ཡོངས་འཛིན་འཚོལ་བཤེར་ཤར་གཏོང་གནང་བའི་མཛད་སྒོ་བསྡུས་པ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 4 ཚེས 29 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» བོད་ནང་གསར་འགྱུར། »ཡོངས་འཛིན་འཚོལ་བཤེར་ཤར་གཏོང་གནང་བའི་མཛད་སྒོ་བསྡུས་པ།
ཡོངས་འཛིན་འཚོལ་བཤེར་ཤར་གཏོང་གནང་བའི་མཛད་སྒོ་བསྡུས་པ།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2016/8/22ལྟ་ཀློག (5221)རྩོམ་ཁུངས: མཚོ་སྔོན་པོ་དྲ་བ།པར་འདེབ།

https://www.yongzin.com/


ཀྲུང་གུང་མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ཅན་མིན་གྱིས་མདོ་འཛིན་མཛད་པ།


མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་བསོད་ནམས་དོན་འགྲུབ་ཀྱིས་ཤིས་ཚིག་ཕུལ་བ།


མཚོ་ལྷོ་ཁུལ་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་འགོ་གཙོ་ཚེ་ལོ་ཡིས་ཡོངས་འཛིན་འཚོལ་བཤེར་གྱི་འཛུགས་སྐྲུན་བརྒྱུད་རིམ་མཚམས་སྦྱོར་གནང་།


རིན་ཆེན་རྒྱལ། ཀྲང་ཞི་མིན། སྟག་འབུམ་ཐར། ཀྲང་ཝུན་ཁོས་བཅས་ཀྱིས་ཡོངས་འཛིན་འཚོལ་བཤེར་ཤར་གཏོང་གི་ཆུ་ཤེལ་རྡེལ་རིལ་འབྱེད་མགོ་བརྩམས་པ།


རིན་ཆེན་རྒྱལ། ཀྲང་ཞི་མིན། སྟག་འབུམ་ཐར། ཀྲང་ཝུན་ཁོས་བཅས་ཀྱིས་ཡོངས་འཛིན་འཚོལ་བཤེར་ཤར་གཏོང་གི་ཆུ་ཤེལ་རྡེལ་རིལ་འབྱེད་མགོ་བརྩམས་པ།

    མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱི་ལས་སྒྲུབ་མི་སྣས་མཉམ་འབྲེལ་སྡེ་ཁག་གི་ཚབ་བྱེད་དེ་ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་རྡོ་ལྷ་དང་པེ་ཅིང་ཞཱན་ཏཱན་ཚན་རྩལ་ཚད་ཡོད་ཀུང་ཟིའི་ལས་གཞིའི་འགན་འཛིན་པ་ཚུའེ་ཞན་ཡུང་རྣམ་གཉིས་ལ་བཀྲ་ཤིས་ཁ་བཏགས་ཕུལ་བ།


