༈ ལྷ་ཚོགས་ཚང་གིས"མཐོང་གྲོལ་རང་ལུགས"ཞེས་པའི་བསྒྲགས་གཏམ་སྤེལ་བ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 4 ཚེས 30 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» བོད་ནང་གསར་འགྱུར། »༈ ལྷ་ཚོགས་ཚང་གིས"མཐོང་གྲོལ་རང་ལུགས"ཞེས་པའི་བསྒྲགས་གཏམ་སྤེལ་བ
༈ ལྷ་ཚོགས་ཚང་གིས"མཐོང་གྲོལ་རང་ལུགས"ཞེས་པའི་བསྒྲགས་གཏམ་སྤེལ་བ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2015/8/8ལྟ་ཀློག (4281)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༈ ལྷ་ཚོགས་ཚང་གིས"མཐོང་གྲོལ་རང་ལུགས"ཞེས་པའི་བསྒྲགས་གཏམ་སྤེལ་བ།


མདོ་འཛིན་པ།

མདོ་འཛིན་པ་མགོ་ལོག་ཆུ་ཐིགས་ཀྱིས་ཚང་མར་དགའ་བས་བསུ་བ་དང་ལྷན་དུ་ཉིན་དེའི་བྱ་འགུལ་གྱི་གོ་རིམ་མཐའ་དག་གསལ་བཤད་བྱས་ཏེ་རང་ཚོགས་པ་མཚམས་སྦྱོར་བྱས། དེ་ནས་རིམ་བཞིན་གཏམ་བཤད་པ་དག་འཆད་སྟེགས་སུ་བསུས།

ཚོགས་པའི་མཚམས་སྦྱོར།

 

༡ ངེད་ལྷ་ཚོགས་ཚང་ནི་དུས་རབས་ཉི་ཤུ་བའི་ལོ་རབས་དགུ་བཅུའི་རྗེས་ཀྱི་ན་གཞོན་ཡིག་འབྲི་བ་འགའ་ཞིག་ཇ་ཁང་ཆང་ཁང་ནས་ཐུག་པ་ཙམ་མ་ཡིན་པར་དགའ་ཁ་འཁྱེར་ཕྱོགས་ཙམ་མ་ཡིན་པར་རང་རང་གི་དགའ་ཕྱོགས་དང་མོས་ཕྱོགས་ཀྱིས་ཁྲིད་དེ་སྙན་ངག་གི་དཔུང་སྡེ་གསར་བ་ཞིག་མ་བསྒྲིགས་རང་འགྲིགས་ཀྱི་ཚུལ་དུ་གྲུབ་ཡོད་ལ།

 

༢ དེ་ཡང་སྤྱིར་ཚོགས་པའི་གྲིབ་གཟུགས་ཙམ་ལས་བྱ་བ་ལས་ཀ་གང་ཡང་གྲུབ་དང་སྒྲུབ་བཞིན་མེད་པའི་ཁ་ཆེན་ལག་སྟོང་གི་རིགས་དེ་མ་ཡིན་པར་རང་རང་གི་ན་ཚོད་དང་གནས་བབས་ལ་འཚམས་པའི་བྱ་བའང་རབ་དང་རིམ་པ་སྒྲུབ་བཞིན་པ་ཡིན་ལ་བསྒྲུབ་རྩིས་ཀྱང་ཡོད།

 

༣ བྱ་བ་སྒྲུབ་སྟངས་ཀྱི་རིམ་པ་ཡང་རབ་ན་ལོ་རེ་ལ་ལོ་དེབ་ཚད་ལྡན་རེ་མ་ཟད་ད་དུང་ཚགས་པར་སོགས་ཀྱང་དཔར་སྐྲུན་བྱས་ཏེ་ནུས་ཚོད་འབྱོར་ཚོད་ཀྱིས་སྤྱི་ཚོགས་ལ་ཁྱབ་རྒྱ་ཇེ་ཆེ་རུ་བཏང་ནས་སྤེལ་རྩིས་ཡོད།


