མིའི་རིགས་གང་ནས་འགྱེལ་ན། ན་བཟའ་དམར་པོ་ཚོ་དེ་ན་ཡོད།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 10 ཚེས 20 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» འབོལ་རྩོམ། »མིའི་རིགས་གང་ནས་འགྱེལ་ན། ན་བཟའ་དམར་པོ་ཚོ་དེ་ན་ཡོད།
མིའི་རིགས་གང་ནས་འགྱེལ་ན། ན་བཟའ་དམར་པོ་ཚོ་དེ་ན་ཡོད།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2020/2/17ལྟ་ཀློག (7123)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

མིའི་རིགས་གང་ནས་འགྱེལ་ན། ན་བཟའ་དམར་པོ་ཚོ་དེ་ན་ཡོད།


རྨེའུ་རྐང་ཐང་བ།


    ད་ཐེངས་འགྲོ་བ་མིའི་རིགས་ལ་ཕྱོགས་ཡོངས་ནས་ཉམ་ང་བའི་གོད་ཆག་དང་། འཇིགས་སུ་རུང་བའི་མནར་གཅོད་ཐེབས་དང་ཐེབས་མུས་བྱུང་བཞིན་པའི་དུས་སུ། དངོས་ཤུགས་བརྒྱུད་གསུམ་ནས་བདེ་ཐང་གི་མཛུབ་སྟོན་དང་སྟོབས་ཤུགས། མཐུན་སྒྲིལ་མཉམ་གཤིབ་གནང་མཁན་ཡོངས་ལ་གུས་འདུད་དང་བཅས་འཚམས་འདྲི་ཞུ། དེ་བས་ལྷག་བསམ་དཀར་བའི་མིའི་རིགས་ལ་བཀའ་དྲིན་དང་བརྩི་བཀུར་བྱ་བ་ནི་ཅིས་ཀྱང་འདོར་མི་རུང་བ་ཞིག་གོ།
     འཇིག་རྟེན་གཏམ་གྱི་ཁ་དཔེར་ཡང་། “སྐྱིད་ལ་མ་སྔ། སྡུག་ལ་མ་འགྱང་།” ཟེར་བ་ནང་བཞིན་མིའི་རིགས་ལ་འདི་ལྟ་བུའི་མནར་གཅོད་དང་ཟུག་གཟེར་རྒོད་པའི་དུས་སྐབས་སུ། ཉིན་གཅིག་དང་སྐར་ཆ་རེ་རེའི་སྡུག་བསྔལ་ལ་འཐབ་འཛིང་བྱེད་པ་ནི། ད་རེབ་ཀྱི་མྱུར་དགོས་པའི་ཆེས་དམིགས་བསལ་བའི་དུས་སྐབས་ཤིག་ལགས་ན། སྟོབས་ཤུགས་མཉམ་སྦྲེལ་གྱི་དཔུང་བ་གཤིབ་མཁན་གྱི་ཚོགས་སྡེ་སྟེ།  བླ་མའི་སྡེ། སྤྲུལ་སྐུའི་སྡེ། གྲྭ་བའི་སྡེ། དགོན་པའི་སྡེ། ཆོས་ལུགས་ཀྱི་སྡེ། སྡེ་ཚན་ལྔ་ལས་གྲུབ་པའི་ན་བཟའ་དམར་པོའི་ཚོགས་སྡེས་སྣེ་ཁྲིད་བྱས་ཏེ། རྒྱ་ནག་ཝའུ་ཧན་དང་བོད་ཁུལ་དཀར་མཛེས་ཀྱི་ཉམ་ང་ཉག་ཕྲ་བའི་ནད་པ་དུས་ཚོད་ཀྱི་འགྲོས་དང་བསྟུན་ནས་འཕེལ་བཞིན་པའི་གཡུལ་སར་དེར། མཐུན་རྐྱེན་སྐྲུན་མཁན་གྱི་ན་བཟའ་དམར་པོའི་ཚོགས་ལ་དམིགས་བསལ་གྱིས་བཀའ་དྲིན་དང་གུས་འདུད་ཞུ་འོས།