ཡུལ་དངོས་ཀྱི་ཟུར་ཞིག

     སྤྱི་ཟླ8པའི་ཚེས22ཉིན། མཚོ་ལྷོ་ཁུལ་སྲིད་གཞུང་གིས་གཙོ་སྒྲུབ་དང་མཚོ་ལྷོ་ཁུལ་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་དང་མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས། མཚོ་ལྷོ་ཁུལ་ཡོངས་འཛིན་བོད་ཡིག་ཆ་འཕྲིན་ལག་རྩལ་ཚད་ཡོད་ཀུང་ཟིས་རོགས་སྒྲུབ་གནང་བའི་ཡོངས་འཛིན་བོད་ཡིག་འཚོལ་བཤེར་ཤར་གཏོང་གནང་བའི་མཛད་སྒོ་དེ་མཚོ་སྔོན་ ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་ཆབ་ཆ་གྲོང་རྡལ་མཁར་བྱང་རིག་གནས་སྨྱན་བྱད་ལྟེ་གནས་འཁྲབ་སྟོན་ཚོམས་ཆེན་དུ་བདེ་བླག་ངང་སྤེལ།
     མཛད་སྒོའི་སྟེང་མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རིན་ཆེན་རྒྱལ་དང་། ཞིང་ཨུའི་རྒྱུན་ཨུ། དྲིལ་སྒྲོག་པུའི་པུའུ་ཀྲང་ཀྲང་ཞི་མིན། ཞིང་ཆེན་དམངས་ཆེན་གྱི་ཀྲུའུ་རིན་གཞོན་པ་སྟག་འབུམ་ཐར། ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་དེ་སྔའི་སྤྱི་ཁྱབ་འགན་འཛིན་གཞོན་པ་བློ་བཟང་ལྷུན་གྲུབ་རྡོ་རྗེ། ཞིང་ཨུའི་དྲིལ་སྒྲོག་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པ་ལིའོ་ཝུན་ཧྲུན། མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་འགོ་གཙོ་མཁས་པ། ཞིང་ཆེན་རིག་གནས་ཐིན་གྱི་འགོ་གཙོ་ཀའོ་ཡུའུ་ཧྥུན། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་པདྨ་རྡོ་རྗེ། ཞིང་ཆེན་དཔལ་འབྱོར་ཚོང་དོན་དང་ཆ་འཕྲིན་ཅན་བྱ་བའི་ཨུ་ཡོན་ལྷན་ཁང་གི་འགོ་གཙོ་ གཞོན་པ་ཅང་ཝན་ཀྲུང་། ཞིན་ཧྭ་ཁང་མཚོ་སྔོན་ཡན་ལག་ཁང་གི་འགོ་གཙོ་དོན་འགྲུབ། དེ་མིན་བཟོ་ལས་ཆ་འཕྲིན་པུའུ་ཀྲུང་གོའི་གློག་རྡུལ་ཚད་ལྡན་ལག་རྩལ་ཅན་ཞིབ་ འཇུག་ཁང་ཐོན་ལས་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་དང་། མི་རིགས་དཔེ་སྐྲུན་ཁང་། པེ་ཅིང་སློབ་ཆེན། ཀྲུང་དབྱང་མི་རིགས་སློབ་ཆེན། ནུབ་བྱང་མི་རིགས་སློབ་ཆེན། བོད་ལྗོངས་སློབ་ཆེན། མཚོ་སྔོན་དགེ་ཐོན་སློབ་ཆེན། མཚོ་སྔོན་སློབ་ཆེན། མཚོ་སྔོན་མི་རིགས་སློབ་ཆེན། ཀན་སུའུ་མི་རིགས་དགེ་ཐོན་