གཏམ་བཤད་པ།

མྱི་གསར་བ།

སྙན་ངག་གི་བྱུང་རབས་མདོ་ཙམ་གླེང་ཚེ་དུས་རབས་བཅུ་གསུམ་པའི་ནང་ནས་སྙན་ངག་མེ་ལོང་མ་བོད་དུ་འགྱུར་བ་དང་དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུ་པའི་མཇུག་ནས་རང་གྲོལ་སོགས་ཀྱི་དེང་རབས་རང་ལུགས་ཀྱི་སྙན་ངག་ཅེས་པ་འདི་བོད་ཆེན་པོའི་འཁོར་ཡུག་འདི་ལ་ཤིང་རྟའི་སྲོལ་འབྱེད་བྱས་པ་རེད་མོད། གནའ་རབས་དང་དེང་རབས་གང་ཡིན་ཡང་རང་མི་རིགས་ཀྱི་རྣམ་དཔྱོད་ཀྱི་རྩལ་དང་ཤེས་རབ་ཀྱི་སྟོབས་ཀྱིས་རྙེད་ཡོང་བའི་རིག་གནས་ཤིག་མ་ཡིན་པར་རྒྱ་གར་ཤར་ལྷོ་དང་དེ་མིན་ནུབ་ཕྱོགས་ནས་རྒྱ་ནག་ལ་དར་ཞིང་རྒྱ་ནག་ནས་བོད་ལ་ཤན་ཞུགས་ཐེབ་པའི་སྙན་ངག་འབྲི་སྟངས་དེ་ཀ་ཙམ་གྱིས་དུས་རབས་འདི་ཀའི་ན་གཞོན་སྤོབས་པ་ཅན་སྙིང་སྟོབས་ཅན་རུས་པ་ཅན་ང་རྒྱལ་ཅན་དག་གི་ཡིད་ཚིམ་པར་ཧ་ཅང་དཀའ་བས་སྙན་ངག་ལ་བློ་དཀར་ཞིང་མི་རིགས་ལ་ཤ་ཚ་བའི་དབང་གིས་ངེད"ལྷ་ཚོགས"ཚང་གིས་བློ་སེམས་ཤིང་བཞིན་དུ་གནས་ཤིང་དམ་ཚིག་ཕ་བོང་བཞིན་དུ་བརྟན་པོའི་ངང་རེ་བ་དང་ཡིད་ཆེས་མཐོ་ས་ལ་བཅིངས་ཞིང་ལག་ལེན་དང་གོམ་སྟབས་དམའ་ས་ནས་མགོ་རྩོམ་རྒྱུ་བྱས་པས"མཐོང་གྲོལ་རིང་ལུགས"ཞེས་པའི་སྙན་ངག་གི་གྲུབ་མཐའ་ཞིག་གཟུགས་པའི་ཕྱོགས་ལ་འབད་པ་མི་འདྲ་བ་ཞིག་རྒྱག་རྒྱུ་ཡིན། ཕྱི་གླིང་ནས་ཤན་ཞུགས་ཐེབ་ཡོད་པའམ་ཕྱི་གླིང་བར་ལད་ཟློས་བྱས་ཡོད་པའི་སྙན་ངག་དེ་དག་གིས་ནི་ང་ཚོའི་ཡིད་མི་ཚིམ་པར་མ་ཟད་དེ་དག་ནི་མཐོང་བ་ཙམ་གྱིས་གྲོལ་བ་དང་ཐོས་པ་ཙམ་གྱིས་གྲོལ་འགྲོ་བ་ཞིག་ཡེ་ནས་མིན་ལ་འོ་ན་ཁྱོད་ཚོས་བྲིས་ཤིང་ཁྱོད་ཚོས་གྱེར་བ་དག་ཀྱང་དེ་ལས་མ་འདས་སོ་སྙམ་ན་དེ་ལ་ས་ཟེར་ཞིང་དེ་ལ་ལམ་ཟེར་བ་ཤེས་དགོས། མཐོང་གྲོལ་རང་ལུགས་སམ་སྙན་ངག་གི་གྲུབ་མཐའ་དེའང་མི་རིགས་ཀྱི་མིང་སྟེང་ནས་མི་རིགས་ཀྱི་ཁྱད་ཆོས་མངའ་ཞིང་མི་རིགས་ཀྱི་ཁྱད་གཤིས་འཛོམས་པ་ཞིག་གཟུགས་རྒྱུ་ཡིན་ཞིང་། བོད་ཕྱི་རབས་པའི་ཡིག་འབྲི་བ་དང་སྙན་ངག་པ་དག་གིས་ང་ཚོའི་སྙན་ངག་གི་གྲུབ་མཐའ་འདིའི་ཁྱད་ཆོས་དང་བྲོ་བ་རྙེད་ཐུབ་ཅིང་སྙན་ངག་འདིའི་འབྲི་སྟངས་སམ་སྒྱུ་རྩལ་ལ་ཁྱད་ཆོས་ཀྱིས་ཡིད་ཚིམ་ཞིང་མཐོང་བ་ཙམ་གྱིས་གྲོལ་བའི་ཡིད་ཆེས་ཡོད། སྤོབས་པ་ཡོད། ཆོད་སེམས་ཀྱང་ཡོད།

