འཐུད་པས་ད་ལྟའི་བར་གསང་བ་སྔགས་ཀྱི་བཤད་སྒྲུབ་ལས་གསུམ་ཀའི་སྲོལ་རྒྱུན་མ་ཉམས་པ་འདི་བཞིན་བྱུང་བ་ལགས་ཏེ། མཁན་རབས་ཀྱང༌་། དང་།རྒྱུད་ཆེན་ཀུན་དགའ་དོན་གྲུབ་ནས་ད་ལྟའི་རྒྱུད་གྲྭ་མཁན་རིན་པོ་ཆེ་དགེ་བའི་བཤེས་གཉེན་ཆེན་པོ་བསོད་ནམས་དཔལ་འབྱོར་བར་རིམ་པར་བྱོན་ནས་འཇམ་མགོན་བླ་མའི་གསང་བ་སྔགས་ཀྱི་ལུགས་བཟང་བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་བླ་ན་སྤེལ་བཞིན་པ་འདི་བཞིན་ལགས།༢༦ རྭ་སྟོད་གྲྭ་ཚང་ནི། རྗེའི་དངོས་སློབ་མཁས་པ་ཆེན་པོ་གྲྭ་ཆུང་ཡོན་ཏན་རྒྱ་མཚོས་འཆད་ཉན་མཁན་པོ་མཛད་པའི་སྐབས་རྗེའི་ལེགས་བཤད་རང་ལུགས་སུ་མཛད་པས། གདན་སའི་བློ་གསལ་བ་ཤིན་ཏུ་མང་པོ་འདུས་པ་ལས་བཤད་གྲྭ་ལ་རྡོའི་ར་བ་བསྐོར་བའི་བསྟོད་དུ་རྒྱལ་ཚབ་ཐམས་ཅད་མཁྱེན་པས་གསེར་གྱི་འགྲོ་གྲོན་སྦྱར་ནས་གཙུག་ལག་ཁང་གསར་དུ་བསྐྲུན་པ་ནས་སྟག་ཚང་ར་བ་སྟོད་པ་དང་རྒྱལ་ཚབ་གསེར་གནོན་གྲྭ་ཚང་ཞེས་གྲགས་པ་བྱུང༌། རྗེའི་ལུགས་བཟང་འཛིན་པའི་འཆད་ཉན་གྱི་སྲོལ་ཤིན་ཏུ་དར། གདན་ས་འཛིན་པའི་ཁྲི་རབས་ཀྱང་པཎ་ཆེན་མཆོག་ལྷ་འོད་ཟེར་༢༧ནས་ད་ལྟ་ནི་རྭ་བ་སྟོད་ཀྱི་མཁན་རིན་པོ་ཆེ་དགེ་བའི་བཤེས་གཉེན་ཆེན་པོ་ཁྲིམས་ཚུལ་ཕུན་ཚོགས་ཀྱིས་བསྐྱངས་བཞིན་པ་ལགས་སོ།། རྗེའི་དངོས་སློབ་འཕྲིན་ལས་ནམ་མཁའ་དང་མཉམ་པའི་བུ་ཆེན་བདུན་གྱི་ནང་ཚན་སྟོད་སྨད་ཀྱི་ཤེར་བཟང་གཉིས་ལས་སྟོད་ཤེས་རབ་བཟང་པོས་ལ་དྭགས་ཡུལ་དུ་མང་ཡུལ་སྟག་མོ་དགོན་ཕྱག་བཏབ་སྟེ་འཕྲིན་ལས་ཀྱི་རྒྱུན་སྤེལ། དབོན་པོ་དཔལ་ལྡན་ཤེས་རབ་ཀྱི་གདན་ས་ཁྲི་སོ་ཆོས་སྡེ་དང༌། བཙན་པོ་འོད་སྡེའི་གདན་ས་དཔེ་ཐུབ་དགོན་སོགས་མངའ་རིས་ཁུལ་དུ་དགེ་ལྡན་རིང་ལུགས་ཀྱི་སྲོལ་དར་ཞིང༌། གཞན་ཡང་ལོ་ཆེན་ནམ་མཁའ་བཟང་པོའི་གདན་ས་མངའ་རིས་མཐོ་ལྡིང་ལྷ་ཁང་དང༌། ཧ་སེ་འཕགས་པས་ཕྱག་བཏབ་པའི་བྲེ་ལྡན་དང་བཀྲ་ཤིས་བདེ་རྒྱས་སོགས་ཞང་ཞུང་ཁུལ་དུ་སྔ་ཕྱི་ཆོས་སྡེ་བརྒྱ་ཕྲག་ལ་ཉེ་བ་ཚུགས་ནས་དགེ་འདུན་གྱི་སྡེ་འཕེལ།༢༨ རྗེའི་དངོས་སློབ་སྨད་ཤེས་རབ་བཟང་པོ་རྒྱལ་ཚབ་ཐམས་ཅད་མཁྱེན་པའི་བཀའ་བཞིན་ཁམས་སུ་ཕེབས་ནས་ཆབ་མདོ་བྱམས་པ་གླིང་ཕྱག་བཏབ། བཤད་སྒྲུབ་ཀྱི་སྲོལ་བཙུགས་པས་འདུས་སྡེ་ཤིན་ཏུ་མང་པོ་འཕེལ། རྗེའི་དངོས་སློབ་རྣམ་དཔྱོད་ཕུལ་དུ་བྱུང་བའི་མཁས་པ་གཉིས་ཀྱི་ནང་ཚན་བོད་ཀྱི་སྙན་ངག་མཁན་ཞང་ཞུང་ཆོས་དབང་གྲགས་པ་ཡང་གདན་ས་འདིར་ཕེབས་ནས་འཕྲིན་ལས་ཀྱི་རྒྱུན་བསྐྱངས། དུས་ཕྱིས་ཁམས་ཀྱི་རྒྱལ་བ་འཕགས་པ་ལྷ་སྐུ་ཕྲེང་རིམ་བྱོན་གྱིས་ཕྱོགས་འདིའི་ལུགས་ཟུང་གསེར་གྱི་འཁོར་ལོས་དབང་བསྒྱུར་ནས་སྡེ་འདིའི་བཤད་སྒྲུབ་འཆད་ཉན་དབུས་ཀྱི་གདན་ས་ཆེན་པོ་གསུམ་དང་ཕྱོགས་འདྲ་བ་བྱུང༌། དེ་བཞིན་གདན་ས་འདིའི་སྐྱེས་ཆེན་ཞི་བ་ལྷ་དང༌་། དང་།ལྕགས་ར་སྤྲུལ་པའི་སྐུ་སོགས་རིམ་པར་བྱོན་པས་ཞྭ་སེར་རིང་ལུགས་གཙང་མའི་བསྟན་ལ་རྨད་དུ་བྱུང་བའི་འཕྲིན་ལས་ཀྱི་རྒྱུན་སྐྱོང༌། ཁམས་ཀྱི་གདན་ས་ཆེན་པོ་ཆབ་མདོ་བྱམས་པ་གླིང་གི་གདན་རབས་ནི་སྨད་ཤེས་རབ་བཟང་པོ་ནས་དགེ་བའི་བཤེས་བཤེས་གཉེན་ཆེན་པོ་བྱམས་པའི་མཚན་ཅན་བར་རིམ་པར་བྱོན་ནས་བཤད་སྒྲུབ་ལས་གསུམ་གྱིས་འཇམ་མགོན་བླ་མའི་བསྟན་པ་བླ་ནས་བླ་ན་བཏེགས། ཆོས་སྡེ་ཆེན་པོ་འདིའི་དགོན་མ་ལག་བརྒྱ་ལྷག་ཡོད། རྗེའི་དངོས་སློབ་ཀོང་པོ་ཇོ་སྟན་བསྟན་པ་དར་རྒྱས་ཀྱིས་ཆབ་མདོ་རི་བོ་དགའ་ལྡན་གླིང་དང༌་། དང་།རྗེ་དགེ་འདུན་རྒྱ་མཚོའི་སློབ་མ་རིན་ཆེན་རྣམ་རྒྱལ་གྱིས་བཀྲ་ཤིས་རབ་བརྟན་དགོན་དང༌། ཆབ་མདོ་འཕགས་པ་ལྷས་ཀོང་པོ་དང་སྤོ་བོ་གཉིས་ཀྱི་མཚམས་སུ་དེ་མོ་ལ་ཁའི་ཆོས་སྡེ་བཏབ། ཐུགས་སྲས་དེ་མོ་སྤྲུལ་སྐུའི་རྒྱུན་སྐྱོང་བ་ནས་སྤོ་ཀོང་གཉིས་སུ་དགེ་བསྟན་རྒྱ་ཆེར་འཕེལ།རྒྱལ་མཆོག་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོས་ལི་ཐང་ཐུབ་ཆེན་བྱམས་པ་གླིང་ཕྱག་བཏབ། པཎ་ཆེན་བསོད་ནམས་གྲགས་པའི་སྐུ་ཕྲེང་གཉིས་པ་བསོད་ནམས་ཡེ་ཤེས་དབང་པོས་རྒྱུན་སྐྱོང་སྟེ་དགེ་ལྡན་རིང་ལུགས་འཆང་བའི་དགེ་འདུན་གྱི་སྡེ་ཤིན་ཏུ་མང་པོ་འཕེལ། དུས་ཕྱིས་ལི་ཐང་ཤོག་དྲུག་སྐྱབས་མགོན་ཞེས་འཕྲིན་ལས་མཁའ་ལྟར་ཡངས་པོའི་སྐྱེས་ཆེན་ཡང་རིམ་པ་བྱོན་སྣང་ལ། གདན་ས་འཛིན་པའི་མཁན་རབས་ཀྱང་བསོད་ནམས་ཡེ་ཤེས་དབང་པོ་ནས་ད་ལྟའི་བར་མཁན་རབས་རིམ་པར་བྱོན་སྣང༌་། དང་།འདིའི་བུ་དགོན་བརྒྱ་དང་བརྒྱད་ཙམ་མཆེད།༢༩ སྟོང་སྐོར་ཞབས་དྲུང་ཟླ་བ་རྒྱལ་མཚན་གྱིས་ཁམས་ཏྲེ་བོ་སྟོང་སྐོར་ཁུལ་དུ་སྟོང་སྐོར་དགོན་བཀྲ་ཤིས་ལྷུན་པོ་ཕྱག་བཏབ་ནས་དགེ་འདུན་གྱི་སྡེ་བཙུགས། ཞབས་དྲུང་སྐུ་ཕྲེང་ན་རིམ་གྱིས་འཕྲིན་ལས་ཀྱི་རྒྱུན་སྐྱོང༌་། དང་།གོང་ས་ལྔ་པའི་དངོས་སློབ་རྭ་ལོའི་རྣམ་འཕྲུལ་ཧོར་ཆོས་རྗེ་ངག་དབང་ཕུན་ཚོགས་ཁུ་དབོན་གྱིས་དཀར་མཛེས་བཤད་སྒྲུབ་དར་རྒྱས་ནོར་བུའི་གླིང་སོགས་དགོན་སྡེ་བཅུ་གསུམ་ཕྱག་བཏབ་ནས་དགེ་འདུན་གྱི་སྡེ་བཙུགས། ལོ་ཙཱ་བ་ཆེན་པོ་བློ་ལྡན་ཤེས་རབ་ཀྱི་རྣམ་འཕྲུལ་བྲག་གཡབ་སྐྱབས་མགོན་སྐུ་ཕྲེང་དང་པོ་ཉག་རེ་གྲགས་པ་རྒྱ་མཚོས་བྲག་གཡབ་མ་དགོན་བཀྲིས་གཡང་འཁྱིལ་ཕྱག་བཏབ། ལོ་ཆུང་ལེགས་པའི་ཤེས་རབ་ཀྱི་རྣམ་འཕྲུལ་བྲག་གཡབ་ཆུང་ཚང་སངས་རྒྱས་བཀྲིས་ཀྱིས་བུ་དགོན་ཕྱག་བཏབ། བྲག་གཡབ་ལ་བུ་དགོན་གཉིས་སུ་དགེ་འདུན་གྱི་སྡེ་ཤིན་ཏུ་མང་པོ་འཕེལ་བ་བྲག་གཡབ་ཆེ་ཚང་ཆུང་ཚང་གི་སྐུ་ཕྲེང་ན་རིམ་བྱོན་པ་ཚོས་རྒྱུན་སྐྱོང་སྟེ་ད་ལྟའི་བར་དུ་འཆིས། ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་བྱ་ཁྱུང་དགོན་བཏབ། རྗེ་བླ་མ་ཙོང་ཁ་བ་ཆེན་པོ་ཡང་སྐུ་ན་ཆུང་དུས་གདན་ས་འདི་ན་འཚར། ཇོ་བོ་བཀའ་གདམས་རིང་ལུགས་པའི་འཆད་ཉན་གྱི་སྲོལ་ཆེས་ཆེར་དར། དུས་ཕྱིས་རྒྱལ་དབང་བསོད་ནམས་རྒྱ་མཚོས་ཞལ་བཀོད་བཞིན་འདུལ་བ་ཆོས་རྗེ་འོད་ཟེར་རྒྱ་མཚོས་གཙང་དགོན་གྲྭ་ཚང་བཙུགས། གྲྭ་ཚང་དེར་ཕྱིས་སུ་མཚན་ཉིད་ཀྱི་བཤད་སྒྲ་དང༌། རྒྱུད་ཀྱི་སྒྲུབ་གྲྭ། གསོ་རིག་སོགས་ཐ་སྙད་བསླབ་པའི་གྲྭ་བཅས་ཀྱང་རིམ་པར་བཞིན་འཕེལ་བ་ནས་ད་ལྟའི་བར་འཆད་ཉན་གྱི་སྲོལ་དར། རྒྱལ་དབང་བསོད་ནམས་རྒྱ་མཚོས་རྗེ་སྐུ་འབུམ་བྱམས་པ་གླིང་བཏབ། མདོ་སྨད་བྱང་རྒྱུད་དུ་རྗེའི་བསྟན་པ་རྒྱ་ཆེར་འཕེལ། འོན་རྒྱལ་སྲས་རིན་པོ་ཆེ་དོན་ཡོད་ཆོས་ཀྱི་རྒྱ་མཚོས་དགོན་ལུང་བྱམས་པ་གླིང་ཕྱག་བཏབ། ཀུན་མཁྱེན་འཇམ་དབྱངས་བཞད་པ་དང༌། ལྕང་སྐྱ་རོལ་པའི་རྡོ་རྗེ། ཐུའུ་བཀཱན་ཆོས་ཀྱི་ཉི་མ་སོགས་སྐྱེས་ཆེན་དུ་མའི་འཕྲིན་ལས་ལ་བརྟེན་ནས་དགེ་འདུན་གྱི་སྡེ་དང་བཤད་སྒྲུབ་ཀྱི་སྲོལ་རྒྱ་ཆེར་འཕེལ། རོང་པོ་སྐལ་ལྡན་རྒྱ་མཚོས་རོང་པོ་དགོན་ཆེན་དུ་མཚན་ཉིད་ཀྱི་བཤད་གྲྭ་བཙུགས། འཆད་ཉན་རྒྱ་ཆེ་འཕེལ་བ་ནས་རིམ་པར་བཞིན་སྨན་རྩིས་སོགས་ཀྱི་འཆད་ཉན་ཡང་འཕེལ་བ་བྱུང༌། ྋགོང་ས་ལྔ་པའི་དངོས་སློབ་ཀུན་མཁྱེན་འཇམ་དབྱངས་བཞེད་པ་ངག་དབང་བརྩོན་འགྲུས་ཀྱིས་མདོ་སྨད་ལྷོ་རྒྱུད་དུ་བླ་བྲང་བཀྲིས་འཁྱིལ་ཕྱག་བཏབ། ཐུགས་སྲས་ངག་དབང་བཀྲིས་ཀྱིས་རྒྱུན་བསྐྱངས་བ་ནས་མདོ་སྔགས་རིག་གནས་དང་བཅས་པའི་འཆད་ཉན་ཤིན་ཏུ་འཕེལ། ཆོས་སྡེ་འདིའི་དགོན་མ་ལག ༡༣༨ ཡོད། དབུས་ཀྱི་གདན་ས་ཆེན་པོ་ལའང་ཅོལ་དྲིལ་བའི་ཚོད་དུ་བྱུང་བའི་རྒྱུན་ད་ལྟའི་བར་དུ་གནས་བཞིན་པ་འདི་བཞིན་ལགས་སོ།༣༠། གཞན་ཡང་ལ་མོ་བདེ་ཆེན་དགོན་སོགས་ཞྭ་སེར་རིང་ལུགས་འཆང་བའི་ཆོས་སྡེ་ཤིན་ཏུ་མང་པོ་འཕེལ ཅོ་ནེ་གདུང་སྲས་ཆོས་རྗེ་རིན་ཆེན་ལྷུན་པོས་ཅོ་ནེ་དགོན་ཕྱག་བཏབ་ནས་འཆད་ཉན་གྱི་རྒྱུན་བཙུགས། དུས་ཕྱིས་ཅོ་ནེ་གྲགས་པ་བཤད་སྒྲུབ་དང་ཅོ་ནེ་ངག་དབང་ཚུལ་ཁྲིམས་སོགས་ལུགས་ཟུང་གནས་ལ་མཁྱེན་པའི་སྤྱན་དཀྱུས་ཡངས་པའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དུ་མ་བྱུང་བས་བཤད་སྒྲུབ་ལས་གསུམ་ཀ་འཕེལ་བའི་རྒྱུན་ད་ལྟའི་བར་དུ་གནས། མདོ་སྨད་ལྷོ་ཁུལ་དུ་དགེ་ལྡན་པའི་དགོན་པ་བརྒྱ་ལྷག་ཙམ་འཆིས་པ་དེ་དག་ཕལ་མོ་ཆེའི་ནང་དུ་དུས་འགྱུར་མ་བྱུང་གི་བར་དུ་བཤད་སྒྲུབ་འཆད་ཉན་གྱི་སྲོལ་བཟང་རྒྱུན་མ་ནུབ་པར་བྱུང་སྣང༌་། དང་།ཀླུ་ཆུའི་ལྷོ་ངོས་ཀྱི་རོང་པོ་ལྕེ་ནག་པའི་གདན་ས་སྟག་ཚང་ལྷ་མོ་རྔ་པ་ཀི་རྟི་དགོན་དང༌་། དང་།དམུ་དགེ་དང་མཛོད་དགེ་སོགས་སུ་ཆོས་སྡེ་ཤིན་ཏུ་མང་པོ་འཕེལ། རེབ་སྐོང་གསེར་མོ་ལྗོངས་སུ་རོང་པོ་བསམ་གཏན་རིན་ཆེན་གྱིས་ཕྱག་བཏབ་པ་ཤར་སྐལ་ལྡན་རྒྱ་མཚོའི་གདན་ས་རོང་པོ་དགོན་ཆེན་བདེ་ཆེན་ཆོས་འཁོར་གླིང་གི་གཙོས་དགེ་ལྡན་པའི་དགོན་མ་ལག་བཅུ་ཕྲག་དུ་མའི་དགེ་འདུན་གྱི་སྡེ་དང་བཤད་སྒྲུབ་ཀྱི་སྲོལ་འཕེལ། ྋགོང་ས་ལྔ་པ་ཆེན་པོའི་སྐབས་ཙམ་ན་བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་དགེ་བསྟན་དར་ཡུག་སེར་པོས་མདོ་དབུས་སྐོར་གསུམ་ཙམ་མ་ཟད་རྒྱ་སོག་གི་ཡུལ་གྲུ་ཚུན་ཆད་དུ་ཉི་ཟླའི་འོད་ཟེར་ལྟར་གསལ་ཞིང་རྒྱ་མཚོའི་རྦ་རླབས་ལྟར་འཕྱུར་ཏེ། སྡེ་སྲིད་སངས་རྒྱས་རྒྱ་མཚོས་བཻ་སྔོན་མཛད་དུས་༡༦༩༨སྟོད་མངའ་རིས་བསྐོར་གསུམ་དུ་དགེ་ལྡན་པའི་དགོན་པ་མངའ་རིས།༼༢༠༽ མང་ཡུལ།༼༣༡༽། དབུས་ཀྱི་ལྷ་སའི་ཉེ་འགྲམ་རྣམས་སུ་དགེ་དགོན་༼༡༨༽ སྟོད་ལུང།༼༡༦༽ སྐྱིད་སྨད།༼༢༽ རྒྱ་མའི་ཁྲི་འོག༼༢༤༽ འཕེན་ཡུལ།༼༧༽ འབྲི་ཐང༌།༼༢༤༽ འོས་དགའ།༼༡༨༽ དྭགས་པོ།༼༡༠༽ ཨེ།༼༡༤༽ གཉལ།༼༡༠༽ ལྷོ་བྲག༼༡༠༽ གཡོ་རུ།༼༢༥༽ གཙང༌།༼༡༡༣༽ མངའ་རིས།༼༢༠༽ མང་ཡུལ།༼༣༡༽ ཀོང་ཡུལ།༼༡༤༽ མདོ་ཁམས་སྨད།༼༨༡༽ མདོ་ཁམས་སྟོད།༼༡༢༢༽བཻ་སེར་ལས་མི་ཉག་ནས་སྨར་ཁམས་བར་མདོ་ཁམས་སྨད་དུ་བྱས་པའི་ནང་དུ་མི་ཉག་ཏེ་ལོ་དགོན་ནས་ཀླུ་སྟེ་ལོ་ལ་དགོན་གྱི་བར་དགེ་དགོན་ ༨༡ བྱུང༌། ཆབ་མདོ་ནས་བྱང་ལྷ་རི་མགོ་བར་མདོ་ཁམས་སྟོད་ཀྱི་ས་ཚིགས་སུ་བྱས་པར་བྱམས་པ་གླིང་ནས་འཛམ་སྣེ་འཛམ་གླིང་རྫོང་ཁ་བར་དགེ་དགོན་ ༩༢། སྐུ་འབུམ་བྱམས་པ་གླིང་ནས་ ༼༩༣ཧ༡༢༢༽ ཕུན་ཚོགས་དར་རྒྱས་གླིང་བར་དགོན་སྡེ་ ༣༢་ཙམ་ཡོད་པ་འཁོད་འདུག༣༡ དུས་ཕྱིས་སུ་ནི་དེ་བས་འཕེལ་རྒྱས་གཞི་རྒྱ་ཇེ་ཆེར་ཕྱིར་པས། མཐའ་གཅིག་ཏུ་གྲངས་འབོར་གྱི་ཁ་ཚོན་གཅོད་པ་མི་ནུས་མོད། བོད་ས་སྟོད་སྨད་གང་ས་ནས་ཐོན་པའི་ཆོས་འབྱུང་དང་ལོ་རྒྱུས་དེབ་གསར་དུ་མའི་ནང་འཁོད་པར་གཞིགས་ན་ས་ཕག་དུས་འགྱུར་མ་བྱུང་གི་བར་དུ་དགེལྡན་པའི་ཆོས་སྡེ་ཁྲི་ཕྲག་ལ་ཉེ་བ་བྱུང་ཡོད་པ་ངེས། མདོར་ན་བོད་སྐོར་གསུམ་སྒང་དྲུག་རུ་བཞིར་འཇམ་མགོན་བླ་མའི་བསྟན་པ་ཉིན་མོ་ལྟར་གསལ་བར་གྱུར།

དགེ་ལྡན་བསྟན་པ་རྒྱ་དཀར་ནག་སེར་གསུམ་ལ་ཇི་ལྟར་འཕེལ་བའི་རིམ་པ།

        དགེ་ལྡན་བསྟན་པ་མ་ཧཱ་ཅི་ནའི་ཡུལ་དུ་དར་ཚུལ་ནི། འཇམ་མགོན་ཙོང་ཁ་པ་ཆེན་པོའི་བཀའ་བཞིན་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་རྒྱ་ནག་གོང་མ་ཡུང་ལོའི་དབུ་བླར་ཕེབས་ནས་༼༡༤༠༩༽ གོང་མའི་ཕོ་བྲང་དུ་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་དང༌། གྲུབ་ཆེན་ཏེ་ལོ་པའི་ལུགས་ཀྱི་བདེ་མཆོག་མཆི་བ་མཐར་བྱེད་ཀྱི་དབང་གནང༌་། དང་།གོང་མའི་དབུ་ཐོག་ཚེ་བུམ་བཞག་པའི་སྐབས་བུམ་པའི་ཁ་ནས་བདུད་རྩི་ལུད་པ་དང༌། ཚེ་རིc/་ལས་འོད་ཟེར་འཕྲོས་པས་ཐམས་ཅད་དད་པའི་ས་ལ་བཀོད། རི་བོ་རྩེ་ལྔར་ཕེབས་ཏེ་རྡོ་ལོག་འདམ་ལྟར་བརྫིས་པ་སོགས་ཀྱི་མཛད་པ་ལ་བརྟེན་ནས་ཤར་ཕྱོགས་རྒྱ་ནག་ཡུལ་དུ་འཇམ་མགོན་རིང་ལུགས་གཙང་མའི་བསྟན་པའི་རྨང་བཙུགས། གོང་མ་ཡུང་ལོའི་སྲས་ཟོན་ཏེའི་སྐབས་ཆོས་རྗེ་ཨ་མོ་གྷ་དང་བསོད་ནམས་ཤེས་རབ་རྣམ་གཉིས་གོང་མའི་དབུ་བླར་ཕེབས་ནས་ཧྭ་ཡེ་ཟི་ཞེས་པའི་དགོན་པ་ཕྱག་བཏབ་དགེ་འདུན་གྱི་སྡེ་བཙུགས། གཞན་ཡང་རྗེ་བླ་མའི་དངོས་སློབ་ཆོས་རྗེ་དཔལ་ལྡན་བཀྲ་ཤིས་དང་ཧྲེའུ་ཚང་ཆོས་རྗེ་ཤཱཀྱ་དཔལ་བཟང་སྔ་ཕྱིས་ཀྱང་ཤར་ཕྱོགས་རྒྱ་ནག་ཏུ་དགེ་ལྡན་བསྟན་པའི་འཕྲིན་ལས་ཀྱི་འཇུག་པ་རྒྱ་ཆེར་སྤེལ།རྒྱ་ནག་མན་ཇུན་གྱིས་དབང་བསྒྱུར་བྱས་པའི་རྗེས་ནས་ྋགོང་ས་རྒྱལ་དབང་ཡབ་སྲས་ཀྱི་བཀའ་ལྟར་སེ་ཆེན་ཆོས་རྗེ་མན་ཇུན་གོང་མ་པོག་ཏ་དང་མཆོད་ཡོན་གྱི་འབྲེལ་བ་བྱུང་བ་ནི་མན་ཇུན་དང་མཆོད་ཡོན་གྱི་འབྲེལ་བ་དང་པོ་དེ་ཡིན། གོང་མས་མུག་ཏེ་ལྷ་ཁང་སོགས་བཞེས།༣༢ སྤྱི་ལོ་ ༡༦༥༣ ལོར་ྋགོང་ས་ལྔ་པ་ཆེན་པོས་མན་ཆིང་གོང་མ་ཧྲི་ཀྲི་དང་དངོས་སུ་མཇལ་འཕྲོད་གནང་བ་ནས། མན་ཆིང་གོང་མ་སྲིད་གཞུང་དང་དགེ་ལྡན་རིང་ལུགས་གཉིས་མཆོད་ཡོན་གྱི་འབྲེལ་བ་དངོས་སུ་བཙུགས།༣༣ ཤར་ཕྱོགས་གོང་མ་ཆེན་པོས་དགེ་བསྟན་ལ་མཐའ་གཅིག་ཏུ་གུས་པ་ལྷུན་བླངས་ནས་རྒྱལ་བ་ཡབ་སྲས་གཉིས་ཀར་བླ་ན་མེད་པའི་བཀུར་བཟོས་ཀྱིས་པེ་ཅིན་རང་དུ་ཕོ་བྲང་སེར་པོ་གསར་སྐྲུན་གནང༌་། དང་།གོང་མ་ཁཱང་ཞི་ཁྲི་ལོ་བཞི་པའི་སྐབས་༼༡༦༦༦༽སྙིང་རྗེ་ཆེན་པོའི་ལྷ་ཁང་གཞེས། དགེ་འདུན་གྱི་སྡེ་བཙུགས། ལྷག་པར་དུ་ལྕང་སྐྱ་སྐུ་ཕྲེང་རིམ་བྱོན་དང་ཐུན་བཀཱན་སྐུ་ཕྲེང་རིམ་བྱོན་སོགས་རིམ་པར་མན་ཆིང་གོང་མ་རིམ་བྱུང་གི་དབུ་བླར་བྱོན་ཏེ། པེ་ཅིན་དུ་དགའ་ལྡན་བྱིན་ཆགས་གླིང་དགོན་པ་༼༡༧༤༤༽ཕྱག་བཏབ། དགེ་འདུན་གྱི་སྡེ་བཙུགས། ཟུང་གྲུ་ཟི་དགོན། རི་ཞོལ་དགོན། ཙན་དན་ཇོ་བོ་ལྷ་ཁང༌། པེ་ཅིན་མཆོད་རྟེན་དཀར་པོའི་སྒྲུབ་སྡེ། རི་བོ་རྩེ་ལྔའི་སྒྲུབ་སྡེ་ཀུན་ཏུ་བདེ་བའི་ཚལ། དེ་ལ་སོགས་པའི་ཆོས་སྡེ་དུ་མར་དབུས་ནས་གདན་གསུམ་མཁས་པའི་ཁྲོད་ནས་དགེ་བཤེས་དུ་མ་འཆད་ཉན་པ་བརྫངས་པའི་སྲོལ་ལ་བརྟེན་ནས། མ་ཧཱ་ཙི་ནའི་ཡུལ་དུ་འཇམ་མགོན་རྒྱལ་བ་གཉིས་པའི་བསྟན་པ་ཉིན་མོ་ལྟར་གསལ་བར་གྱུར།༣༤ པཎ་ཆེན་དཔལ་ལྡན་ཡེ་ཤེས་རྒྱ་ནག་དུ་གདན་དྲངས་པའི་སྐབས་གོང་ས་ཆན་ལུང་གིས་ཞེ་ཧོ་བཀྲ་ཤིས་ལྷུན་པོ་དགོན་ཕྱག་བཏབ་ནས་དགེ་འདུན་གྱི་སྡེ་བཙུགས།༣༥ གཞན་ཡང་སྟོང་སྐོར་ཞབས་དྲུང་སྤྲུལ་སྐུ་དང༌། ཁྲི་སྤྲུལ་བློ་བཟང་བསྟན་པའི་ཉི་མ། ཁྲི་ཆེན་ངག་དབས་མཆོག་ལྡན། ཁྲི་རྒྱ་ནག་པ་སོགས་ཆིང་གོང་མའི་དབུ་བླར་ཕེབས་ཏེ་བསྟན་པའི་བྱ་བ་རྒྱ་ཆེར་མཛད། རྒྱལ་པཎ་སྐུ་ཕྲེང་རིམ་བྱོན་གོང་མའི་ཕོ་བྲང་དུ་ཕེབས་མིན་ལ་མ་བརྟེན་པར་གོང་མའི་དབུ་བླར་བཀུར། རྒྱ་ནག་མན་ཆིང་རྩ་འཐོར་སོང་ནས་མི་སེར་རྒྱལ་ཁབ་བཙུགས་པ་ནས་གོ་མིན་ཏང་སྲིད་དབང་འོག་གོང་གསལ་དགོན་སྡེ་དེ་དག་ཏུ་སྔར་སྲོལ་རྒྱུན་འཇགས་སུ་གནས་པར་མ་ཟད། བོད་ཀྱི་བླ་ཆེན་དུ་མ་གཞུང་འབྲེལ་དང་སྒེར་པ་ཅི་རིགས་ཀྱིས་གདན་ནས་དགེ་བསྟན་དར་རྒྱས་བྱུང༌། མི་སེར་རྒྱལ་ཁབ་འཐོར་ནས་རྒྱ་ནག་སྐམ་ས་ཆེན་པོར་རེ་ཞིག་རྒྱལ་བསྟན་ཡོངས་སུ་ནུབ་ཀྱང༌། ཅང་ཇེ་ཧྲི་ཐེ་ཝན་ལ་ཕྱིན་ནས་སྲིད་གཞུང་འཛུགས་པ་དང་ལྕང་སྐྱ་སྤྲུལ་པའི་སྐུ་ཡང་ལྷན་དུ་ཕེབས་ནས་བསྟན་པའི་སྲོལ་རྒྱུན་མི་ཉམས་རྒྱུན་སྐྱོང་གནང་བས་ཐེ་ཝན་ཁུལ་དུ་དགེ་ལྡན་བསྟན་པ་སླར་གསོ་བྱུང༌་། དང་།ལོ་རབས་དགུ་བཅུ་པའི་ནང་ྋགོང་ས་སྐྱབས་མགོན་ཆེན་པོ་ཐེ་ཝན་དུ་ཞབས་སོར་འཁོད་དེ། འཛམ་གླིང་ཤར་ནུབ་ཀྱི་མི་མང་འབུམ་ཕྲག་བརྒལ་བར་དམ་པའི་ཆོས་ཚུལ་རྒྱ་ཆེར་སྤེལ་བ་ནས་བྱེས་འབྱོར་བོད་ཀྱི་གདན་ས་ཆེན་པོ་ཁག་ནས་མཁས་གྲུབ་སྐྱེས་ཆེན་དུ་མ་རིམ་ཕེབས་ཀྱིས་དགེ་ལྡན་རིང་ལུགས་འཆང་བའི་ཆོས་སྡེ་དང་ཆོས་ཚོགས་དུ་མ་གསར་འཛུགས་གནང་བས། ད་ལྟ་ནི་ཕྱོགས་དེར་དགེ་བསྟན་ཉི་མ་ལྟར་གསལ་བར་འཆར་བཞིན་པའི་སྐབས་ཡིན་ལ། རྒྱ་ནག་སྐམ་ས་ཆེན་པོར་ཡང་རིག་གསར་སྲིད་ཇུས་ལ་འགྱུར་བ་གཏོང་པ་ནས་རྒྱལ་ཁབ་ཕྱི་ནང་གི་མཁས་གྲུབ་སྐྱེས་ཆེན་དུ་མའི་བཀའ་དྲིན་ལས་འཇམ་མགོན་རྒྱལ་བ་གཉིས་པའི་རིང་ལུགས་འཆང་བའི་ཆོས་སྡེ་དང་ཚོགས་པ་མང་དུ་ཡོད་པ་ཐོས་ཏེ་ཞིབ་པ་ནི་འབྲི་པ་མ་སྤོབས་སོ།། དགེ་ལྡན་བསྟན་པ་ཧོར་སོག་གི་ཡུལ་དུ་དར་ཚུལ་ནི། ྋགོང་ས་རྒྱལ་དབང་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ་ཆེན་པོ་ཧོར་གྱི་ཨལ་ཐན་རྒྱལ་པོས་གདན་དྲངས། ཕྱོགས་དེར་ཆོས་ལོག་གི་རྒྱུན་བཅད། རྒྱལ་པོ་ཡབ་སྲས་སོགས་ཧོར་རིགས་དད་ལྡན་ཁྲི་ཕྲག་ལ་དམ་པའི་ཆོས་ཀྱི་ཆར་ཕབ། མཁར་སྔོན་ཐེག་ཆེན་ཆོས་འཁོར་གླིང་གི་ཆོས་སྡེ་ཕྱག་བཏབ་༼༡༥༧༩༽ དགེ་འདུན་གྱི་སྡེ་བཙུགས། འཇམ་མགོན་རྒྱལ་བ་གཉིས་པའི་ལུགས་བཟང་གི་སྲོལ་འབྱེད། སོག་པོ་སྟོད་སྨད་དབུས་གསུམ་དུ་དགེ་བསྟན་ཐོག་མར་དར་བའི་མགོ་དོད། སྟོང་འཁོར་ཞབས་དྲུང་ཟླ་བ་རྒྱལ་མཚན་གྱིས་མཉྫུ་ཤྲིའི་དགོན་པ་ཕྱག་བཏབ་དགེ་འདུན་གྱི་སྡེ་བཙུགས། ལྷ་བཙུན་ནེ་ཐོ་ཡོན་གྱིས་བསྟན་པའི་འཕྲོ་བསྐྱངས། རྒྱལ་དབང་ཡོན་ཏན་རྒྱ་མཚོ་ཨལ་ཐན་རྒྱལ་པོའི་སྲས་སུ་འཁྲུངས་པ་དང༌། བསོད་ནམས་ཡེ་ཤེས་དབང་པོ་དང་རྗེ་དྲུང་བསྟན་པ་རྒྱལ་མཚན་སོགས་ཀྱིས་འགྲོ་དོན་རྒྱ་ཆེར་སྤེལ་བས་ཆེན་པོ་ཧོར་གྱི་ཡུལ་དུ་རྒྱལ་བ་གཉིས་པའི་ལུགས་བཟང་ཆེས་ཆེར་འཕེལ། དུས་ཕྱིས་ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེའི་གསུང་གི་འཕྲིན་ལས་དང་སློབ་རྒྱུད་ལ་བརྟེན་ནས་དགེ་བསྟན་ཤིན་ཏུ་དར་བ་བྱུང༌་། དང་།ལྷག་པར་ཁལ་ཁ་རྗེ་བཙུན་དམ་པས་གདན་ས་ཆེན་པོ་ཏཱ་ཁུ་ར་ཕྱག་བཏབ་པ་ནས་ཆོས་སྡེ་དེ་གཅིག་པོར་ཡང་དགེ་འདུན་ཁྲི་ལྷག་འཕེལ་ནས་བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་དགེ་བསྟན་རྒྱ་ཆེར་འཕེལ། རྗེ་དེ་ཉིད་སྐུ་ཕྲེང་རིམ་བྱོན་གྱིས་ཆེན་པོ་ཧོར་གྱི་ལུགས་གཉིས་སྐྱོང་བའི་རིང་ལ་སོག་པོ་སྟོད་སྨད་དབུས་གསུམ་དུ་དགེ་ལྡན་ལུགས་བཟང་འཛིན་པའི་དགོན་སྡེ་སྟོང་ཕྲག་ལ་ཉེ་བ་བྱུང་ཞིང་དགེ་འདུན་གྱི་སྡེ་ཁྲི་ཕྲག་དུ་མ་འཕེལ༌། བཤད་སྒྲུབ་འཆད་ཉན་གྱི་སྲོལ་ཤིན་ཏུ་དར། ལོ་རེར་ཡང་སོག་གྲྭ་སྟོང་ཕྲག་བརྒལ་བ་དབུས་གཙང་གི་གདན་ས་ཆེན་པོ་བཞི་དང་བླ་བྲང་བཀྲིས་འཁྱིལ། རྗེ་སྐུ་འབུམ་སོགས་སུ་སློབ་གཉེར་ལ་ཕེབས་ཏེ་དེ་དག་ལས་གདན་སའི་མཁས་ལས་དང་དགེ་བཤེས་གྲགས་ཅན་ཡང་སྔ་ཕྱིར་སྟོང་ཕྲག་བརྒལ་བ་བྱུང་ཞིང༌། ཏཱ་ཁུ་རལ་སོགས་སོག་ཡུལ་གྱི་དགོན་སྡེ་ཆེ་ཕྲ་ཕལ་བོ་ཆེར་ཡང་གཞུང་ཆེན་པོད་ལྔ་དང་སྔགས་བསྐྱེད་རྫོགས་ཀྱི་སློབ་གཉེར་གདན་ས་ཆེན་པོ་དང་ཕྱོགས་མཚུངས་སུ་དར་བ་མ་ཟད། དགོན་སྡེ་དེ་དག་ནས་འཐེན་པའི་རྩོད་མེད་ཡོངས་གྲངས་ཀྱི་མཁས་གྲུབ་སྐྱེས་ཆེན་ཡང་ཤིན་ཏུ་མང་པོ་ཐོན།༣༦ དུས་ཕྱིས་ཨུ་རུ་སུའི་འོག་ནས་རང་སྐྱོང་གི་གོ་སྐབས་བྱུང་བ་དང༌། ྋགོང་ས་སྐྱབས་མགོན་ཆེན་པོ་སོག་ཡུལ་དུ་གདན་དྲངས་ནས་དམ་པའི་ཆོས་ཀྱི་བགོ་སྐལ་རྒྱ་ཆེར་ཞུས། བྱེས་འབྱོར་གདན་ས་ཆེན་པོ་ཁག་ནས་མཁས་གྲུབ་སྐྱེས་ཆེན་དུ་མ་སོག་ཡུལ་དུ་གདན་དྲངས་ནས་བཤད་སྒྲུབ་ཀྱི་བསྟན་པའི་རྨང་གསོས་དགོན་སྡེ་ཆེ་ཕྲ་ཕལ་པོ་ཆེར་དགེ་འདུན་གྱི་སྡེ་བཙུགས། བཤད་སྒྲུབ་ལས་གསུམ་གྱི་སྲོལ་བཟང་སླར་གསོ་རིམ་པར་བྱས་ཏེ། རྒྱུད་འཛིན་གྲྭ་རྒྱུན་མང་པོ་འཕགས་ཡུལ་དུ་མདོ་སྔགས་ཀྱི་གདན་ས་ཆེན་པོ་རྣམས་སུ་འཛུལ་ནས་སློབ་གཉེར་གྱི་རྒྱུན་བསྐྱངས་དང་སྐྱོང་བཞིན་པ་འདི་བཞིན་ལགས་སོ།། ༣༧ རྒྱ་གར་དུ་དགེ་བསྟན་ཇི་ལྟར་དར་ཚུལ་ནི། དུས་འགྱུར་བྱུང་རྗེས་སྦག་ས་ནས་བཟུང་ད་ལྟའི་བར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་དང༌། མཚུངས་མེད་ཡོངས་འཛིན་རྣམ་གཉིས། གདན་ས་ཁག་གི་མཁན་ལས་ཟུར་གཙོས་པའི་བསྟན་འཛིན་སྐྱེས་ཆེན་དུ་མའི་བཀའ་དྲིན་ལས་རྒྱ་བལ་གཉིས་སུ་ཐུབ་བསྟན་སྤྱི་དང་དགེ་བསྟན་གྱི་མེ་རོ་གསོས་ཏེ་དགེ་འདུན་གྱི་སྡེ་དང་བཤད་སྒྲུབ་ཀྱི་བསྟི་གནས་ཇི་ལྟར་འཕེལ་བའི་རིམ་པ་ཡང༌། སྤྱི་ལོ་ ༡༩༥༩ ལོར་ྋགོང་ས་མཆོག་གི་ལམ་སྟོན་དང་རྒྱ་གར་གཞུང་གི་སྐྱོབ་གསོ་འོག་སྦག་ས་ནང་བསྟན་ཆོས་རིག་འཛིན་སློབ་གླིང་གསར་འཛུགས་གནང་ནས་ས་དགེ་བཀའ་རྙིང་བོན་དང་བཅས་པའི་ཆོས་རྒྱུད་མི་ཉམས་རྒྱུན་འཛིན་བྱས། སྤྱི་ལོ་ ༡༩༦༩ ལོར་གདན་ས་ཆེན་པོ་སེར་འབྲས་དགའ་གསུམ་རྒྱ་གར་ལྷོ་ཕྱོགས་ཀར་ན་ཀྲ་ཀའི་མངའ་སྡེ་མོན་གྷོ་འདོད་རྒུ་གླིང་དུ་སྤོས་ནས་ ༡༩༧༣ལོར་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་གདན་ས་ཕྱག་བཏབ། ༡༩༧༦ ལོར་དགའ་ལྡན་ཤར་བྱང་གི་འདུ་ཁང་གསར་བསྐྲུན་བྱས། ༡༩༨༧ ཚོགས་ཆེན་འདུ་ཁང་རྒྱ་བསྐྱེད་བྱས། སྤྱི་ལོ་ ༡༩༩༣ ལོར་ཤར་རྩེ་དང་ ༡༩༩༩ ལོར་བྱང་རྩེ་འདུ་ཁང་རྒྱ་བསྐྱེད་དང་རྟེན་གསུམ་གྲྭ་ཤག་བཅས་པ་ཤིན་ཏུ་ཚགས་ཚུད་སྤུས་ལེགས་ཐོག་གཞུང་ཆེན་པོད་ལྔའི་སློབ་གཉེར་གྱི་སྒྲིག་གཞི་ཚགས་ཚུད་ལྡན་པས་སློབ་གཉེར་ཤིན་ཏུ་འཕེལ་བ་མཐོང་ཆོས་སུ་ཡོད་པ་འདི་བཞིན་ལགས་སོ། མོན་གྷོ་གཞིས་ཁོངས་སུ་སྤྱི་ལོ་ ༡༩༧༡ ལོར་གདན་ས་ཆེན་པོ་འབྲས་སྤུངས་པའི་གཙུག་ལག་ཁང་གསར་བསྐྲུན་དང༌། ༡༩༧༢ བློ་གསལ་གླིང་ ༡༩༧༣ ལོར་བཀྲིས་སྒོ་མང་གི་འདུ་ཁང་གསར་བསྐྲུན་བྱས་ ༡༩༧༥ ལོར་ཚོགས་ཆེན་འདུ་ཁང་རྒྱ་བསྐྱེད་བྱས། སླར་ཡང་ ༡༩༩༧ ལོར་ཐེངས་གཉིས་པ་དང་ ༢༠༠༣ ལོར་ཐེངས་གསུམ་པ་རྒྱ་བསྐྱེད་བྱས། སྒོ་མང་ ༢༠༠༠ ལོར་ཐེངས་གཉིས་པ་རྒྱ་བསྐྱེད་ཀྱིས་ཚོགས་ཆེན་གྲྭ་ཚང་ཁང་ཚན་དང་བཅས་པའི་འདུ་ཁང་རྟེན་གསུམ་གྲ་གང་རྒྱས་ཐོག་གཞུང་ཆེན་པོད་ལྔར་འཆད་ཉན་དཔེ་མེད་དུ་འཕེལ་བ་མཐོང་ཆོས་སུ་ཡོད་པ་འདི་བཞིན་ལགས་སོ།སེ་ར་ཐེག་ཆེན་གླིང་ནི་སྤྱི་ལོ་ ༡༩༧༠ ལོར་མོན་གྷོ་ནས་བྷེ་ཀོབ་དུ་སྤོས་ནས་ ༡༩༧༤ ལོ་གྲྭ་ཚང་བྱེས་སྨད་ཀྱི་འདུ་ཁང་གསར་དུ་བཞེངས། ༡༩༨༢ ལོར་ཚོགས་ཆེན་འདུ་ཁང་གསར་བཞེངས་གནང་ནས་རིམ་བཞིན་རྒྱ་བསྐྱེད་མཛད་དེ་རྟེན་གསུམ་དགེ་འདུན་གྱི་སྡེ་དང་བཅས་པ་ཆེས་ཆེར་འཕེལ། གཞུང་ཆེན་པོད་ལྔའི་འཆད་ཉན་དབྱར་མཚོ་ལྟར་འཕེལ་བ་འདི་བཞིན་ལགས་སོ། བྱེས་འབྱོར་གདན་ས་ཆེན་པོ་བཀྲ་ཤིས་ལྷུན་པོ་ནི་སྤྱི་ལོ་ ༡༩༧༢ ལོར་བྷེལ་ཀོབ་གཞིས་གསར་བདེ་སླར་གཙུག་ལག་ཁང་གསར་སྐྲུན་གྱིས་གཞིས་ཕབ། གྲྭ་ཚང་ཟུར་འཛུགས་མ་བྱས་པར་གཅིག་ཏུ་བསྡུས། རྟེན་གསུམ་གསར་བཞེས་དང་དགེ་འདུན་གྱི་སྡེ་བསྐྱངས། འཆད་ཉན་གྱི་རྒྱུན་སྤེལ། སྟག་ཚང་ར་བ་སྟོད་པ་ནི་གནས་སྐབས་རིང་བློ་གསའི་གླིང་གི་ཁོངས་སུ་བྱས། སྤྱི་ལོ་ ༡༩༨༣ ལོར་གཙུག་ལག་ཁང་དང་རྟེན་གསུམ་གསར་བཞེངས། འཆད་ཉན་གྱི་རྒྱུན་བློ་གསལ་གླིང་དུ་བསྐྱངས། དཔལ་ལྡན་སྨད་རྒྱུད་གྲྭ་ཚང་ནི་སྤྱི་ལོ་ ༡༩༦༠ ལོར་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་ཌར་ཧོར་གནས་སྐབས་རྟེན་གཞིར་བྱས་ནས་འཆད་ཉན་གྱི་རྒྱུན་སྐྱོང༌། སྤྱི་ལོ་ ༡༩༧༣ ལོར་རྒྱ་གར་ལྷོ་ཕྱོགས་མེའེ་སོར་ཧུན་སུར་རབ་རྒྱས་གླིང་དུ་སྤོས་ནས་གཙུག་ལག་ཁང་དང་རྟེན་གསུམ་གསར་བཞེངས་ཐོག ༡༩༩༠ ལོར་འདུ་ཁང་སླར་ཡང་གསར་བཞེངས་གནང༌་། དང་།མདོ་སྔགས་གཉིས་ཀའི་འཆད་ཉན་གྱི་རྒྱུན་རྒྱ་ཆེར་འཕེལ། དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་ནི་ ༡༩༦༠ ལོ་ཌལ་ཧོ་དང་དེ་ནས་ ༡༩༧༤ འབུམ་ལ་བསྟན་འཛིན་སྒང་དུ་སྤོས་ནས་གཙུག་ལག་ཁང་རྟེན་གསུམ་དང་བཅས་པ་གསར་བཞེངས་ཐོག་དགེ་འདུན་གྱི་སྡེ་བཙུགས། འཆད་ཉན་གྱི་རྒྱུན་སྤེལ། ༡༩༩༦ ལོར་འཕགས་ཡུལ་ནུབ་ཕྱོགས་རྡ་རམ་ས་ལ་སིད་བྷ་རིར་གནས་སྤོས་ནས་གཙུག་ལག་ཁང་རྟེན་གསུམ་གྲྭ་ཤག་བཅས་པ་གསར་སྐྲུན་ཐོག་འཆད་ཉན་གྱི་རྒྱུན་ཤིན་ཏུ་འཕེལ་བ་འདི་བཞིན་ལགས་སོ། གཞན་ཡང་འཕགས་ཡུལ་དུ་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་དང་༌། རིག་ལམ་སློབ་གཉེར་ཁང༌་། དང་།ཀིརྟི་བྱེས་པ་གྲྭ་ཚང༌་། དང་།གྲིབ་ཚེ་མཆོག་གླིང༌་། སྒྲོལ་མ་གླིང་༌། དགའ་ལྡན་ཆོས་གླིང་༌། འཇམ་དབྱངས་ཆོས་གླིང༌་། ཀ་སྦུག་ཁུལ་དུ་དཔལ་ལྡན་སྲད་རྒྱུད་གྲྭ་ཚང་༌། ཐར་པ་ཆོས་གླིང༌། ལ་དྭ་གས་ཁུལ་དུ་རུ་ཐོག་ལྷུན་གྲུབ་ཆོས་སྡིང༌་། དང་།ཟེ་དཀར་ཆོས་སྡེ། རྡཽ་གདན་དགའ་ལྡན་འཕེལ་རྒྱས་གླིང་༌། གུམ་ཡིད་དགའ་ཆོས་གླིང་༌། དགེ་ལྡན་བཀྲ་ཤིས་ཆོས་གླིང༌་། དང་།སྡེ་ར་ལྡུན་ལྷོ་བྲག་དགའ་ལྡན་དོན་གཉིས་གླིང༌་། དང་།བཀྲ་ཤིས་འཁྱིལ། ལྷོ་ཕྱོགས་སྟོད་སྤུ་ཧྲེང་བཤད་འཕེལ་གླིང༌་། དང་།མཐོ་ལྡིང་པདྨ་ཚལ། རྫོང་དཀར་ཆོས་སྡེ། བྷན་དྷ་ར་ཐེག་ཆེན་ཆོས་གླིང༌་། དང་།ཏྲེ་བོ་དར་རྒྱས་དགོན། ཌལ་ཧོར་བྱ་བྲལ་བསྙེན་མཚམས་རི་ཁྲོད། བལ་ཡུལ་དུ་དགའ་ལྡན་བྱམས་མགོན་གླིང་༌། དང་།དགའ་ལྡན་འཕེལ་རྒྱས་གླིང་༌། དགའ་ལྡན་ཆུ་དབར་འགྲོ་ཕན་གླིང་༌། ཤྲི་དགའ་ལྡན་དར་རྒྱས་གླིང་༌། ཤང་དགའ་ལྡན་ཆོས་འཁོར་གླིང༌་། ཀོ་སྤན་འོག་མིན་བྱང་ཆུབ་གླིང༌་། ཤེལ་དཀར་ཆོས་སྡེ་དགའ་ལྡན་ལེགས་བཤད་གླིང༌། འོད་ཆེན་ཐུགས་རྗེ་ཆོས་གླིང༌། ཤྲི་ཆུ་བཟང་བསམ་གཏན་ཡང་རྩེ་གཉའ་ནང་བཤད་སྒྲུབ་དགའ་ལྡན་འཕེལ་རྒྱལ་གླིང་༌། ཐུབ་བསྟན་བཤད་སྒྲུབ་གླིང༌་