   ན་བཟའ་དམར་པོ་གྱོན་པའི་ཆོས་ལུགས་ཀྱི་སྡེ་ཚན། མི་རིགས་དང་ཐོབ་ཐང་གྱི་དབྱེ་བ་མེད་པར། སུ་ཞིག་ལ་ལས་དབང་གི་གོད་ཆག་ལྷུང་ཚེ། ཁོང་ཅག་ནི་ནམ་ནམ་ཞར་ཞར་དུ་དེ་རུ་བགྲེང་བའི་དཔའ་བོའི་སྡེ་ཚན་དེ་ཡིན། འདི་ནས་ཡར་བརྩིས་པའི་ལོ་ངོ་སྟོང་ཕྲག་ལྷག་གི་ཡར་སྔོན་དུ། རྒྱ་བོད་ཀྱི་གཡུལ་འཁྲུག་རྒོད་པའི་དུས་སྐབས་སུ། ན་བཟའ་དམར་པོ་ཅན་ཚོས། རྒྱ་བོད་དབྱེན་འདུམ་གྱི་རྡོ་རིང་བསླངས་ཏེ། “བོད་བོད་ཡུལ་ན་སྐྱིད། རྒྱ་རྒྱ་ཡུལ་ན་སྐྱིད།” ཅེས་པའི་འབངས་མི་ཁྲི་སྟོང་མང་བོ། མི་ཤི་ཁྱིམ་སྟོང་དུ་གྱུར་བའི་ཛ་དྲག་ཀློང་ནས། འཇིགས་རུང་གི་མུན་པ་ལས་སྐྱོབ་མཁན་གྱི་དཔའ་བོའི་ཚོགས་ཏེ། ན་བཟའ་དམར་པོའི་སྡེ་ཁག་དེ་རེད།  
   རྗེས་སུ་བོད་སིལ་བའི་དུས་སྐབས་སུའང་། ཧོར་སོག་གིས་ཡ་གླིང་དབང་དུ་བསྒྱུར་ཏེ། ཧོར་གྱི་འཇིགས་པ་ལན་མང་བྱུང་བའི་ངོ་གདོང་དུ་འགྲེང་མཁན་གྱི་དཔའ་བོ་སྟེ། ས་སྐྱ་པཎ་ཆེན་དང་འགྲོ་མགོན་ཆོས་རྒྱལ་འཕགས་པ་རྣམ་གཉིས་ཀྱིས་བྱམས་བརྩེའི་གོ་ཁྲབ་བནབས་ནས། བོད་འབངས་བསྐྱབས་ཤིང་། རྒྱ་ཡི་མི་ཡུར་ཆེན་མོ་ལྟ་བུའི། གོ་ན་སྙིང་འདར་ཞིང་། མཐོང་ན་དཔའ་ཞུམ་པའི། སྡུག་བསྔལ་གྱི་དོང་ལས་འདྲེན་མཁན་དེ་ན་བཟའ་དམར་པོའི་ཚོགས་ཡིན་པ། བྱུང་རབས་དེབ་ཐེར་གྱི་ངོས་སུ་གསལ་ལ། མ་བསླད་རྡོ་རིང་གིས་སྒམ་ཚིགས་དང་བཅས་ནས། འགྲོ་བ་མིའི་སྤྱན་སྔ་རུ། ཉིན་མཚན་དབྱེར་མེད་དུ་བཤམས་པ་དེས་ཀྱང་གསལ་བོར་རྟོགས་ཐུབ་བོ།།
    “དྲིན་ཅན་ལ་དྲིན་ལོག་དང་། གཡང་ཕྱུགས་ལ་རྡོ་ལོག” ཅེས་པའི་དཔེ་ལྟར་རིག་གསར་གྱི་ཞྭ་མོ་བཀབ་སྟེ། ན་བཟའ་དམར་པོ་གྱོན་པའི་ཚོགས་སྡེ་ལ། ཤ་ཚ་སྙིང་ཉེ་མེད་པར། ངན་ཇུས་དང་འཐབ་རྩོད་ཀྱི་མེ་ལྕེ་དམར་བོ་དྲག་ཏུ་མཆེད་པའི་བར་གླགས་དེར་འང་། ན་བཟའ་དམར་པོའི་ཚོགས་སྡེ་ཡིས་གཉོམ་དུང་ངེར། དམ་ཚིག་དང་སྡོམ་པའི་གོ་ཁྲབ་གྱོན་ཏེ། ཁུ་སིམ་མེར་མི་སེར་གྱི་རེ་འདོད་བཞིན་དུ་ལྐོག་ཆོས་སྤེལ་བ་དེ་ཡང་། ཅི་འདྲའི་མངོན་པར་བསྟོད་འོས་པའི་སེམས་དཔའ་ཆེན་པོའོ། །
