གཤམ་གསལ་དོན་དག་འདི་བརྒྱད་བཟོ་མཁན་ཁྲིམས་ལ་སྦྱོར་ཉེན་ཆེ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 11 ཚེས 21 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» བཅའ་ཁྲིམས་ཤེས་བྱ། »གཤམ་གསལ་དོན་དག་འདི་བརྒྱད་བཟོ་མཁན་ཁྲིམས་ལ་སྦྱོར་ཉེན་ཆེ།
གཤམ་གསལ་དོན་དག་འདི་བརྒྱད་བཟོ་མཁན་ཁྲིམས་ལ་སྦྱོར་ཉེན་ཆེ།
རྩོམ་སྒྲིག་པ།  མགར་ཚེ་རིང་བཀྲ་ཤིས། སྤེལ་དུས། 2020/1/13ལྟ་ཀློག (38548)རྩོམ་ཁུངས: མཚོ་སྔོན་སྲིད་གཞུང་དྲ་བ།པར་འདེབ།

     གཅིག ཁང་བྱིའུ་དང་སྦལ་བ་འཛིན་པ།

     ཉེ་བའི་ལོ་འདི་འགར། ཁང་བྱིའུ་གྲངས་འབོར་ལོ་རེར་ཇེ་ཉུང་དུ་ཕྱིན་པས། རྒྱལ་ཁབ་ནགས་ལས་ཅུའུ་ཡི《  རྒྱལ་ཁབ་ཀྱིས་སྲུང་སྐྱོང་བྱེད་པའི་ཁེ་ཕན་ཡོད་པའམ་དཔལ་འབྱོར་དང་ཚན་རིག་ཞིབ་འཇུག་གི་རིན་ཐང་གལ་ཆེན་ལྡན་པའི་སྐམ་སའི་རི་སྐྱེས་སྲོག་ཆགས་ཀྱི་མིང་ཐོའི》  ཁྲོད་བཞག་སྟེ། རྒྱལ་ཁབ་ཀྱི་ཉེས་ཁྲིམས་དང་འབྲེལ་ཡོད་ཁྲིམས་འཛིན་འགྲེལ་བཤད་ཀྱི་གཏན་འབེབས་ལྟར། གྲངས་འབོར20ཡན་གྱི་ཁང་བྱིའུ་དང་སྦལ་བ་བཟུང་ཚེ་ཁྲིམས་འགལ་ཉེས་གསོག་གི་ཁོངས་སུ་གཏོགས་པས་ཁྲིམས་ཆད་གཅད་ཆོག་པ་གསལ་པོར་བཏོན་ཡོད།

     གཉིས། དྲ་ཐོག་ནས་ཉམས་ངན་ལ་བརྫུས་ཏེ་བརྙན་ཐུང་སྤེལ་པ།

     《  ཆ་འཕྲིན་དྲ་བ་སྤྱད་དེ་མ་ཉེས་ཁ་གཡོགས་སོགས་ཀྱི་ཉེས་དོན་གྱོད་གཞི་སྒྲུབ་སྐབས་སྤྱོད་པའི་བཅའ་ཁྲིམས་གནད་དོན་འགའི་སྐོར་གྱི་འགྲེལ་བཤད》  ཀྱི་དོན་ཚན་ལྔ་པའི་གཏན་འབེབས་ལྟར་ན། ཆ་འཕྲིན་རྫུན་མ་བཟོ་བའམ་ཆ་འཕྲིན་རྫུན་མ་ཡིན་པ་ཤེས་བཞིན་དུ་ཆ་འཕྲིན་དྲ་རྒྱའི་ཐོག་ཁྱབ་སྤེལ་བྱེད་པ། ཡང་ན་མི་སྣ་བཀོད་སྒྲིག་དང་རྩ་འཛུགས་ཡོད་པའི་སྒོ་ནས་ཆ་འཕྲིན་དྲ་རྒྱའི་ཐོག་ཁྱབ་སྤེལ་བྱས་ཏེ་ཟིང་ཆ་བསླངས་ནས་སྤྱི་པའི་སྒྲིག་ལམ་ལ་གཏོར་བརླགས་ཚབས་ཆེན་བཟོ་མཁན་ལ་ཁྲིམས་ལྟར་ཉེས་ཆད་གཅད་ཆོག་པ་གསལ་པོར་བཏོན་ཡོད།

