མཚོ་སྔོན་འཇིགས་མེད་བོད་སྨན་སྨན་ལས་ཚད་ལྡན་ཁེ་ལས།
ཀྲུང་བོད་ལུགས་གསོ་རིག་ལས་དོན་འཕེལ་རྒྱས་གཏོང་བའི་སྲིད་ཇུས་དང་ལམ་སྲོལ་ལེགས་པོར་སྤེལ་ནས། རང་ཞིང་གི་ཀྲུང་བོད་ལུགས་གསོ་རིག་ཞབས་ཞུ་མ་ལག་འཛུགས་སྐྲུན་བྱེད།
ཟླ་༧པའི་ཚེས་༡༣ཉིན་ཉིན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་གིས་སྣེ་ཁྲིད་དེ།
ཞིང་ཆེན་སྲིད་གྲོས་སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ལུས་རྩལ་ཨུ་ཡོན་ལྷན་ཁང་དང་བཟོ་ཞིང་དམངས་གཙོ་ཏང་མཚོ་སྔོན་ཞིང་ཆེན་ཏང་ཨུས་མཉམ་འབྲེལ་རྟོག་ཞིབ་ཚན་ཆུང་བཙུགས་ཏེ།
ངེད་ཀུང་སིར་ཡུལ་དངོས་རྟོག་ཞིབ་དང་བཞུགས་མོལ་ཚོགས་འདུ་བསྡུས་ཏེ་ཚོགས་ཐོག་ཏུ་གནས་ཚུལ་སྙན་ཞུ་ལ་གསན།
བརྟག་དཔྱད་ཞིབ་འཇུག་བྱེད་སྐབས། རྟོག་ཞིབ་ཚོགས་ཆུང་གིས་ཐོན་སྐྱེད་འཁོར་ཁང་དང་།
སྨན་ཁང་། ཁམས་གསོ། འགྲེམས་སྟོན་ཚོམས་ཆེན་བཅས་གཙོ་གནད་དུ་བཟུང་སྟེ་ལྟ་སྐོར་བྱས་པ་དང་ལྟ་སྐོར་བྱས་རྗེས།
འབྲིང་རིམ་གྲོས་ཚོགས་ཁང་དུ་བཞུགས་མོལ་གྲོས་ཚོགས་བསྡུས། རང་ཞིང་གི་ཀྲུང་བོད་ལུགས་གསོ་རིག་ཐོན་ལས་ཀྱི་ཚན་རྩལ་ཞིབ་འཇུག་གསར་སྤེལ་དང་།
ཀྲུང་བོད་ལུགས་གསོ་རིག་གི་ཤེས་ལྡན་མི་སྣ་གསོ་སྐྱོང་དང་ནང་འདྲེན། ཀྲུང་བོད་ལུགས་གསོ་རིག་གི་རིག་གནས་འཕེལ་རྒྱས་དང་ཕྱི་འབྲེལ་བཅས་ཀྱི་ཐད་ལ་ཀྲུའུ་ཞི་གཞོན་པ་ཝང་ཡན་གྱིས་སྣེ་ཁྲིད་གནང་བའི་མཉམ་འབྲེལ་རྟོག་ཞིབ་ཚོགས་ཆུང་དང་ལས་འཛིན་དཔོན་བར་ཕན་ཚུན་གླེང་མོལ་བྱས།
ལས་འཛིན་དཔོན་འཇིགས་མེད་ཕུན་ཚོགས་ཀྱིས་བོད་ལུགས་གསོ་རིག་འཕེལ་རྒྱས་གཏོང་དགོས་བ་དང་ཇི་ལྟར་འཕེལ་རྒྱས་གཏོང་བའི་སྐོར་ནས་གསུང་བཤད་གནང་ཞིང་།
གསུང་བཤད་ནང་མི་རིགས་ཀྱི་གསོ་རིག་འཕེལ་རྒྱས་གཏོང་བའི་རྩ་དོན་ཆེན་པོ་དྲུག་དང་ལམ་ཡིག་ཆེན་པོ་གསུམ། འཇིགས་མེད་ཚད་གསོ་སྡེ་ཚོགས་ཀྱི་ལེགས་ཆ་ཆེན་པོ་དགུ།
མཚོ་སྔོན་གྱི་བོད་ལུགས་གསོ་རིག་སློབ་ཆེན་འཛུགས་རྒྱུའི་སྐོར་གྱི་གྲོས་གཞི། བོད་ལུགས་གསོ་རིག་འཕེལ་རྒྱས་ཀྱི་རྩ་དོན་ཆེན་པོ་གསུམ།
བོད་ལུགས་གསོ་རིག་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བའི་འཕེལ་རྒྱས་གཏོང་སྟངས་ཀྱི་གྲོས་གཞི་བཅས་གཙོ་གནད་དུ་བཟུང་ནས་གསུང་སོང་།
བཞུགས་མོལ་ཚོགས་འདུའི་ཐོག བརྟག་དཔྱད་ཞིབ་འཇུག་ཚོགས་ཆུང་གིས་ངེད་ཁེ་ལས་ལ་ཐོབ་པའི་གྲུབ་འབྲས་ལ་བསྟོད་བསྔགས་བྱས་པ་དང་།
ཁེ་ལས་དང་རྒྱལ་ཁབ་ཀྱི་ཁེ་ཕན་དང་མཐུན་ཞིང་། བོད་ལུགས་གསོ་རིག་དང་བོད་སྨན་འཕེལ་རྒྱས་ལ་བྱས་རྗེས་ཆེ་བའི་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་ཁ་དེ་རུ་མུ་མཐུད་དུ་རྒྱུན་འཁྱོངས་བྱ་དགོས་པ་ནན་བཤད་བྱས།
རྟོག་ཞིབ་ཚོགས་ཆུང་གིས་ངེད་ཁེ་ལས་ཀྱི་སྨན་རྫས་ཐོན་སྐྱེད་དང་ཚན་རིག་ཞིབ་འཇུག བོད་ལུགས་གསོ་རིག་སྨན་འཕེལ་རྒྱས་བཅས་ལ་རྟོག་ཞིབ་ཞིབ་ཕྲ་བྱས་པ་བརྒྱུད་ཐེངས་འདིའི་རྟོག་ཞིབ་ལས་དོན་དེ་བཀྲ་ཤིས་དགེ་མཚན་སྟོང་གི་ཚན་ཁའི་ཁྲོད་མཇུག་སྒྲིལ་སོང་།
|