མདོར་ན།

དགའ་སྐྱོ་ཆགས་སྡང་གི་ཚོར་བ་ཙམ་འབྲི་བ་ནི་སྙན་ངག་འབྲི་བ་མ་རེད།

ང་རང་ཚོ་སྙན་ངག་ལ་བློ་དཀར་བས་སྙན་ངག་གི་ཆེད་དུ་འཆི་ཐུབ་བྱ་རྒྱུ་ཡིན།

ང་ཚོ་ཕྱི་ཕྱོགས་ནས་ཤན་ཞུགས་ཐེབས་ཡོང་བའི་སྙན་ངག་འདི་ཀས་ཡིད་མི་ཚིམ་ཞིང་གྲོལ་མི་འགྲོ་བས"མཐོང་གྲོལ་རང་ལུགས"ཞེས་པའི་གྲུབ་མཐའ་ཞིག་གཟུགས་དགོས་བྱུང་།

དྲི་བ།

     ཁྱོད་ཚོས"མཐོང་གྲོལ་རང་ལུགས"ཞེས་པའི་གནའ་དེང་གང་གིས་ཀྱང་ཤན་ཞུགས་མ་ཐེབ་པའི་སྙན་ངག་གི་གྲུབ་མཐའ་ཞིག་གཟུགས་པའམ་ཡང་ན་བོད་རང་གི་ཁྱད་ཆོས་ལྡན་པའི་འབྲི་ཚུལ་གཞན་ཞིག་འབྲི་བ་ལ་གནའ་དེང་གང་ལ་མ་བསྟེན་པར་ཅི་ལྟར་འབད་པ་རྒྱག་རྒྱུ་ཡིན།

ལན།

    ང་ཚོས"མཐོང་གྲོལ་རང་ལུགས"ཞེས་པའི་གྲུབ་མཐའ་འམ་རང་ལུགས་ཤིག་གཟུགས་པའི་སྤོབས་པ་ཡོད་པ་དེའང་དེ་རིང་ང་ཚོའི་གྲུབ་མཐའ་དང་རང་ལུགས་ཀྱི་ཚབ་མཚོན་སྙན་ངག་རེ་ཀློག་པ་པོ་ཚོར་སྟོན་རྒྱུ་ཡོད་པའི་རྒྱུ་མཚན་མ་ཡིན་པར་འབད་བརྩོན་དང་སྡུག་རུས་ཀྱི་ངང་མ་འོངས་པར་ཁྱོད་ཚོ་ཁོ་ཐག་དང་རེ་བ་ཆད་དུ་མི་འཇུག་པའི་དམ་བཅའ་བརྟན་པོ་ཡོད་ཅེས་ལབ་པ་ཡིན། ཡང་གཅིག་བཤད་ན་ང་ཚོས་གྲུབ་མཐའ་དེ་ཕྱི་གླེང་བར་ཤན་ཞུགས་ཐེབས་པ་དང་ལད་འབྲི་བྱས་པ་ཙམ་མ་ཡིན་པར་མི་རིགས་ཀྱི་རང་རྐྱ་ཐུབ་པའི་གྲུབ་མཐའ་ཞིག་གཟུགས་རྒྱུ་ཟེར་གྱིན་ཡོད་པ་ལས་གནའ་དེང་གང་ལ་ཡང་མ་བསྟེན་པའི་ངང་གྲུབ་མཐའ་ཞིག་གཟུགས་རྒྱུ་ཟེར་གྱིན་མེད་ལ།གལ་ཏེ།དེ་ལྟར་ཡིན་ན་ང་ཚོས་འདས་ཟིན་པའི་ནང་ལ་འབྲི་ཁུལ་བྱས་པའི་སྙན་ངག་དག་གནའ་དེང་གི་ཤན་ཞུགས་ཐེབས་པ་ཁོ་ན་ཡིན་པས་ང་ཚོར་མ་འོངས་པ་ཟེར་བའི་རང་རྐྱ་ཐུབ་པའི་གྲུབ་མཐའ་ཞིག་གམ་རང་ལུགས་ཤིག་མེད་དགོས་པ་ག་ལ་ཡིན་གཏན་ནས་མིན་ནོ།།