     གསུམ། ཐོག་ཁང་གི་སྒེའུ་ཁུང་ནས་དངོས་པོ་ཕྱི་ལོགས་སུ་གཡུགས་པ།

     ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ཉེ་སྔོན《  དངོས་པོ་གཡུགས་པའམ་དངོས་པོ་ལྷུང་བའི་གྱོད་དོན་ཁྲིམས་ལྟར་ཞིབ་གཅོད་བྱ་རྒྱུའི་སྐོར་གྱི་བསམ་འཆར》  དཔར་འགྲེམ་བྱས་ཏེ། བསམ་བཞིན་དུ་ཐོག་ཁང་ལས་དངོས་པོ་ཕྱི་ལོགས་སུ་གཡུགས་ཚེ། ཞིབ་ཕྲའི་གནས་ཚུལ་ལ་གཞིགས་ནས་སྤྱི་པའི་བདེ་འཇགས་ལ་གནོད་འཚེ་གཏོང་བ་དང་བསམ་བཞིན་དུ་རྨས་སྐྱོན་བཟོ་བ། མི་གསོད་ནག་ཉེས་སོགས་ཀྱི་ཉེས་མིང་བཏགས་ནས་ཆད་པ་ནན་མོ་གཅད་ཆོག་པ་གསལ་པོར་བཏོན་ཡོད།

     བཞི། སྐྱེད་ཀ་མཐོ་བའི་བུ་ལོན་གཏོང་བ།

     《  ཁྲིམས་འགལ་གྱིས་དངུལ་བུན་གཏོང་བའི་ཉེས་དོན་གྱོད་གཞི་ཐག་གཅོད་བྱེད་པའི་གནད་དོན་འགའི་སྐོར་གྱི་བསམ་འཆར》  ནང་རྒྱལ་ཁབ་ཀྱི་གཏན་འབེབས་ལས་འགལ་བ་དང་ལྟ་སྐུལ་དོ་དམ་སྡེ་ཁག་གི་ཆོག་མཆན་ཐོབ་མེད་པ། ཡང་ན་ཚོང་གཉེར་ཁྱབ་ཁོངས་ལས་བརྒལ་ནས་ཁེ་བཟང་ལེན་པ། རྒྱུན་དུ་སྤྱི་ཚོགས་སྟེང་གི་མི་ལ་དངུལ་བུན་བཏང་ནས་དངུལ་རྩའི་ཁྲོམ་རའི་སྒྲིག་ལམ་གཏོར་བརླགས་ཚབས་ཆེན་བཟོ་མཁན་ལ་ཁྲིམས་ལྟར་ཉེས་ཆད་གཅད་ཆོག་པ་གསལ་པོར་བཏོན་ཡོད།

     ལྔ། སྤྱི་སྤྱོད་རླངས་འཁོར་དང་ས་འོག་ལྕགས་ལམ་སྟེང་འཆལ་སྤྱོད་སྟོན་པ།

     ཉེ་སྔོན། ཝང་ཆེ་གེ་མོས་ཧྲང་ཧའེ་ས་འོག་ལྕགས་ལམ་ཐོག་ན་སོ་དར་ལ་མ་བབས་པའི་བུད་མེད་ཅིག་དང་བུད་མེད་གཞན་པ་ཞིག་གི་བྲང་ཁར་མཚམས་འཇོག་མེད་པར་རེག་པས། ཧྲང་ཧའེ་ཅིང་ཨན་ཁྲིམས་ཁང་གིས་བཙན་ཤེད་ཀྱིས་འཆལ་སྤྱོད་བྱས་པའི་ཉེས་མིང་བཏགས་ནས་ཝང་ཆེ་གེ་མོར་དུས་བཀག་བཙོན་འཇུག་ཟླ་དྲུག་གི་ཉེས་ཆད་བཅད་པ་རེད།

