མདོ་ཁམས་འཇང་དགུན་ཆོས་འཚོགས་ཆེན་མོ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 4 ཚེས 29 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» བོད་ནང་གསར་འགྱུར། »མདོ་ཁམས་འཇང་དགུན་ཆོས་འཚོགས་ཆེན་མོ།
མདོ་ཁམས་འཇང་དགུན་ཆོས་འཚོགས་ཆེན་མོ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2015/7/17ལྟ་ཀློག (6772)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

མདོ་ཁམས་འཇང་དགུན་ཆོས་གཙུག་ལག་སློབ་གཉེར་ཁང་།

     སྤྱི་ལོ ༢༠༡༥ ལོའི་ཟླ་༧པའི་ཚེས་༡༦ ཉིན་མདོ་ཁམས་འཇང་དགུན་ཆོས་གཙུག་ལག་སློབ་གཉེར་ཁང་གི་ཁོངས་གཏོགས་དགོན་ཁག་ལྔ་བཅུ་ལྷག་དང་འབྲེལ་ཡོད་བླ་སློབ་སུམ་སྟོང་ལྷག་གདན་འཛོམས་པའི་དབུས་སུ་མདོ་ཁམས་འཇང་དགུན་ཆོས་གཙུག་ལག་སློབ་གཉེར་ཁང་གི་ཚོགས་གཙོ་སེར་བྱིས་ལྷ་རམས་པ་དགེ་བཤེས་འཇམ་དཔལ་བློ་ཤེས་མཆོག་གིས་བཀའ་སློབ་ཟབ་རྒྱས་གནང་བར་མ་ཟད། བསྟན་བཅོས་ཚད་མ་རྣམ་འགྲེལ་གྱི་རྩོད་རྒྱུགས་ལེགས་འཕྲོད་ཀྱི་མཛད་སྒོ་དང་།  ཚད་མ་རྣམ་འགྲེལ་གྱི་གཞུང་ལུགས་རབ་འབྱམས་ལ་འཆད་རྩོད་རྩོམ་གསུམ་གྱི་རྒྱུགས་སྤྲོད་ལེགས་འཕྲོད་སྐོར་གྱི་མཛད་སྒོ་གཉིས་དུས་གཅིག་ཏུ་སྤེལ།

      དེ་ཡང་རྒྱུགས་ཀྱི་གཞུང་ཚན།   ཚད་མ་རྣམ་འགྲེལ་རྩ་བ་དང་།   རྣམ་འགྲེལ་ཐར་ལམ་གསལ་བྱེད་ལེའུ་དང་བོ་གཉིས།   རྒྱུགས་ཀྱི་མཚན།  འཆད་རྒྱུགས།   རྩོད་རྒྱུགས།  བྲིས་རྒྱུགས་དང་བོ། བྲིས་རྒྱུགས་གཉིས་པ། བློ་རྒྱུགས་བཅས་ལྔ་ཡོད། རྒྱུགས་འབྲས།
ཨང་རིམ་དང་བོའི་གྲས།
     སྟོང་སྐོར་དགོན་བློ་བཟང་རབ་འབྱོར། སེར་ཤུལ་དགོན་འཇིགས་མེད་བསམ་འགྲུབ། ཇོ་བོ་དགོན་ཡོད་པ། འབུམ་རྙིང་དགོན་བསོད་འཕེལ། སེར་ཤུལ་དགོན་བསོད་ནམས་ཚེ་རིང་། འབུམ་རྙིང་དགོན་འཕྲིན་ལས་རྒྱ་མཚོ། སེར་ཤུལ་དགོན་ཐུབ་རྡོ། སེར་ཤུལ་དགོན་མཁས་གྲུབ། བ་རོང་དགོན་ཐུབ་བསྟན་བསོད་ནམས། སེར་ཤུལ་དགོན་ཀརྨ་ངེས་དོན། བཟང་མགོ་དགོན་ཤེས་རབ་མགོན་པོ། དབོན་པོ་དགོན་ཕུར་ལྡན། བ་རོང་དགོན་ཐུབ་བསྟན་སྐལ་བཟང་། མང་དགེ་དགོན་རྣམ་རྒྱལ་ཚེ་རིང་། སྟོང་སྐོར་དགོན་བློ་བཟང་སྦྱིན་པ། སེར་ཤུལ་དགོན་བློ་བཟང་རྣམ་རྒྱལ། ཇོ་བོ་དགོན་བསོད་དགའ། དབོན་པོ་དགོན་ཆོས་པ། སེར་ཤུལ་དགོན་ཆོས་འབྱོར་རྒྱ་མཚོ། ལབ་དགོན་རྡོ་རྗེ་དབང་རྒྱལ། སྟོང་སྐོར་དགོན་བློ་བཟང་ཆོས་འཕེལ། འབའ་དྷ་དགོན་ཐབས་མཁས། གླིང་ཡག་དགོན་བསྟན་འཛིན་བློ་བཟང་། སེར་ཤུལ་དགོན་ངག་དབང་ཡེ་ཤེས། ཟིལ་དཀར་དགོན་ཚུལ་ཁྲིམས་བློ་བཟང་། བ་རོང་དགོན་ངག་ཚེ། སེར་ཤུལ་དགོན་དགེ་ལེགས་རྒྱ་མཚོ། སྟོང་སྐོང་དགོན་བློ་བཟང་ཉི་མ། ཀ སེར་ཤུལ་དགོན་སྐལ་བཟང་།
ཨང་རིམ་གཉིས་པའི་གྲས།
       སེར་ཤུལ་དགོན་འཇིགས་མེད་རྡོ་རྗེ། ཨ་མཆོག་དགོན་ཀླུ་སྒྲུབ་ཆོས་འཕེལ། སྟོང་སྐོར་དགོན་བློ་བཟང་ཉི་མ། ཟིལ་དཀར་དགོན་ཚུལ་ཆོས། སེར་ཤུལ་དགོན་ཉི་མ་ཚེ་རིང་ཆུང་བ། སེར་ཤུལ་དགོན་ཚེ་རིང་དར་རྒྱས། ཇོ་བོ་དགོན་རྒྱ་མཚོ། སེར་ཤུལ་དགོན་ཆོས་དབྱིངས་ཀུན་དགའ། ལབ་དགོན་ཀརྨ་ལྷག་བསམ། ལབ་དགོན་བློ་བཟང་དར་རྒྱས། ཇོ་བོ་དགོན་བཟང་བོ། སེར་ཤུལ་དགོན་ཆོས་དབྱིངས་ཉི་ཟླ། ཤུལ་མ་དགོན་མ་སྐྱབས། སེར་ཤུལ་དགོན་མན་སྡིས། སེར་ཤུལ་དགོན་ཚུལ་ཁྲིམས་རབ་རྒྱས། ཤུལ་མ་དགོན་ཐུབ་བསྟན་སྐལ་བཟང་། སེར་ཤུལ་དགོན་སྤུན་སྡིས། ཟིལ་དཀར་དགོན་བློ་བཟང་སྨོན་ལམ། སེར་ཤུལ་དགོན་གནམ་སྲས། ཤུལ་མ་དགོན་བློ་ཆོས་སྐྱབས། སེར་ཤུལ་དགོན་དཀོན་མཆོག་ལྷ་དར། སེར་ཤུལ་དགོན་མཆོག་འགྲུབ། འབྲོམ་བུ་དགོན་བསོད་ནམས་དོན་ཡོད། སེར་ཤུལ་དགོན་བློ་སྦྱིན། ཟིལ་དཀར་དགོན་ཐོགས་མེད་རང་ཤར། ཟིལ་དཀར་དགོན་བློ་སྙིང་རྗེ། སེར་ཤུལ་དགོན་བསྟན་ཟླ། སེར་ཤུལ་དགོན་བློ་ཚུལ། སེར་ཤུལ་དགོན་བློ་ཡར། སེར་ཤུལ་དགོན་ཉི་མ་ཚེ་རིང་ཆེ་བ། སེར་ཤུལ་དགོན་བློ་བཟང་གྲགས་པ། སེར་ཤུལ་དགོན་བསོད་ནམས་ཕུན་ཚོགས། སེར་ཤུལ་དགོན་བྷ་གཅེས། སེར་ཤུལ་དགོན་དབང་རྒྱལ། ཟིལ་དཀར་དགོན་རིན་ཆེན། ཤུལ་མ་དགོན་ལྷ་སྐྱབས། ཤུལ་མ་དགོན་བློ་ཆོས། སེར་ཤུལ་དགོན་ཚེ་རིང་ཆོས་དར། ཟིལ་དཀར་དགོན་ཐུབ་བསྟན་རབ་རྒྱས། སེར་ཤུལ་དགོན་ངག་དབང་རོལ་གྲོལ། སེར་ཤུལ་དགོན་རྣམ་གྲོལ་དཔག་ཡས། སེར་ཤུལ་དགོན་ངག་དབང་བཟོད་པ། ཤུལ་མ་དགོན་ཤེས་རབ་རྒྱ་མཚོ། སེར་ཤུལ་དགོན་བསོ་རབ། སེར་ཤུལ་དགོན་ཚེ་རིང་། ཤུལ་མ་དགོན་བློ་རྒྱམ། སེར་ཤུལ་དགོན་ཚེ་བསམ།
ད་རུང་། རྒྱུགས་ཚད་མ་ལོན་པ་འགའ་ཤས་ཡོད་ཀྱང་མིང་མི་གསལ།
      རེབ་གོང་རྟོག་གྲོལ་ཡོན་ཏན་མཆོག་གིས། མདོ་ཁམས་འཇང་དགུན་ཆོས་གཙུག་ལག་སློབ་གཉེར་ཁང་གི་ཚོགས་གཙོ་མཆོག་གིས་བཀོད་བསྒྲིགས་གནང་བ་ལྟར་རྒྱུགས་ཞིབ་ལྷན་ཚོགས་ཀྱིས་གཙོ་བསྒྲུབས་གནང་ཡོད་པ་ལ་བཀའ་དྲིན་ཆེ་ཞུ་བ་སོགས་གསུང་བཤད་རྒྱས་པ་གནང་།
ཚོགས་གཙོ་གཞོན་པ་སེར་བྱིས་ལྷ་རམས་པ་དགེ་བཤེས་བསོད་ནམས་བློ་བཟང་མཆོག་གིས་བཀའ་སློབ་གནང་ཞིང་དགའ་སྤྲོ་དང་བཅས་མཇུག་བསྡུས་སོ།།


ཁམས་ཀྱི་གསར་འགོད་པ་བློ་སྦྱིན་གྱིས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 2 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
20r6 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: བློ་བཟང་། སྤེལ་དུས:2015/8/3
དཀའ་བའི་བྲག་དང་མ་ཐུག་ན།། བདེ་བའི་སྤང་ལ་སླེབས་མི་ཐུབ།།
 སྤེལ་མཁན: རྒྱང་མིག་གསོན་པོ། སྤེལ་དུས:2015/7/18
བསྟན་པའི་དཔལ་གྱུར་བླ་མའི་ཞབས་པད་བརྟན།། བསྟན་འཛིན་སྐྱེས་བུས་ས་སྟེང་ཡོངས་ལ་ཁྱབ།། བསྟན་པའི་སྦྱིན་བདག་མངའ་ཐང་འབྱོར་བ་རྒྱས།། བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
48398975
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1