གཏམ་བཤད་པ།

གཡུ་རྔོག་ལུང་རྟོགས།

ཐལ་མོ་རྡེབ་སྒྲའི་ཁྲོད་འཆད་སྟེགས་སུ་ཕེབས་ཏེ་འཚམས་འདྲི་ཞུས།

རྩོམ་རིག་ལ་གསར་རྙིང་གཉིས་ཡོད་པ་ལས་གསར་བའི་སྐོར་ནས་གླེང་ན། དེ་དང་ཐོག་ནུབ་ཕྱོགས་ནས་དར་བ་རེད། དེ་ནས་བཟུང་བོད་ཀྱི་ཤེས་ཡོན་པ་དོན་གྲུབ་རྒྱལ་སོགས་ཀྱིས་ཤུགས་བརྒྱབས་ཏེ་རྩ་བ་རྒྱས་ཤིང་རྩེ་མོ་འབུས་པ་རེད།

ཡིན་ཡང་དེ་སྐབས་དགོན་པའི་ཁྲོད་དུ་སྙན་ངག་གསར་བའི་རྩ་བ་རྒྱས་ཤིང་རྩེ་མོ་འབུས་པ་འེ་རེད་ཟེར་ན་མ་རེད།

ང་ལ་རེ་བ་ཞིག་ཡོད་པ་ནི། ང་ཚོས་སྙན་ངག་གླེང་བ་ལས་རྩོམ་རིག་གླེང་གི་མེད་ཁུ་རྗེས་སུ་རྩོམ་རིག་སྐོར་ནས་ཁ་བརྡ་བག་དྲོ་བ་རེ་བྱེད་ཐུབ་པར་སྨོན། ང་ཚོའི་བོད་ནང་དུ་སྒྲུང་རྩོམ་འབྲི་མཁན་ཧ་ཅང་ཉུང་བས་རྗེས་སུ་མོས་པ་དང་དགའ་ཕྱོགས་ཡོད་མཁན་དག་གིས་སྒྲུང་རྩོམ་རེ་བྲི་ཐུབ་པའི་རེ་བ་ཡོད།

མདོར་དྲིལ་ན།

སྙན་ངག་ཚོར་བ་རྐྱང་རྐྱང་ཙམ་གྱིས་མི་འོང་པས་ཤེས་རབ་ཀྱི་གྲོགས་བྱེད་རྒྱུ་ཧ་ཅང་གལ་ཆེན་རེད་སྙམ།

 

དྲི་བ།

 

གྲྭ་པའི་སྡེ་ན་སྒྲུང་རྩོམ་འབྲི་མཁན་མེད་པ་རྒྱུ་མཚན་གང་ལ་ཐུག་ཡོད།

 

 

ལན།

 

ཕལ་ཆེར་ངས་བལྟས་ན་ལེ་ལོས་དབང་དུ་སོང་ནས་འབྲི་མ་ཐུབ་པ་ཡིན་པར་བསམ།

 

སྙན་ངག་དེང་རབས་དང་སྲོལ་རྒྱུན་གཉིས་ཀྱི་ཁྱད་པར་གང་རེད།

 

སྲོལ་རྒྱུན་སྙན་ངག་ཡིན་ན་ཡུལ་གཙོ་བོ་བྱས་པ་རེད།

 