    དེ་ལས་ཀྱང་། ཁྲི་ཚང་ས་དང་ཡུལ་ཤུལ། བལ་ཡུལ་ས་འགུལ་སོགས་སུའང་། ན་བཟའ་དམར་པོའི་གཟི་བྱིན་ལྷིང་ངེར་མངོན་ལ། དུས་དང་དུས་ཀྱི་མཐུན་རྐྱེན་བར་མེད་དུ་བསྩལ་བའི་སྐུ་དྲིན་ཡང་རི་རབ་ལས་དཔངས་མཐོ་ཞིང་། རྒྱ་མཚོ་ལས་གཏིང་ཟབ་པ་མ་ཡིན་ནམ།
   ན་བཟའ་དམར་བོ་གྱོན་པའི་ཚོགས་སྡེ་གང་ལ། ཁྲིམས་ལུགས་ཀྱི་ཁེ་དབང་ཐོབ་པའི་དུས་སྐབས་སུའང་། རིག་གསར་གྱི་ནད་ཡམས་ཕོག་པའི་ན་གཞོན་སྐོར་ཞིག་གིས་སྣེ་ཁྲིད་དེ། དུས་དང་སྐབས་ཀྱི་གོ་སྐབས་བཙལ་ནས། ཁོང་ཅག་ལ་ངན་དམོད་ཀྱི་མདུང་ཁ་སྐོར་བའི་སྤྱི་ཚོགས་འདིར་ཡང་། དཔའ་མི་ཞུམ་པར་མིའི་རིགས་ཀྱི་ལས་དབང་གི་གོད་ཆག་བྱུང་ན། འཛེམ་དོགས་མེད་པར་རང་སྟེང་ལ་ལེན་པའི་ཞུམ་མེད་ཀྱི་སྙིང་སྟོབས་དང་། བྱམས་བརྩེ་ཡི་ལག་ཟུང་བསྲིང་བའི་ན་བཟའ་དམར་པོ་རིན་ཐང་ཆེ་ཨང་།
    མིའི་རིགས་ལ་གོད་ཆག་བྱུང་བའི་ལས་དབང་དེའང་མཐར་དེད་ན་མིའི་རིགས་སྤྱི་ལ་བབས་པའི་འོས་འགན་དུ་སྣང་ཡང་། རང་དོན་དུ་ཁྱིམ་ལའང་གནས་མི་ཐུབ་པའི་མི་གང་མང་བྱུང་དང་འབྱུང་བཞིན་པའི་སྐབས་སུ། ན་བཟའ་དམར་པོ་གྱོན་པའི་དཔུང་སྡེས་འགན་ཁུར་ལྷག་མ་ཞིག་དང་། མཐུན་རྐྱེན་འབོར་ཆེན་ཞིག་འཕངས་མེད་དུ་གནང་བ་ནི་གཟི་བརྗིད་དུ་མཐོང་མཁན་ཡང་། ཉིན་མོའི་སྐར་མ་བཞིན་སྣང་མོད། ན་བཟའ་དམར་བོས་དེ་དག་ལ་ལྟོས་པ་མེད་པར་བྱམས་བརྩེ་དང་སྙིང་རྗེ་ཟུང་འབྲེལ་གྱི་ལས་ལ་འབད་པ་ནི་ཅི་འདྲའི་ཡ་མཚན་པའི་བྱེད་སྟངས་ཤིག་གོ།
   དོན་ངོ་མར་བཤད་ན། ན་བཟའ་དམར་བོའི་ཚོགས་ལ། མི་རེ་རེ་བཞིན་དེད་ན་རུམ་ཁུག་ནང་དུ་སྒོར་བརྒྱ་ཡོད་མཁན་ལས་མེད་ས་མང་མོད། བྱམས་སྙིང་རྗེ་ཡིས་བསྐྱེད་པའི་སྦྱིན་པ་ནི་ཅི་འདྲའི་གྲངས་འབོར་ཆེ་བ་ལ་ཨང་།
                         ༢༠༢༠-༡༢ཉིན།

གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
oles བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: དྷཱི སྤེལ་དུས:2020/3/12
🙏🌍🙏🌍🙏🌍
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
50518852
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1