། དང་།ཀུ་ལུ་དགའ་ལྡན་ཐེག་ཆེན་ཆོས་གླིང་༌། རྭ་སྒྲེང་དགོན་པ། ཤི་ལོང་དགའ་ལྡན་བཀྲ་ཤིས་ཆོས་གླིང༌་། མན་སྤར་དྭགས་པོ་གྲྭ་ཚང་༌། ཀོ་ལེ་གྷ་དར་རྒྱས་དགོན། མདོར་ན་ད་ལྟའི་ཆར་རྒྱ་བལ་གྱི་ཡུལ་དུ་གསར་དུ་བཏབ་པ་དགེ་ལྡན་པའི་ཆོས་སྡེ་ལྔ་བཅུ་ལྷག་ཙམ་བྱུང་བ་དེ་དག་གི་ཁྲོད་ན་བཤད་སྒྲུབ་ལས་གསུམ་གྱིས་རྒྱལ་བ་གཉིས་པའི་ལུང་རྟོགས་ཀྱི་བསྟན་པ་བླ་ན་འཕེལ། ད་ལྟའི་ཆར་དགེ་ལྡན་བསྟན་པས་ཤར་ནུབ་ཀྱི་འཇིག་རྟེན་ཟླུམ་པོའི་ཁྱོན་ཀུན་ཡོངས་སུ་བརྡལ་བ་དང༌་། དང་།དེ་འཛིན་གྱི་སྐྱེས་ཆེན་མཁས་བཙུན་བཟང་གསུམ་ཡ་མ་བྲལ་བ་གནམ་གྱིས་ས་བཀབ་པ་ལྟ་བུ་དུ་མ་བྱུང་དང་འབྱུང་བཞིན་པའི་ཁྲོད་ནས་ཉི་མ་དང་ཟླ་བ་ལྟར་ཆེས་རབ་དང་ཕུལ་དུ་བྱུང་བ་ནི་རྒྱལ་བ་ཡབ་སྲས་གཉིས་ཡིན་ལ། དེ་ལ་རྒྱལ་དབང་ཐམས་ཅད་མཁྱེན་པ་ནི་སྐུ་ཡི་སྐྱེས་རབས་ཤིན་ཏུ་མང་པོ་འཕགས་བོད་གཉིས་སུ་བྱུང་ཚུལ་དཔག་མེད་བསྐལ་སྔོན་རྩ་འགྲེལ་ལྟར་ཡིན་ཞིང་༌།༣༨ སྐུ་ཕྲེང་གི་ཐ་སྙད་དངོས་སུ་བགྲང་བའི་རིམ་པ་ནི་སྐུ་ཕྲེང་དང་པོ་པཎ་ཆེན་དགེ་འདུན་གྲུབ་པ་ནས་བཅུ་བཞི་པ་ཐམས་ཅད་མཁྱེན་པ་འདུལ་འཛིན་ཆེན་པོ་ས་ཆེན་པོ་འདིའི་སྟེང་གི་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་འཛམ་གླིང་ཞི་བའི་དོད་དཔོན། སངས་རྒྱས་མི་ཡུལ་དུ་བྱོན་པ་ནས་ད་ལྟའི་བར་རྒྱན་དྲུག་མཆོག་གཉིས་དང༌་། དང་།མཁན་སློབ་ཆོས་གསུམ་ལ་མུ་དག་གསུམ་གོང་མ་རྣམ་ལྔ༌། རྗེ་ཡབ་སྲས་གསུམ་སོགས་སུ་ཀྱང་འགྲན་པ་མི་བཟོད་པའི་འཕྲིན་ཀྱི་འོད་སྣང་ཕྱོགས་བརྒྱར་འཕྲོ་བཞིན་པའི་བཀའ་དྲིན་སྟོང་གསུམ་གསེར་དུ་བསྒྱུར་ཡང་བསབ་པ་མི་ནུས་པ་འདི་བཞིན་ལགས་སོ། །པཎ་ཆེན་ཐམས་ཅད་མཁྱེན་པ་ནི་ཉན་ཐོས་རབ་འབྱོར་ནས་བཟུང་སྐྱེས་རབས་ཕྲེང་བ་ཤིན་ཏུ་མང་པོ་བྱོན་པའི་ཁྲོད་ནས་སྐུ་ཕྲེང་དངོས་སུ་བགྲང་ས། མཁས་གྲུབ་དགེ་ལེགས་དཔལ་བཟང་ནས་ད་ལྟའི་དགེ་འདུན་ཆོས་ཀྱི་ཉི་མའི་བར་སྐུ་རབས་ཕྲེང་བ་བཅུ་གཅིག་བྱོན་ནས་བསྟན་པ་སྤྱིར་དང་དགེ་བསྟན་བླ་ན་སྤེལ་བའི་རྣམ་ཐར་རིང་། དང་།མདོར་ན་རྒྱལ་བ་ཡབ་སྲས་གཉིས་ཀྱིས་དབུས་རྒྱལ་ཁབ་ཕྱི་ནང་གི་ཞྭ་སེར་རིང་ལུགས་འཆང་བའི་བླ་མ་མཁན་པོ་དང་སྤྲུལ་པའི་གང་ཟག་དགེ་བའི་བཤེས་གཉེར་དུ་མའི་འཕྲིན་ལས་ཀྱི་འོད་སྣང་འཛམ་གླིང་ཤར་ནུབ་ཀྱི་ཡུལ་གྲུ་གཞན་དང་གཞན་དུའང་ལྷམ་མེར་འཕྲོས་ནས། ཤར་གླིང་གི་རྒྱ་དཀར་ནག་སེར་དང་༌། སིང་ག་པུར། ཀོ་རི་ཡ། མ་ལ་ཤི་ཡ། རི་པིན་སོགས་དང་༌། ནུབ་ཕྱོགས་ཡོ་རོབ་ཁུལ་གྱི་དབྱིན་ལོན་དང་༌། ཕ་རེ་སི། འཇའ་མན། སུན་སི། དབྱིན་ཊ་ལི། སྦེ་འཇོལ། ཁེ་ན་ཊ། ནེ་ཐ་ལེ་ཊི། ཨ་རི་སོགས་ཀྱིས་མཚོན། ད་ལྟ་ནི་རྗེ་བླ་མའི་བསྟན་པ་རིན་པོ་ཆེ་འདི་ཉིད་འཛམ་གླིང་ཧྲིལ་པོའི་ཁྱོན་ཀུན་ཏུ་ཉི་ཟླའི་འོད་སྣང་ལྟར་གསལ་བཞིན་པ་ལགས་སོ།།དེ་ལྟར་འཇམ་མགོན་རྒྱལ་བ་གཉིས་པའི་བསྟན།།གང་ལས་ཇི་ལྟར་བྱུང་ཞིང་འཕེལ་བ་ནས།།དཀར་ནག་རྒྱ་ཧོར་བལ་བོད་ཉིང་ཧུ་སོགས།།ཤར་ཕྱོགས་འཇིག་རྟེན་གསལ་བའི་སྒྲོན་མེ་གྱུར།།དུས་འགྱུར་རླུང་རླབས་གཡོ་བའི་མཇུག་སྣེ་ནས།།བསྟན་འདིའི་མེ་ལྕེ་ནུབ་གླིང་མཆེད་དང་ལྷན།།ད་ནི་ཤར་ནུབ་འཛམ་གླིང་ཟླུམ་པོའི་ཁྱོན།།ལུགས་བཟང་འདི་ཉིད་ཉི་ཟླའི་འོད་བཞིན་འཚེར།།ཞེས་འཇམ་མགོན་རྒྱ་བ་གཉིས་པའི་རིང་ལུགས་དཔལ་མཉམ་མེད་རི་བོ་དགའ་ལྡན་པའི་ལུགས་བཟང་ཇི་ལྟར་བྱུང་ཚུལ་རགས་ཙམ་གླེང་པ་འདི་ཡང་༌། རབ་རྒྱལ་ཆུ་ཕག་༢༠༠༧ལོར་དགེ་ལྡན་བསྟན་པའི་རྩ་ལག་སེར་འབྲས་དགའ་གསུམ་གྱི་གྲྭ་ཚང་དྲུག་གི་མཁན་རིན་པོ་ཆེ་ལས་ཐོག་རྣམ་པས་མཚན་རྟགས་དང་བཅས་དེ་མེ་ཁྱི་༢༠༠༦ལོར་ཆོས་རིག་ལྷན་ཁང་གི་གོ་སྒྲིག་འོག ཆོས་ལུགས་ཚོགས་ཆེན་ཐེངས་དགུ་པའི་ཐོག་ཇི་ལྟར་ཐག་གཅོད་བྱུང་དོན་བཞིན་ཆོས་བརྒྱུད་ཆེན་པོ་ལྔའི་ལོ་རྒྱུས་རེ་ཁོངས་སོ་སོ་ནས་དགོས་དོན་བཞིན་གདན་གསུམ་མ་དགོན་རྒྱུད་ཡིག་ངག་གཉིས་ཐོག་ནས་རྩོམ་སྐུལ་བཀའ་ལུང་གི་མེ་ཏོག་སྤྱི་བོའི་རྒྱན་དུ་བཀོད་ནས། རྒྱ་བོད་གཙུག་ལག་ཤེས་བྱ་རིག་པའི་གནས་ཕལ་བོ་ཆེར་འཆད་རྩོད་རྩོམ་པའི་བློ་གྲོས་ཀྱི་སྤོབས་པ་དགེ་ཡང་ཐོས་དོན་རྒྱུད་ལ་སྦྱར་བའི་ཉམས་ལེན་གྱི་སྐལ་བས་དབུལ་བ་བེ་རི་དགེ་བཤེས་འཇིགས་མེད་དབང་རྒྱལ་བས་དང་བ་ཆེན་པོས་ལྷུར་བླངས་ཀྱང་བར་ལམ་ནས་འདུ་འཛི་གཡེངས་བས་དུས་འགྱངས་གང་འཚམས་སོང་རྗེས་ས་བྱི་ལོར་མཇུག་རྫོགས་པ་བྱས་པ་དགེ་ལེགས་འཕེལ།།

––––––––––––––––––––––––––—