དེང་རབས་སྙན་ངག་ཡིན་ན་ཡུལ་ཅན་གཙོ་བོ་བྱས་པ་རེད་བསམ།

 

 

 

 

གཏམ་བཤད་པ།

 

 

བོད་ལྕེ།

 

སྙན་ངག་གྱེར་འདོན་ཟེར་བ་ནི་ཚོར་བ་དེ་དབྱངས་ཀྱི་ངོས་ནས་གྱེར་ཡ་དེ་སྙན་ངག་གྱེར་འདོན་ཟེར།

 

ཕུལ་དུ་བྱུང་བའི་སྙན་ངག་ཞིག་བྲི་དགོས་ན་གྱེར་འདོན་དང་ཁོ་གཉིས་ཧ་ཅང་འབྲེལ་ཆེ།

 

ཕྱི་ནང་གི་སྙན་ངག་གྱེར་འདོན་པ་ཕུལ་བྱུང་མང་པོ་ཡོད་པ་རེད

 

བོད་ལ་མཚོན་ལ་དམངས་སྲོལ་གྱི་རིག་གནས་ཤིག་གོ།

 

གནས་བབས་ཀྱི་གྱེར་འདོན་ཉག་ཕྲ་མོད གཞོན་ནུ་ཚོ་ནས་མགོ་རྩོམ་དགོས་པ་ཞིག་གོ།

 

 

དྲི་བ།

 

སྙན་ངག་ཚད་ལྡན་སྦྱོང་བ་ལ་ཚད་ག་འདྲ་དགོས།

 

 

ལན།

 

སྙན་ངག་ཡིན་པ་མི་སྲིད་པའི་ཤེས་བྱ་ཡོད་དམ།

 

མཚན་ཉིད་དམ་ངོ་བོ་ནི་ཨེ་ཡན་སུ་ཐན་གྱིས་བཞག་མ་ཤེས་ན་ཁོས་ར་ལྟ་ཅི་སྨོས།

 

 

དྲི་བ།

 

སྙན་ངག་འབྲི་བ་པོས་སྙན་ངག་མཐའ་གཅིག་ཏུ་གྱེར་འདོན་བྱེད་དགོས་སམ།

 

 

ལན།

 

ཟ་མའི་ནང་དུ་ཚ་སྣུམ་གཉིས་དགོས་པ་ལྟར་སྙན་ངག་བྲིས་ནས་གྱེར་ན་ཡག་ཐོག་ལ་ཡག་རེད།

 

 

 

 

གཏམ་བཤད་པ།

 

 

རས་གཟན་དམར་པོ།

 

ཁོའི་བྲིས་པ་སྙན་ངག་མ་ཡིན་ཟེར་སོང་མོད

 

ཡིན་ནའང་ང་ཚོའི་བཅད་གསར་ཞེས་པ་དེ་བོད་ལ་མཚོན་ན་སྲོང་བཙན་སྒམ་པོའི་སྐབས་ཤིག་ནས་དམངས་ཁྲོད་དུ་དར་བ་རེད།

 

 

དྲི་བ།

 

སྙན་ངག་རོལ་མཁན་ལ་སྒྱུ་རྩལ་གྱི་རོལ་ཉམས་མེད་པས་སྙན་ངག་གི་ལམ་དུ་འགྲོ་ཐུབ་ཀི་མེད་པར་འདྲ།

 

ལན།

 

ཕ་རོལ་པོ་ཡིད་སེམས་དམའ་བས་རེད།

 

 

 

 

གཏམ་བཤད་པ།

 

 

སེའུ།

 

 

༡སྙན་འབྲི་བའི་སྙན་ངག་ངོས་འཛིན་དགོས་ལ།

 

སྙན་འབྲི་བའི་ལམ་བདེན་པ་དང་དྲང་གཞག་ཡིན་དགོས།

 

སྙན་ངག་ལ་གུས་བརྩི་བྱ་ཨེ་ཐུབ་ལ་ཤུ་རེ་རྒྱག་དགོས།

 

༢བོད་ཀྱི་གྲྭ་བཙུན་སྙན་ངག་པའི་སྡེ་ཡི་རང་མོས་དང་སྲོལ་རྒྱུན་སྙན་ངག་སོགས་གླེང་གཞི་ཞིག་ཏུ་ལོག་གིན་གདའ། དེར་བསྒྱུར་བཅོས་གཏོང་དགོས་ཚུལ་གྱི་སྐོར་གླེང་།

