ཨ་མ་དྲན་པའི་གདུང་བ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 4 ཚེས 29 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» སྙན་རྩོམ། »ཨ་མ་དྲན་པའི་གདུང་བ།
ཨ་མ་དྲན་པའི་གདུང་བ།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2016/5/12ལྟ་ཀློག (4256)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཨ་མ་དྲན་པའི་གདུང་བ།

               རལ་གྲི།
བློ་དང་ལང་ཚོའི་མེ་ཏོག་བཞད་སྟངས་འདི།།
ཨ་མའི་མཛུམ་མདངས་བསུ་བའི་ལེགས་སྐྱེས་ཡིན།།
ཨ་མའི་མཛུམ་མདངས་དྲན་པའི་གདུང་བ་འདི།།
ཚིག་གི་ཕྲེང་ལ་བརྒྱུས་པའི་མུ་ཏིག་ཡིན།།

དཔྱིད་གསུམ་སྦྲང་ཆར་སམ་སིམ་འཐོར་དུས་ན།།
ཨ་མའི་སྐུ་ལུས་གཉོམ་པོ་གང་ན་ཡོད།།
དབུ་སྐྲའི་ལན་བུར་ཆགས་པའི་ཟིལ་བ་དེས།།
དོ་ནུབ་བདག་གི་མཁུར་ཚོས་ཡང་ཡང་བརླན།།

རྨི་ལམ་རབ་རིབ་ཅིག་གི་མགོ་རྔ་དང་།།
འཇིགས་རུང་སྣང་བ་ཞིག་གི་བར་གསེང་ན།།
ཨ་མ་རྗེ་བཙུན་སྒྲོལ་མའི་གཟུགས་སུ་ཡོད།།
ཨ་མ་ཚར་དཀར་ཞིག་གི་དོད་དུ་ཡོད།།

ཨ་མར་གྱེས་པ་ཐེངས་གཅིག་ཐེངས་གཉིས་མིན།།
ཨ་མ་དྲན་པ་ཟླ་གཅིག་ལོ་གཉིས་མིན།།
ཨ་མའི་ཁ་ཏ་རུམ་ནས་བཞུད་སྟངས་ལ།།
མཆི་མའི་རབ་ཁ་བྲུགས་པའི་སྐྱོ་གར་ཡོད།།

ཨ་མའི་སྐུ་ལུས་བདེ་ཞིང་ཨེ་འཚམ་ལགས།།
བུ་ང་དྲན་པའི་གདུང་བ་ཨེ་ལྕི་ལགས།།
ལག་པ་ཐོད་ལ་ཀེར་དང་ལྷོ་ལ་ལྟོས།།
ང་ནི་ལྷོ་རིའི་རི་རྩེའི་འཇའ་དེ་ཡིན།།

དགོ་དགོ་བཞོ་གླུ་སྙན་མོའི་འགྱུར་ཁུགས་ན།།
བུ་ང་དྲན་པའི་སྨྲེང་བ་མཆིས་ལགས་སམ།།
ཨ་མའི་ཐུགས་སེམས་དེ་ཙམ་མི་སྐྱོ་རོགས།།
ང་ནི་འཕུར་ལྡང་རྩེན་པའི་ཕྱེ་ལེབ་ཡིན།།

གནག་ཕྱུགས་རྨིག་རྗེས་སྙེག་པའི་ལོ་ཟླ་ན།།
བུ་ང་དྲན་པའི་མཆི་མ་དཀུ་ཨེ་མྱོང་།།
ཨ་མའི་ཐུགས་སེམས་དེ་ཙམ་མི་སྐྱོ་རོགས།།
ང་ནི་མཁའ་ན་རྒྱུ་བའི་སྤྲིན་ཕུང་ཡིན།།

འདི་ནས་སྐྱོ་སྡུག་རི་བོའི་གཏོས་འདྲ་ཞིག །
ཟུངས་མེད་ཁོ་བོའི་ཕྲག་པར་བསྙིལ་གྱུར་ཚེ།།
སྐྱ་ཆད་སྔོ་སྡུག་འོག་གི་འཚོ་བ་འདིར།།
བསམས་ཤིང་ངུ་མ་དགོད་ཀྱི་ཚོར་འདུ་དྲགས།།

ལྷག་པར་ཨ་མ་དྲན་པའི་མེ་ལོང་དབུས།།
ཨ་ཧོ་ལན་བརྒྱར་ཤར་ལ་འགོག་པ་བྲལ།།
ས་མཐའི་བུ་ངའི་དྲན་པ་དམར་པོ་དེ།།
ཚིག་གི་ཕྲེང་ལ་བསྟར་ཏེ་ཁྱེལ་ལ་འབུལ།།
              ༡༦-༥-༨ལ་རྭ་རྒྱ་ནས་སྦྱར། 

གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
if7l བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
48394395
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1