དུ་ཞགས་ཀྱིས་གཡོགས་པའི་གངས་རི​་ཞིག་དྲན་པ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 4 ཚེས 29 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» སྙན་རྩོམ། »དུ་ཞགས་ཀྱིས་གཡོགས་པའི་གངས་རི​་ཞིག་དྲན་པ།
དུ་ཞགས་ཀྱིས་གཡོགས་པའི་གངས་རི​་ཞིག་དྲན་པ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2016/6/19ལྟ་ཀློག (2028)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

དུ་ཞགས་ཀྱིས་གཡོགས་པའི་གངས་རི་ཞིག་དྲན་པ། 

རྨ་སྟོད།  ཚེ་རིང་རྒྱལ།

སྐར་མ་རབ་གསལ་གྱི་དབྱིངས་ནས་འཛུམ་ཞིང་། །

ཟླ་བས་སྔས་འབོག་གི་རྨི་ལམ་དཀྲོགས་དུས། །

བས་མཐའི་ཁང་མིག་གི་བཙན་རྫོང་གཏོར་ནས། །

དྲན་ཤེས་ཡབ་ཆེན་གྱི་པང་དུ་ལོག་འགྲོ །


ཡོད་ན་དེས་ཆོག་གི་སེམས་ཀྱི་ཚ་རུ། །

མེད་ན་དེས་ཕོང་གི་ཁྱིམ་གྱི་ཀ་བ། །

ན་ཆུང་རྨི་ལམ་གྱིས་འཁོར་བ་མྱུག་དུས། །

སྣང་སྲིད་ལེགས་ཉེས་ཀྱི་ས་མཁན་ཁྱོད་ཡིན། །


ཡར་གྱི་མཆོད་སྟེགས་ན་ལྷེམ་ལྷེམ་འབར་བའི། །

ཟངས་ཀྱི་མཆོད་ཀོང་གི་ཚེ་སྲོག་མཐོང་ན། །

མར་གྱི་གོད་ཁ་ན་གཡང་ལུག་བཙོག་སྟེ། །

མདོ་གདུགས་སྒྲོལ་འདོན་གྱི་ཕ་ལོ་དྲན་ཡོང་། །


དྲུག་གསུམ་བཅོ་བརྒྱད་ཀྱི་སྣང་བ་བསྣམས་ནས། །

ཁྲོམ་ཆེན་ཟིལ་གནོན་གྱི་དཔུང་བ་ངོམ་དུས། །

ཡང་ཆུང་མེ་ཏོག་གི་རྩེད་ར་བཤམས་པའི། །

བུ་ཆུང་སྨོན་པ་ཡི་ཞིང་ས་ཁྱོད་ཡིན། །


འཇིག་རྟེན་ཆོས་ཉིད་ཀྱི་བཀའ་ཆད་ཕོག་སྟེ། །

ཕྱི་མའི་ཏིང་འཛིན་གྱི་རི་ལ་བཞུད་དུས། །

དཔྲལ་བའི་གཉེར་རིས་ཀྱི་གསེང་ན་མངོན་པའི། །

བརྩེ་བའི་རྔུལ་ཐིགས་ཤིག་སྙིང་ལ་ལྷུང་བྱུང་། །


ཨ་ཕ་སྙིང་རྗེ་ཡི་ས་མཐར་སོན་པའི། །

བདག་གཞན་མཉམ་འཇོག་གི་བྱང་ཆུབ་ཅིག་ཡིན། །

སོང་ན་ཡ་ཆུང་གིས་ལྟ་ས་བུ་ཡིན། །

བསྡད་ན་ཤ་རུས་ཀྱིས་རེག་ས་བུ་ཡིན། །

༢༠༡༦.༥.༡༤ཉིན།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
41s7 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
48394328
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1