 

༣ང་ཚོར་དགའ་ཕྱོགས་རེ་ཡོད་ལ་དགའ་ཕྱོགས་དེར་ངོ་དགའ་སྤྲེལ་ལྷད་མེད་པའི་དཔྱད་བརྗོད་སྤེལ་རོགས་ཞེས་རེ་བ་ཞུས།

 

 

 

གཏམ་བཤད་པ།

 

 

ལོ་མ་ལྗང་ཁུ།

 

སྙན་ངག་གླེང་དུས། མཚན་ཉིད་དམ་ངོ་བོ་སུས་ཀྱང་འཇོག་ཐུབ་ཀྱིན་མེད་མོད་ བཞག་དགོས་པའི་ངེས་པའང་མེད་དོ།།

 

གནའ་དེང་སྙན་ངག་འགལ་དང་མི་འགལ་ཟེར་ན མི་འགལ་ཕན་ཚུན་གཅིག་གིས་གཅིག་ལ་འབྲེལ་ཆོག

 

སེར་མོ་བས་སྙན་ངག་གཉིས་ཀ་རོལ་མྱོང་བྱོས་དང་ཆོག་པར་འདོད།

 

སྙན་ངག་འབྲི་བ་ནི་ངུ་བ་དང་ཀུན་ནས་མཚུངས་བས་དཔེར་ན་ངུ་ལུགས་བཤད་རྒྱུ་མེད་པ་དང་མཚུངས་སོ། །

 

 

 

དྲི་བ།

 

སྲོལ་སྙན་དང་དེང་སྙན་གྱི་ཁྱད་པར་གང་།

 

ལན།

 

དེ་ལ་ཁྱད་པར་མང་པོ་ལབ་ཀྱིན་འདུག་མོད་ཁོ་བོས་སྲོལ་དེང་སྙན་ངག་གཉིས་ནམ་དུའང་མི་འགལ་བར་འདོད་དོ།།

 

 

 

གཏམ་བཤད་པ།

 

ཧོར་མེ་ལོང་།

 

 

གྲོགས་པོ་ཁྱོད་རང་སྙན་ངག་ལ་དགའ་བ་བདེན་ན།

 

སྙན་ངག་ལ་བྱི་དོར་བྱེད་རོགས།

 

 

“མཐོང་གྲོལ་རང་ལུགས་ཞེས་པའི་འགྲེལ་སྟངས་གཞན་ཞིག„

 

 

 

ང་ཚོ་སྙན་ངག་ལ་དགའ་ཞིང་སྙན་ངག་ལ་དུངས་མཁན་རྐྱང་རྐྱང་ཡིན་པའི་ངོས་ནས་སྙན་ངག་ལ་བཟུང་བའི་བརྩེ་བ་དང་དུངས་བ་ནི་བླ་ལྷག་ཅིག་གམ་དྭངས་གཙང་ཞིག་ཡིན་སྲིད་རྒྱུ་རེད།

 

དེ་ལྟ་བུ་ཞིག་ཡིན་པར་ཡིད་ཆེས་ཀྱང་ཡོད།

 

དེ་ཡིན་དུས་ང་ཚོས་ཅིས་ཀྱང་རང་གི་སྙན་ངག་ལ་དྲོད་ཁོལ་ཅིག་དང་གཟི་བརྗིད་ཅིག་བསྐྲུན་དགོས་ཀི་འདོད།

 

དེ་བས་ང་ཚོས་༼མཐོང་གྲོལ་རང་ལུགས༽་ཞེས་པའི་བགྱི་བ་འདི་དང་དུ་བླངས་བ་ཡིན།

 