སློབ་གླིང་། ཡོངས་འཛིན་འཛུགས་སྐྲུན་ལས་གཞིའི་མཉམ་འབྲེལ་སྡེ་ཁག་གི་འབྲེལ་ཡོད་འགོ་ཁྲིད་དང་ཆེད་མཁས་པ་རྣམ་པ། གཞན་ཡང་མཚོ་སྔོན་ཞིང་ཨུའི་དྲིལ་སྒྲོག་པུའུ་དང་། ཞིང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་། ཞིང་ཆེན་མི་རིགས་དཔེ་སྐྲུན་ཁང་། མཚོ་སྔོན་ཨ་རུའི་བོད་སྨན་མཐུན་ཚོགས། མཚོ་སྔོན་ཞིང་ཆེན་གྱི་ཁུལ་སོ་སོའི་འབྲེལ་ཡོད་ལས་ཁུངས་དང་ཁེ་ལས་སོགས་ཤར་ གཏོང་མཛད་སྒོར་གདན་འདྲེན་ཞུས་ཤིང་། མཚོ་ལྷོ་ཁུལ་དུ་མཛད་སྒོར་ཞུགས་མཁན་ལ། ཀྲུང་གུང་མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་ཀྲང་ཝུན་ཁོས་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་བསོད་ནམས་དོན་འགྲུབ། ཁུལ་དམངས་ཆེན་ཀྲུའུ་རིན་ཏུའུ་ཁྲིན་ཀྲུང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ལི་བརྒྱད་ཅུས། ཡོངས་འཛིན་འཚོལ་བཤེར་མ་ལག་སྔོག་འདོན་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚོགས་མི་བཅས་དང་། མཚོ་ལྷོ་ཁུལ་དང་ཁུལ་གཏོགས་རྫོང་སོ་སོའི་འབྲེལ་ཡོད་ལས་ཁུངས་ཀྱི་འཐུས་ཚབ་སོགས་བསྡོམས་པས་མི200ལྷག་ཐེངས་འདིའི་མཛད་སྒོར་ཞུགས་ལ། མི་དམངས་ཉིན་རེའི་ཚགས་པར་དང་ཞིན་ཧྭ་ཁང་། ཀྲུང་གོའི་གསར་འགྱུར་ཁང་། ཀྲུང་གོའི་འཕྲིན་གཏོང་ཁང་བཅས་ཀྱི་མཚོ་སྔོན་ཡན་ལག་ཁང་དང་། མི་དམངས་དྲ་བ། ཞིན་ཧྭ་དྲ་བ། བོད་ལྗོངས་བརྙན་འཕྲིན་ཁང་། ཁམས་པའི་བརྙན་འཕྲིན། མཚོ་སྔོན་བརྙན་འཕྲིན་ཁང་། ཨ་མདོའི་བརྙན་འཕྲིན། མཚོ་སྔོན་ཚགས་པར། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ། ཀྲུང་གོའི་བོད་ཀྱི་དྲ་བ་སོགས་ཀྱི་གསར་འགོད་པས་ཤར་གཏོང་མཛད་སྒོར་ཡུལ་དངོས་གསར་འགོད་གནང་།
     ཤར་གཏོང་མཛད་སྒོ་ནི་ཀྲུང་གུང་མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་བོད་ སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན། ཁུལ་བོད་ཡིག་འཚོལ་བཤེར་མ་ལག་སྔོག་འདོན་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚོགས་གཙོ་ ཝང་ཅན་མིན་གྱིས་མདོ་འཛིན་མཛད་ཅིང་། མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་བསོད་ནམས་དོན་འགྲུབ་ཀྱིས་ཤིས་ ཚིག་ཕུལ་བ་དང་། མཚོ་ལྷོ་ཁུལ་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་འགོ་གཙོ་ ཚེ་ལོ་ཡིས་ཡོངས་འཛིན་འཚོལ་བཤེར་གྱི་འཛུགས་སྐྲུན་བརྒྱུད་རིམ་མཚམས་སྦྱོར་གནང་ལ།  མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རིན་ཆེན་རྒྱལ་དང། མཚོ་སྔོན་ཞིང་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའི་པུའུ་ཀྲང་ཀྲང་ཞི་མིན།  མཚོ་སྔོན་ཞིང་ཆེན་དམངས་ཆེན་གྱི་ཀྲུའུ་རིན་གཞོན་པ་སྟག་འབུམ་ཐར། མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་ཀྲང་ཝུན་ཁོས། ཁུལ་དཔོན་བསོད་ནམས་དོན་འགྲུབ་སོགས་ཆེད་མཁས་པ་དང་འགོ་ཁྲིད་རྣམ་པས་སྐུ་མགྲོན་རྣམས་ཀྱི་ཚབ་བྱས་ཏེ་གར་སྟེགས་སུ་བུད་དེ་ཡོངས་འཛིན་འཚོལ་བཤེར་ཤར་གཏོང་གི་ཆུ་ཤེལ་རྡེལ་རིལ་འབྱེད་མགོ་བརྩམས་ཏེ། ཡོངས་འཛིན་འཚོལ་བཤེར་དངོས་སུ་ཤར་གཏོང་གནང་བ་ཁྱབ་བསྒྲགས་བྱས།
     ཡོངས་འཛིན་འཚོལ་བཤེར་ཤར་གཏོང་ལ་ཉེ་བའི་སྐབས་འདིར། རྒྱལ་ཡོངས་ས་གནས་སོ་སོའི་ལས་ཁུངས་དང་མི་སྒེར་ནས་རྟེན་འབྲེལ་ཡི་གེ་བསྐུར་ཏེ། ཡོངས་འཛིན་འཚོལ་བཤེར་ཤར་གཏོང་གནང་བར་རྟེན་འབྲེལ་གྱི་བཀྲ་ཤིས་ཁ་གཡང་བརྗོད་པ་ མ་ཟད་དེར་དཀའ་ངལ་ཁྱད་དུ་བསད་པའི་ཡོངས་འཛིན་སྔོག་ཞིབ་དཔུང་སྡེ་ལ་འཚམས་འདྲི་ཞུས།
     ཡོངས་འཛིན་འཚོལ་བཤེར་སྔོག་ཞིབ་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ཁྲོད། མཉམ་འབྲེལ་སྡེ་ཁག་སྟེ་ནུབ་བྱང་མི་རིགས་སློབ་ཆེན་དང་པེ་ཅིང་ཞཱན་ཏཱན་ཚན་རྩལ་ ཚད་ཡོད་ཀུང་ཟི་གཉིས་ཀྱིས་དཀའ་སྡུག་མི་ཉུང་བ་མྱངས་ཤིང་། མཉམ་འབྲེལ་སྡེ་ཁག་གི་ལས་མི་ཡོངས་ལ་བཀའ་དྲིན་ཞུ་བར། མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱི་ལས་སྒྲུབ་མི་སྣས་མཉམ་འབྲེལ་སྡེ་ཁག་གི་ཚབ་བྱེད་དེ་ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་རྡོ་ལྷ་དང་པེ་ཅིང་ཞཱན་ཏཱན་ཚན་རྩལ་ཚད་ཡོད་ཀུང་ཟིའི་ལས་གཞིའི་འགན་འཛིན་པ་ཚུའེ་ཞན་ཡུང་རྣམ་གཉིས་ལ་བཀྲ་ཤིས་ཁ་བཏགས་ཕུལ་བ་རེད།