     དྲུག གཞན་ལ”རོགས་རམ”བྱས་ཏེ་ཚབ་རྒྱུགས་ལེན་པ།

     《  ཉེས་ཁྲིམས》  ཀྱི་དོན་ཚན284ལས་གཏན་འབེབས་ལྟར་ན། བཅའ་ཁྲིམས་ནང་གཏན་ལ་ཕབ་པའི་རྒྱལ་ཁབ་ཀྱི་རྒྱུགས་ལེན་སྐབས། རྒྱུགས་ལ་བརྐུས་ལྟ་བྱེད་པར་རྩ་འཛུགས་བྱེད་མཁན་ཅི་རིགས་ལ་ལོ་གསུམ་མན་གྱི་དུས་བཀག་བཙོན་འཇུག་གི་སྟེང་དངུལ་ཆད་གཅོད་པ། ཉེས་པ་ཚབས་ཆེ་བའི་རིགས་ལ་ལོ་གསུམ་གྱི་ཡན་དང་བདུན་གྱི་མན་ནས་དུས་བཀག་བཙོན་འཇུག་གི་ཉེས་ཆད་སྟེང་དངུལ་ཆད་གཅོད་པ། དེ་བཞིན་མི་གཞན་གྱི་ཚབ་བྱེད་པའམ་ཡང་ན་མི་གཞན་གྱིས་རང་ཉིད་ཀྱི་ཚབ་བྱས་ཏེ། དོན་ཚན་དང་པོའི་ནང་གཏན་འབེབས་བྱས་པའི་རྒྱུགས་གཞིའི་ཁྲོད་ཞུགས་སུ་བཅུག་པའི་རིགས་ལ་བཀག་ཉར་དང་དངུལ་ཆད་གཅད་རྒྱུ་གསལ་བོར་བཏོན་ཡོད།


     བདུན། འགབ་མཐུན་ལ་གཅར་རྡུང་བྱེད་པ།

     ཝང་ཆེ་གེ་མོ་དང་ལིག་ཆེ་གེ་མོ་གཉིས་ཀྱི་གཉེན་སྒྲིག་ནས་ལོ10འགོར། ཉིན་ཞིག་ལིག་ཆེ་གེ་མོའི་ཆུང་མས་རང་གི་ཁྱོ་གར་འགབ་མཐུན་བུད་མེད་གཞན་ཞིག་ཡོད་པ་ཤེས་རྗེས། བུད་མེད་དེའི་རྗེས་དེད་ནས་ཁྱིམ་ཚང་ལ་སོང་མཐར་རང་གི་ཁྱོ་ག་ཁོ་མོའི་ཁྱིམ་ན་ཡོད་པ་མཐོང་རྗེས་བུད་མེད་དེར་གཅར་རྡུང་བྱས། ཉིན་འགའ་འགོར་རྗེས། འགབ་མཐུན་བུད་མེད་དེས་མོ་རང་ཁྲིམས་ཁང་ལ་གཏུགས་བཤེར་བྱས་ཤིང་། ཁྲིམས་ཁང་གིས་ཝང་ཆེ་གེ་མོར་གཞན་ཁྱིམ་ལ་ཁྲིམས་འགལ་ངང་འཛུལ་བའི་ཉེས་མིང་བཏགས་ནས་དུས་བཀག་བཙོན་འཇུག་བྱས་པ་རེད།

     བརྒྱད། རྒྱལ་གླུ་ལ་བཟོ་བཅོས་བརྒྱབ་ནས་ལེན་པ།

     2017ལོར《  ཉེས་ཁྲིམས་དག་བཅོས་འཆར་ཟིན(བཅུ)》  ནང་རྒྱལ་གླུ་ལ་དམའ་འབེབས་སྐུར་བའི་ཉེས་པ་དངོས་སུ་ཁ་སྣོན་བྱས་ཏེ། མི་ཚོགས་འདུ་ས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུའི་གཞས་ཚིག་དང་གཞས་གདངས་ལ་བཟོ་བཅོས་བརྒྱབ་སྟེ་རྒྱལ་གླུ་དཀྲོལ་ལེན་བྱེད་པའམ། རྣམ་པ་གཞན་སྤྱད་ནས་རྒྱལ་གླུ་ལ་དམའ་འབེབས་བྱེད་པའི་ཉེས་པ་ཚབས་ཆེའི་རིགས་ལ། ལོ་གསུམ་མན་གྱི་དུས་བཀག་བཙོན་འཇུག་དང་ཆབ་སྲིད་ཀྱི་ཁེ་དབང་ལེན་པའི་ཉེས་ཆད་གཅད་ཆོག་པ་གསལ་པོར་བཏོན་ཡོད།



གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
ge6k བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
46003601
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1