ངོས་རང་ནས་ལབ་ན་སྙན་ངག་ལ་དགའ་བ་ཙམ་མ་གཏོགས་སྙན་ངག་ལ་དམིགས་ཏེ་སློབ་སྦྱོང་དམིགས་བསལ་བ་བྱས་མྱོང་མེད། ཡིན་ན་ཡང་། ང་ང་རང་དང་བར་ཐག་ཆེས་ཉེ་བའི་༼ལྷ་ཚོགས་ཚང༽་གི་སྤུན་ཟླ་འདི་དག་དང་འཕྲད་ཡོང་དུས།མ་གཞི་ནས་ངས་རང་གི་སྙན་ངག་ལ་གནའ་བོའི་གོས་རྙིང་མདོག་ཤོར་དེ་སྐོན་མ་བསམ་ཐལ།དེ་ཡིན་དུས་ཉི་མ་དེ་དང་བསྐལ་བ་དེ་ནས་བཟུང་སྟེ་ང་དང་ངའི་སྙན་ངག་ལ་ཡང་གོམས་སྟབས་གསར་བ་ཞིག་དང་མཁའ་དབུགས་གསར་བ་ཞིག་བསྐྲུན་དགོས་པའི་ཆོད་སེམས་ཤིག་སྐྱེས་སོང་།

 

དེའི་རྐྱེན་པས།ང་ཡང་༼མཐོང་གྲོལ་རང་ལུགས༽་ཞེས་པའི་མཛད་སྒོ་འདིར་དགའ་བ་སྐྱེས་པ་ཡིན།

 

ཡིན་ཡང་། ང་ཚོ་ལ་ཉི་མ་དེ་རིང་འདི་འོ་ཞེས་མཐོང་གྲོལ་རང་ལུགས་ཀྱི་ཚབ་མཚོན་སྙན་ངག་ཅིག་མེད་ན་ཡང་།

 

མ་འོངས་པའི་ལོ་ཟླའི་ནང་འབྲི་ཐབས་གསར་བ་ཞིག་སྤྱོད་ཐུབ་རྒྱུ་ལ་འབད་པ་བྱེད་རྒྱུ་ཡིན།མ་ཟད།ཁོ་བོས་འདི་ནི་སྤོབས་པ་མཚོན་བྱེད་ཅིག་ལ་ངོས་འཛིན་གྱིན་ཡོད།མདུན་བསྐྱོད་ཀྱི་ལམ་ཁ་ཡངས་པོར་གཏོང་བྱེད་ཀྱི་རྐྱེན་ཕུན་སུམ་ཚོགས་པ་ཞིག་ལ་ངོས་འཛིན་གྱིན་ཡོད།ད་དུང་།རང་ཉིད་ཆེས་དགའ་སའི་སྙན་ངག་འདི་ལ་བྱི་དོར་ལེགས་པོ་བྱེད་སྟངས་ཤིག་ལ་ངོས་འཛིན་གྱིན་ཡོད།དེ་བས། ང་ཚོས་ཐོག་མར་སྙན་ངག་མི་པའི་སྐབས་སུ་སྙན་ངག་ལ་སློབ་སྦྱོང་བྱེད་དགོས་པ་ནང་བཞིན་སྙན་ངག་ཁྱ་ཁྱོག་ཙམ་པ་ཤེས་པ་ནས་སྙན་ངག་དེ་ཕུན་སུམ་ཚོགས་པའི་ངོ་བོར་བསྒྱུར་བ་ལ་ཡང་སློབ་སྦྱོང་བྱེད་དགོས་པ་རེད།དེས་ན་ང་ཚོས་ཀྱང་རང་ཉིད་ཀྱི་ལུས་ཀྱི་ཚི་ལུ་བཞིན་འགྲོགས་ཤིང་འདྲེས་ཡོང་བའི་སྙན་ངག་འདི་ལ་ཡང་དྭངས་ཤིང་གཙང་བའི་མཁའ་དབུགས་ཤིག་བསྐྲུན་འདོད་པ་དེ་ཡིན།

 

མཇུག་མཐར་ངས་ལྷ་ཚོགས་ཚང་གི་ཚོགས་མི་ཡོངས་ཀྱི་ཚབ་བྱས་ཏེ་ཡུལ་དངོས་འདིར་ཕེབས་པའི་མཆེད་གྲོགས་ཟེར་ན་འདྲ།རྩོམ་གྲོགས་ཡོངས་ལ་བཀའ་དྲིན་ཆེ་ཞུ་བ་དང་ཆབས་ཅིག་སྙན་ངག་ལ་དགའ་ཞིང་སྙན་ངག་ལ་དུངས་བའི་སྙན་ངག་པ་ཚོའི་རླུང་རྟ་ཡང་དགུང་ནས་དགུང་ལ་བསྐྱོད་ཐུབ་པར་སྨོན་འདུན་ཞུ་རྒྱུ་ཡིན།བཀྲ་ཤིས་བདེ་ལེགས།