[1] གྲུབ་ཆེན་ཉི་ཟླ་སངས་རྒྱས་ཀྱི་དག་སྣང་ལ། ཨོ་རྒྱན་ཆེན་པོ་དངོས་སུ་བྱོན་པར། བོད་ཡུལ་ན་བློ་བཟང་གྲགས་པ་འདི་སྐད་ཆེ། ཁོང་སེམས་གར་བསྐྱེད། ཕྱི་མ་གར་གཤེགས་ཞུས་པས། སེམས་བསྐྱེད་ཐུབ་པའི་དྲུང་དུ་བསྐྱེད།།སྐྱེ་བ་ཀུན་ཏུ་འགྲོ་དོན་མཛད།།སྨོན་ལམ་གཅིག་གི་བྱེ་བྲག་གིས།།སེམས་དཔའ་དེ་ལ་སྨད་པར་བྱེད།།ཀྱེ་མ་སེམས་ཅན་སྙིང་རེ་རྗེ།།འབྲེལ་ཚད་དོན་ལྡན་སྙིང་སྟོབས་ཅན།།སྡེ་སྣོད་འཛིན་པའི་འཁོར་གྱིས་བསྐོར།།སངས་རྒྱས་བསྟན་པ་བསྲུང་བསྐྱེད་བྱེད།།སྙིགས་མའི་དུས་སུ་ཨ་ལ་ལ།།གྲིབ་དང་གཟའ་གདོན་དག་ལ་འཛེམ།།ཚེ་ལ་བར་ཆད་ཡོང་ཉེ་བས།།གཙུག་ཏོར་རྣམ་རྒྱལ་ལ་སོགས་པའི།།བར་ཆད་བཟློག་པའི་ཆོ་གར་འབད།།བདེ་བ་ཅན་དུ་གཤེགས་རྒྱུ་ལ།།རེ་ཞིག་བྱམས་པའི་དྲུང་དུ་འགྲོ།།སེམས་དཔའ་གསེར་གྱི་མེ་ཏོག་གྲགས།།ཞེས་དང༌་། དང་།ཡང་གསང་བདག་གིས་གྲུབ་ཆེན་རང་ཉིད་ཀྱི་བུ་སློབ་ལུང་བསྟན་པ་ལས། བློ་བཟང་གྲགས་པ་འགྲན་ཟླ་ཀུན་དང་བྲལ།།ཤཱཀྱའི་རྒྱལ་པོའི་དྲུང་དུ་སེམས་མཆོག་བསྐྱེད།།ཞིང་འདིར་མདོ་དང་སྔགས་ཀྱི་གཞུང་ལུགས་སྤེལ།།འདི་ནས་འཕོས་ཏེ་དགའ་ལྡན་གནས་སུ་འགྲོ།།འཇམ་དཔལ་སྙིང་པོ་བྱམས་པའི་སྲས་མཆོག་དེ།།མྱུར་དུ་སངས་རྒྱས་དེ་བཞིན་གཤེགས་པར་འགྱུར།།ཞེས་གསུངས།[2] བཀའ་གདམས་ཕ་ཆོས་ལས། ཐ་མར་བསྟན་པའི་མེ་རོ་དག །གྲགས་པའི་མཚན་གྱིས་གསོ་བར་བྱེད།།དུ་མའི་ཕན་བདེ་སྒྲུབ་བྱེད་པའི།།དེ་ཡང་གནས་མཆོག་དམ་པ་ཡིན།། ཞེས་དང༌། མ་གཅིག་ལབ་ཀྱི་སྒྲོན་མའི་ལུང་བསྟན་དུ། ད་ལྟ་བྱང་ཆུབ་སེམས་དཔའ་སྙིང་སྟོབས་ཆེ།།སྙིགས་དུས་ལོག་སྤྱོད་བོད་དུ་བྱུང་བའི་ཚེ།།དགེ་སློང་ཚུལ་འཛིན་གྲགས་པའི་མཚན་ཐོགས་ཏེ།།གང་གི་ཞིང་དུ་སེང་གེའི་ང་རོར་གྲགས། ཞེས་དང༌་། དང་།ཆོས་རྗེ་མགོན་པཱུ་རིན་ཆེན་གྱིས་མཚོ་སྣ་ཟངས་ཡག་བྲག་ནས་བཏོན་པའི་ལུང་བྱང་ལས། འཇམ་དབྱངས་སྤྲུལ་པ་བློ་བཟང་ཞེས༔ བསྟན་པ་རྒྱས་བྱེད་ངོ་མཚར་ཅན༔ ཞེས་པ་དང༌། ཆོས་དབང་རིན་པོ་ཆེའི་གཏེར་བྱོན་ལས་ཀྱང༌། འཇམ་དབྱངས་སྤྲུལ་པ་བློ་བཟང་གྲགས་པ་ཞེས༔ བསྟན་པ་རྒྱས་བྱེད་དེ་ནི་ངོ་མཚར་ཅན༔ ཞེས་གསུངས།[3] བཀའ་ཐང་བསྡུས་པར། ཐུབ་པས་ལུང་བསྟན་མདོ་ཁམས་སྒང་ཞིག་ཏུ།།ཨ་ཏི་ཤ་ཡི་སྤྲུལ་པ་བློ་བཟང་གྲགས།།སྐྱེས་བུ་དེ་བྱོན་བོད་ལ་བདེ་སྐྱིད་འབྱུང༌།། ཞེས་དང༌། སློབ་དཔོན་པདྨའི་སྐུལ་བྱང་ལས། ཤར་ཕྱོགས་རྒྱ་ནག་ཡུལ་དང་ཉེ་བའི་ཆར།།ཤཱཀྱའི་དགེ་སློང་བློ་བཟང་ཞེས་བྱ་འབྱུང༌།།ཞེས་གསུངས།[4] ཆོས་རྗེ་དོན་གྲུབ་རིན་ཆེན་གཙང་སྣ་ཐང་གི་གདན་སར་བཞུགས་པའི་སྐབས། རང་གི་བླ་མ་སྣ་ཐང་མཁན་ཆེན་བློ་བཟང་གྲགས་པས། ཁྱེད་མདོ་ཁམས་སུ་ཕེབས་རྗེས་འཇམ་དབྱངས་ཀྱི་སྤྲུལ་པའི་སློབ་ཞིག་འབྱུང་བ་དེ་ལ་ངའི་མིང་ཐོགས་ཤིག་ཞེས་ལུང་བསྟན་པ་ལྟར་ཆོས་རྗེ་འདི་རྗེ་བདག་ཉིད་ཆེན་པོ་ལ་བློ་བཟང་གྲགས་པ་ཞེས་འདོགས་པ་ཡིན་ལ། མཚན་སྒྲ་འདི་བཞིན་འཕགས་བོད་མཁས་པ་དུ་མའི་ལུང་གིས་ཀྱང་ཟིན་སྣང་སྟེ། སློབ་དཔོན་པདྨའི་སྐུལ་བྱང་ལས། མདོ་སྔགས་བསྟན་འཛིན་བློ་བཟང་གྲགས་པ་ཞེས།།མི་རབས་བརྒྱད་དུ་མདོ་སྔགས་རྒྱས་པར་སྟོན།།ཞེས་དང༌། རཏྣའི་སྤྱི་ལུང་ཆེན་མོ་ལས། འཇམ་དབྱངས་སྤྲུལ་པ་གསང་སྔགས་བསྟན་འཛིན་པ༔ བློ་གྲོས་སྟོབས་ཅན་གྲགས་པའི་མིང་ཅན་འབྱུང་༔ཞེས་སོགས་ཤིན་ཏུ་མང༌། [5] རྗེ་བླ་མས་མཛད་པའི་རྟོགས་བརྗོད་འདུན་ལེགས་མར་མདོ་སྔགས་ཆོས་ཚུལ་མཐའ་དག་གདམས་པར་ཤར་ཚུལ་ཞིབ་བར་གསལ།།[6] འཇམ་དབྱངས་ཆོས་རྗེས་མཛད་པའི་རྗེའི་གསང་བའི་རྣམ་ཐར་དང༌། མཁས་གྲུབ་ཆོས་རྗེས་མཛད་པའི་དཔལ་ལྡན་ས་གསུམ་མ་ལས་གསལ།[7] མདོ་སྡེ་གདམས་ངག་འབོགས་པའི་རྒྱལ་པོ་ལས། ང་ཡི་གཟུགས་སྐུ་རྣམ་གཉིས་ལ།།དབུ་རྒྱན་མཆོད་པར་བྱེད་པ་འགྱུར།།ཞེས་དང༌། ཀ་ཆེམས་བཀའ་ཁོལ་མ་ལས། དེ་ནས་ཁྱད་པར་བསྙེན་བཀུར་ཆེར་མཛད་པ། །དགེ་སློང་བྱང་སེམས་ཤར་ཕྱོགས་སྐུ་འཁྲུངས་པ། །གསང་སྔགས་འཆང་ཞིང་རྣལ་འབྱོར་ཆེན་པོ་ནི། །སྙིང་པོའི་མཐའ་ཅན་སྐྱེས་ཆེན་དམ་པ་ནི། །ཞལ་ཡང་བསྒྱུར་ཞིང་བསྙེན་བཀུར་དམ་པ་མཛད། །དེ་ལ་བསྙེན་བཀུར་ཆེར་བྱེད་དེ་དག་ནི།། འཕགས་པའི་གང་ཟག་དགེ་སྦྱོང་ཤ་སྟག་གོ །ཞེས་གསུངས། རྒྱལ་པོའི་བཀའ་ཐང་ལས། དེའི་ཕྱིར་འདུས་པ་ཉི་ཤུ་རྩ་ལྔ་ལ༔ ཤཱཀྱའི་ཞིང་ཁམས་འཕྲུལ་སྣང་གཙུག་ལག་ཁང་༔ སྨོན་ལམ་དག་པས་བྱང་སེམས་གཞན་དོན་མཛད༔ འདུས་པའི་ཕྱོགས་གྱུར་འཕགས་པ་འབྱུང་བར་འགྱུར༔ ཞེས་པ་དང༌་། དང་།རྒྱལ་པོའི་བཀའ་ཆེམས་ལས། དེ་ནས་ཁྱད་པར་བསྙེན་བཀུར་ཆེར་མཛད་པ།།དགེ་སློང་བྱང་སེམས་ཤར་ཕྱོགས་སྐུ་འཁྲུངས་པ།།གསང་སྔགས་འཆང་ཞིང་རྣལ་འབྱོར་ཆེན་པོ་ནི།།སྙིང་པོའི་མཐའ་རྟེན་སྐྱེས་ཆེན་དམ་པ་ནི།།ཞལ་བཟང་བསྒྱུར་ཞིང་བསྙེན་བཀུར་དམ་པ་མཛད།།དེ་ལ་བསྙེན་བཀུར་ཆེར་བྱེད་དེ་དག་ནི།།འཕགས་པའི་གང་ཟག་དགེ་སྦྱོང་ཤ་སྟག་འབྱུང༌།།ཞེས་དང༌་། དང་།ཤར་ཕྱོགས་རྒྱ་ནག་ཡུལ་དང་ཉེ་བའི་ཆར།།ཤཱཀྱའི་དགེ་སློང་བློ་བཟང་ཞེས་བྱ་འབྱུང༌།།རྒྱལ་བའི་སྲས་པོ་གྲགས་པའི་མཐའ་ཅན་དེས།།ཤཱཀྱའི་རྒྱལ་པོ་ལོངས་སྤྱོདརྫོགས་སྐུར་བསྒྱུར།། དེ་ཕྱིར་འདུས་པ་ཉི་ཤུ་རྩ་ལྔ་པར།།ཤཱཀྱའི་ཞིང་ཁམས་འཕྲུལ་སྣང་གཙུག་ལག་ཁང༌།།སྨོན་ལམ་དག་པས་བྱང་སེམས་གཞན་དོན་མཛད།། ཅེས་གསུངས། [8] མདོ་སྡེ་གདམས་ངག་འབོགས་པའི་རྒྱལ་པོ་བསྟན་པ་དྭངས་སྙིགས་འབྱེད་པའི་ལེའུ་ལས། མ་འོངས་སྙིགས་མའི་དུས་སུ་ནི།།འབྲི་དང་ལྡན་པའི་ས་མཚམས་སུ།།དགའ་ཞེས་བྱ་བའི་དགོན་པ་འདེབས།།བློ་བཟང་ཞེས་བྱ་མིང་ཅན་འབྱུང༌།།ཞེས་དང༌། ཐང་ཡིག་ལུགས་གཅིག་ལས༔ དགའ་ལྡན་ཞེས་བྱའི་དགོན་གནས་དམ་པ་རུ༔ མཁས་པའི་མཆོག་གྱུར་མདོ་རྒྱུད་དོན་ལ་མཁས༔ རྡོ་རྗེ་འཆང་སྤྲུལ་གསང་སྔགས་བཀའ་ཡང་འབྱེད༔ འགྲོ་བའི་དེད་དཔོན་ལམ་སྟོན་ས་མཁན་ནི༔ བློ་དང་བཟང་གི་མཚན་ཅན་སྐྱེས་བུ་འབྱུང༔ གསང་མཚན་ལས་རབ་རྡོ་རྗེ་བདེ་བ་རྩལ༔ ཞེས་དང༌་། དང་།གཞན་ཡང་གཏེར་ལུང་འགའ་ཞིག་ལས། བཻ་རོ་ཙ་ནའི་སྐྱེ་བ་གཅིག༔ དབུས་ཕྱོགས་དགའ་ལྡན་ཞེས་བྱར་འབྱུང་༔ བྱང་སེམས་བློ་བཟང་ཞེས་པར་གྲགས༔ ཞེས་གསུངས།[9] རྣམ་ཐར་གསེར་གྱི་མྱུ་གུ་དང་བཻ་སེར་ཐུའུ་བཀྭན་གྲུབ་མཐའ་སོགས་སུ་སློབ་མའི་གྲངས་ཚན་རྣམ་གྲངས་མི་འདྲ་བ་མང་ཡང་དོན་ལ་འབབ་ས་གཅིག་པར་སྣང་ངོ༌།།[10] རྗེ་ཡིད་བཟང་རྩེ་བ། རྒྱལ་བ་ཀརྨ་པ་རོལ་བའི་རྡོ་རྗེའི་དངོས་སློབ་ཡིན། དེབ་ཐེར་སྔོན་པོ་རྩོམ་པ་པོ་དེ་ཡིན། རྗེ་འདིའི་རྣམ་ཐར་ཀརྨ་ཞྭ་དམར་པ་ཆོས་གྲགས་རྒྱ་མཚོས་མཛད་པ་ད་ལྟར་བོད་ནས་དཔེ་བསྐྲུན་ཞུས་འདུག [11] འགོས་ལོ་ཙཱ་བ་ཡིད་བཟང་རྩེ་བས་མཛད་པའི་རྗེའི་རྣམ་ཐར་ན་གསལ།[12] ལྷོ་བྲག་གྲུབ་ཆེན་གྱི་ལུང་བསྟན་ལས། དབང་སྐུར་རི་ཡི་འདབས་དག་ཏུ།།བཙུན་མོ་སྡིངས་ཀྱི་ངོས་ཕྱོགས་སུ།།དགེ་འདུན་དཔག་མེད་འདུ་བར་འགྱུར།།རི་ནི་གང་ཡིན་འཇམ་དཔལ་མཆེད།།མངའ་རིས་བྱང་ཁམས་ཀུན་གྱི་སྐབས།།ཕྱོགས་བཅུར་སྡེ་དགོན་རྒྱས་པར་འབྱུང༌།།ཞེས་གསུངས།[13] ལྷོ་བྲག་གྲུབ་ཆེནནམ་མཁའ་རྒྱལ་མཚན་གྱིས་གསུངས་ཚུལ་དད་པའི་འཇུག་ངོགས་སུ་གསལ། [14] འཇམ་དབྱངས་གཙང་པ་བདུན་བརྒྱུད་ནི། རྗེའི་སྲས་ཀྱི་ཐུ་བོ་དཀའ་བཅུ་བ་རྒྱལ་ཚབ་དར་མ་རིན་ཆེན། ནང་སྲས་ཀྱི་ཐུ་བོ་གཅིག་པུ་མཁས་གྲུབ་དགེ་ལེགས་དཔལ་བཟང༌་། དང་།ཞ་ལུ་བ་ལེགས་པ་རྒྱལ་མཚན། གཡག་སྡེ་བ་བློ་གྲོས་ཆོས་སྐྱོང༌། བ་སོ་ཆོས་ཀྱི་རྒྱལ་མཚན། རྗེ་བློ་གྲོས་བསྟན་པ། རྗེ་སྨོན་ལམ་པ་ལེགས་པའི་བློ་གྲོས་བཅས་ཡིན[15] སློབ་དཔོན་པདྨའི་སྐུལ་བྱང་ལས། མདོ་སྔགས་བསྟན་འཛིན་བློ་བཟང་གྲགས་པ་ཞེས།།མི་རབས་བརྒྱད་དུ་མདོ་སྔགས་རྒྱས་པར་སྟོན།།ཞེས་རྗེ་བླ་མ་དང་དེའི་དངོས་སློབ་བདུན་བསྣན་པའི་བརྒྱད་ཀ་ལུང་སྟོན་པ་གནང་འདུག[16] དགའ་ལྡན་ཁྲི་རབས་ཡོངས་འདུའི་ལྗོན་བཟང༌། འབྲས་སྤུངས་ཁྲི་པ་དགེ་བཤེས་བསྟན་པ་བསྟན་འཛིན་གྱིས་མཛད་པཁྲི་ཐོག་གོ་བདུན་པའི་བར་ཡོད། ཕྲན་བེ་རི་འཇིགས་མེད་ཀྱིས་བརྩམས་པའི་དགའ་ལྡན་ཁྲི་རབས་རིམ་བྱུང་གི་རྣམ་ཐར་ཛམྦུའི་གསེར་གྱི་ཕྲེང་བ། ཁྲི་ཐོག་བརྒྱ་དང་གཅིག་གི་བར་ཆ་ཚང་ཡོད།[17] དཔལ་ལྡན་པ་དང་ཡར་འབྲོག་པ་གཉིས་ཐོས་བསམ་དང་ནོར་གླིང་གཉིས་ཀྱི་མིང་གི་རྣམ་གྲངས་ཀྱང་ཡིན་སྲིད་པ་སྙམ།[18] བྱང་རྩེའི་མཁན་རབས་སྐབས་ངེས་པར་དུ་ཤེས་དགོས་པ་ཞིག་ནི་སྡེ་སྲིད་ཀྱི་བཻ་སེར་དུ་བཀོད་པའི། ཧོར་སྟོན་ནམ་མཁའ་དཔལ་གྱི་རྗེས་སུ་དྭགས་པོ་ཀུན་དགའ་བཀྲིས་ནས་རིམ་པ་བཞིན་ད་ལྟའི་སྒོ་མང་བླ་ཟུར་དོན་འགྲུབ་རྒྱ་མཚོའི་སྐབས་སོ།།ཞེས་པའི་བར་བླ་རབས་ཉེར་དགུ་བཀོད་ཡོད་པ་དེ་དག་བྱང་རྩེ་ཆོས་རྗེའི་ཁྲི་རབས་བཀོད་པ་ཡིན་གྱི་བྱང་རྩེ་མཁན་རབས་མིན་པ་དེ་ཤེས་དགོས། བཻ་སེར་བརྩམས་པའི་ལོ་ནི་རབ་བྱུང་བཅུ་གཉིས་པའི་ས་སྟག་༡༦༩༨ལོ་ཡིན་ཞིང༌་། སྐབས་དེར་འབྲས་སྤུངས་སྒོ་མང་མཁན་ཟུར་ཡོངས་འཛིན་གླིང་སྤྲུལ་སྐུ་ཕྲེང་དང་པོ་ཧོར་དོན་འགྲུབ་རྒྱ་མཚོ་བྱང་རྩེ་ཆོས་རྗེའི་ཁྲིར་ཞབས་སོར་འཁོད་པའི་སྐབས་ཡིན་གྱི། གཞན་དུ་རྗེ་དེ་ཉིད་བྱང་རྩེ་མཁན་ཁྲིར་ཕེབས་པའི་ལོ་རྒྱུས་མ་གྲགས་པས་མཚོན། བླ་རབས་སྔ་མ་ཚོའི་ནང་ནས་ཀྱང་ཉུང་ཤས་མ་གཏོགས་མཁན་ཁྲིར་ཕེབས་མྱོང་མེད་པ་དེ་ཤེས་དགོས།[19] རྒྱས་པ་ནི། འབྲས་སྤུངས་ཁྲི་པ་བསྟན་པ་བསྟན་འཛིན་གྱིས་མཛད་པའི་བཀྲ་ཤིས་སྒོ་མང་གྲྭ་ཚང་གི་ཆོས་འབྱུང་ཆོས་དུང་གཡས་སུ་འཁྱིལ་བའི་སྒྲ་དབྱངས་ལ་གཟིགས་དགོས།[20] རྒྱས་པ་ནི་ཕྲན་གྱིས་བྲིས་པའི་འཕགས་བོད་ཆོས་འབྱུང་འཛམ་བུའི་གསེར་གྱི་འཁྲི་ཤིང་པོད་གཉིས་པར་གཟིགས་དགོས།[21]རྒྱས་པ་ནི། འབྲོང་རྩེ་བྱམས་པ་ཐུབ་བསྟན་གྱིས་མཛད་པའི་སེར་ར་ཆོས་འབྱུང་ལ་གཟིགས་དགོས།[22] རྒྱས་པ་ནི། སེར་སྨད་ཡེ་ཤེས་དབང་ཕྱུག་གིས་མཛད་པའི་སེར་སྨད་ཆོས་འབྱུང་ལ་གཟིགས་དགོས།[23] པཎ་ཆེན་ཡེ་ཤེས་རྩེ་མོས་མཛད་པའི་རྗེ་དགེ་འདུན་གྲུབ་ཀྱིས་རྣམ་ཐར་ལ་གཟིགས་དགོས།



གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
gd5j བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
46529306
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1