མདོ་འཛིན་པ་ཕག་མོ་རྡོ་རྗེ་དང་དཔལ་སྐྱིད་མཚོ།


གླུ་མ་བྱང་མོ་མཚོས་གླུ་གཞས་ཕུལ་བ།


བྱུ་རུ་དམར་ཆུང་ཚན་སྡེབ་ཀྱིས་གླུ་གཞས་ཕུལ་བ།


ཁ་བའི་བླ་སྲོག་ཚན་སྡེབ་ཀྱིས་གླུ་གཞས་ཕུལ་བ།


གླུ་བ་པདྨ་བསམ་གྲུབ་ཀྱིས་གླུ་གཞས་ཕུལ་བ།


དམངས་གླུ་ལེན་བཞིན་པ།


མཛད་སྒོ་ཡོངས་སུ་མཇུག་སྒྲིལ་བ།

     མཛད་སྒོའི་སྟེང་། གླུ་བ་པདྨ་བསམ་གྲུབ་དང་། བྱང་མོ་མཚོ།  ཁ་བའི་བླ་སྲོག་ཚན་སྡེབ། བྱུ་རུ་དམར་ཆུང་ཚན་སྡེབ། སྒྲོལ་མ་སྐྱིད། དཀོན་མཆོག་རྒྱལ་མཚན། གཡུ་སྒྲོན། དེ་མིན་མཚོ་ལྷོ་ཁུལ་མི་རིགས་གླུ་གར་ཚོགས་པའི་འཁྲབ་སྟོན་པ་རྣམས་ཀྱིས་ཡུལ་དངོས་སུ་འཁྲབ་སྟོན་ཕུན་སུམ་ཚོགས་པ་གནང་།
     ཡོངས་འཛིན་འཚོལ་བཤེར་འཛུགས་སྐྲུན་ལས་གཞི་ནི2013ལོའི་ཟླ4བར་ལས་མགོ་བརྩམས་ཤིང་། ལས་གཞི་འདིར་དུས་སྐབས་བཞིར་དབྱེ་བ་སྟེ། དུས་སྐབས་དང་པོ་དང་གཉིས་པ་ནི་ལག་རྩལ་ནང་ཉིང་སྔོག་ཞིབ་ཀྱི་དུས་སྐབས་ཡིན་ལ། གཙོ་ཆེར་འཚོལ་བཤེར་མ་ལག་གི་སྒྲིག་གཞི་འཛུགས་སྐྲུན་དང་། བོད་ཡིག་མིང་མཚམས་དབྱེ་འབྱེད་དང་སྐད་བརྡའི་རིག་ལྡན་སྒྲིག་གཅོད་མ་ལག་སྔོག་བཟོ། བོད་ཡིག་གྲངས་མཛོད་འཛུགས་སྐྲུན། གླེང་ཕྱོགས་ལྟ་ཞིབ་མ་ལག་སྔོག་འདོན། ལག་འཁྱེར་ཁ་པར་གྱི་སྤོ་འགུལ་གནས་ཐིག་སྔོག་འདོན་སོགས་དང་། དུས་སྐབས་གསུམ་པ་དང་བཞི་བ་ནི་རིམ་སྤར་ལེགས་བཅོས་ཀྱི་དུས་སྐབས་ཏེ། གཙོ་ཆེར་ཡོངས་འཛིན་བཤེར་ཆས་དང་། ཡོངས་འཛིན་དྲ་ལམ་ཚིག་མཛོད། ཡོངས་འཛིན་འཕྲུལ་ཆས་ཀྱི་ལོ་ཙཱ་སོགས་སྔོག་ཞིབ་དང་། དྲིལ་སྒྲོག་ཚོང་གཉེར་སྟེགས་བུ་དང་གནོད་གསོའི་རམ་འདེགས་མ་ལག་འཛུགས་སྐྲུན་སོགས་ཡིན། ཡོངས་འཛིན་འཚོལ་བཤེར་ནི་གསར་འགྱུར་དང་དྲ་ངོས། པར་རིས། བརྙན་རིས། གླུ་དབྱངས། རིག་མཛོད། ཡིག་ཚང་། དྲིས་ལན་བཅས་ངོས8ཀྱིས་གྲུབ་ཅིང་། མིག་སྔར་ལས་གཞི་འཛུགས་སྐྲུན་ནི་ལག་རྩལ་བཟོ་བཀོད་ཀྱི་དུས་སྐབས་གཉིས་པའི་མཇུག་བསྡུའི་དུས་སྐབས་སུ་གནས། ཡོངས་འཛིན་འཚོལ་བཤེར་ནི2016ལོའི་ཟླ8པའི་ཚེས2ཉིན་ཚོད་གཏོང་བྱས་ཏེ་དུས་ཐུང་ནང་སྐྱོན་སེལ་དང་ལེགས་བཅོས་བརྒྱུད། ཚེས22ཉིན་དངོས་སུ་ཤར་གཏོང་བྱས་པ་བསྒྲགས། ལས་གཞི་འདི་འཆར་འགོད་ལྟར་ན2018ལོའི་ཟླ12པར་ཡོངས་སུ་མཇུག་སྒྲིལ་རྒྱུ་རེད།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
fc5i བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: སྒྲོལ་མ་རང་གྲུབ སྤེལ་དུས:2016/8/23
བཟང་གི
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
48390278
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1