 

 

 

གཏམ་བཤད་པ།

 

 

གཞན་ཕན་བློ་གྲོས།

 

མཛད་སྒོ་ཟེར་ན་སྙན་ངག་གང་ཡིན་ཟེར་བ་དེ་མ་རེད།

 

འོན་ཀྱང་། རང་གིས་བྲིས་བའི་སྙན་ངག་དེ་རང་གིས་འགྲེལ་མ་ཤེས་ན་འབྲི་མཁན་དེའི་མིང་ལ་སྙན་ངག་པ་མི་ཟེར།

 

ལྷ་ཚོགས་ཚང་གི་ངོས་ནས་ལབ་ན། གྲོལ་བའི་སྙན་ངག་དང་བཅད་མ་ཙམ་མ་ཡིན་པར་མ་འོངས་པར་རྩོམ་རིག་གི་བསྟན་བཅོས་སུ་འགྱུར་བའི་རེ་བ་ཡོད།


མདོ་འཛིན་པས་མཇུག་བསྡུ་བ་དང་འབྲེལ་ཏེ་འབྱུང་འགྱུར་གྱི་མཁའ་དབྱིངས་ནས་གཤོག་རྩལ་རྒྱས་པ་ལ་ནམ་ཡང་ཡུལ་ངོས་ཀྱི་གྲོགས་པོ་དག་དང་རྒྱ་ཆེའི་སྙུག་ཐོགས་པ་དག་གིས་རྒྱབ་སྐྱོར་དང་ཐུགས་ཁུར་དགོས་ཞེས་རེ་བ་དང་ལྷན་དུ་བཀྲ་ཤིས་དང་བདེ་ལེགས་ཞུ་འོ། །

འཚོགས་འདུའི་ཡུལ་ངོས་ཀྱི་རྣམ་པ།

གསལ་བཤད།

དེ་ལ་འདིར་ངེད་ལྷ་ཚོགས་ཚང་གི་ཚགས་དེབ་མཛད་སྒོའི་སྟེང་དངོས་སུ་ཞུགས་པའི་གཏམ་བཤད་པ་དང་དྲི་བ་འདོན་མཁན་དག་ལ་དམིགས་ཀྱིས་ཞུ་རྒྱུ་ཞིག་ལ། འདིར་ཁྱེད་ཅག་གི་གཏམ་བཤད་དང་དྲི་བ་དག་ལས་གང་ངེས་མཐའ་དག་ཟིན་བྲིས་སུ་བཀོད་ཁུལ་བྱས་ཡོད་མོད།ད་རེབ་ང་ཚོར་མཚོན་ན་མཛད་སྒོ་སྤེལ་ཐེངས་དང་པོ་ཡིན་པ་དང་ཉམས་མྱོང་ཡང་དེ་ཙམ་མེད་པས། སྒོ་ཀུན་ནས་འཐུས་ཚང་བ་ཞིག་ཅིས་ཀྱང་འཁྱོངས་མ་ཐུབ། མ་ཟད། ད་རེབ་གཏམ་བཤད་གནང་མཁན་དག་ལས་དྲི་བ་འདོན་མཁན་དང་གྱེར་འདོན་བྱེད་མཁན་དག་གི་པར་རིས་གང་ཡང་བཀོད་མེད། དེ་དང་མཉམ་དུ་བྱ་བའི་ཉམས་མྱོང་དང་ལས་ཀའི་གོ་རིམས་སོགས་ལ་མ་འདང་བ་དང་མ་ལྕོགས་པའི་ཆ་མང་ཙམ་མཆིས་པས་རྒྱ་ཆེས་ཀློག་པ་པོ་ཡོངས་ལ་དགོངས་ཡངས་ཞུ།

ལྷ་ཚོགས་ཚང་གིས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
jg9m བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
48402428
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1