སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭས༢༠༡༣ལོའི༼ང་ཚོ་ནམ་ཡང་ཁྱིམ་གཅིག་གི་ཡིན་༽ཞེས་པའི་མཐར་ཕྱིན་སློབ་མ་དགའ་སྐྱེལ་དགོང་ཚོགས་འཚོགས།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 2 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» སློབ་གསོ།» བོད་ཀྱི་མཐོ་འབྲིང་ཁག »སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭས༢༠༡༣ལོའི༼ང་ཚོ་ནམ་ཡང་ཁྱིམ་གཅ
སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭས༢༠༡༣ལོའི༼ང་ཚོ་ནམ་ཡང་ཁྱིམ་གཅིག་གི་ཡིན་༽ཞེས་པའི་མཐར་ཕྱིན་སློབ་མ་དགའ་སྐྱེལ་དགོང་ཚོགས་འཚོགས།
རྩོམ་སྒྲིག་པ།  ཆོས་ཤུལ་གསང་བདག སྤེལ་དུས། 2013/6/5ལྟ་ཀློག (2454)རྩོམ་ཁུངས: པར་འདེབ།

 


   ཤར་བཞག་བྲ་ལྷ་རྩེའི་རྒྱབ་རོལ་ནས་ལྷུང་ལྷུང་དལ་གྱིས་འབབ་པའི་གཡག་རྭ་གཙང་བོའི་འགྲམ་ངོགས། གནམ་སྔོན་ཐང་ལ་ལྷུང་འདྲའི་དྭངས་གཙང་སྔོ་ལྡེམ་མེར་འཁྱིལ་བའི་དམུ་རྒོད་མཚོ་མོའི་འདབས་རོལ། གནའ་བོའི་རྒྱ་བོད་ཚོང་ལམ་གྱི་འགག་སྒོ་ཇ་དར་རྩེ་མདོ་ཞེས་གྲགས་པའི་ས་ཡི་ཆ་རུ་སྒོ་ཆེན་གསུམ་ལས་གཡག་རྭ་ལྟག་སྒོ་རུ་གནས་ཆགས་ཤིང་གནས་ལྔ་རིག་པའི་ཕ་ས་ཞེས་སྙན་པའི་གྲགས་པ་ཆོལ་གསུམ་འཛིན་མའི་དབྱིངས་ནས་མཆེད་པའི་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭས་སྤྱི་ལོ༢༠༡༣ལོའི་མཐར་ཕྱིན་སློབ་མ་དགའ་སྐྱེལ་མཉམ་སྤྲོ་དགོང་ཚོགས་དེ་ཟླ་འདི་གའི་སྤྱི་ཚེས་༤ཡི་དགོང་མོར་སློབ་གྲྭའི་ས་ཞ་ལའི་སྤོ་ལོ་ཐང་ནས་གཟབ་རྒྱས་ངང་སྤེལ་བ་རེད། དགོང་ཚོགས་སུ་གླུ་གར་སྒྱུ་རྩལ་རེ་རེར་དུངས་སེམས་ཀྱི་ཀུན་ནས་བཅིངས་ཏེ་དགེ་སློབ་ཀུན་གྱི་ཐུགས་ཡིད་གཅིག་ཏུ་འདྲེས་ཏེ་འབྲལ་མི་ཕོད་པ་ལྟ་བུའི་བརྩེ་བ་མངོན་ཡོད་པ་དང་མཐར་ཕྱིན་སློབ་མ་རྣམས་ཀྱིས་མ་ཡུམ་སློབ་གྲྭ་དང་མ་ཡུམ་སློབ་གྲྭའི་དགེ་བའི་བཤེས་གཉེན་རྣམས་ལ་སྙིང་ཁོང་རུས་པའི་གཏིང་ནས་བཀའ་དྲིན་གསོ་ཕྱིར་དྲི་མེད་ལྷ་དར་དཀར་པོ་དང་གླུ་གར་སྒྱུ་རྩལ་གྱི་སྙིང་བཅུད་དག་མཆོད་པའི་ཚུལ་དུ་ཕུལ་བ་དང་། སློབ་གྲྭའི་ དགེ་བའི་བཤེས་གཉེན་རྣམས་ཀྱིས་ཀྱང་ཞལ་གདམས་བདུད་རྩིའི་བཅུད་བཟང་རེ་རེ་སློབ་མ་ཚོའི་མ་འོངས་བགྲོད་ལམ་གྱི་གསོས་སུ་གནང་བ་མ་ཟད། མཐར་ཕྱིན་སློབ་མ་ལས་སྦྱངས་འབྲས་ཕུལ་བྱུང་ཅན། འགན་འཁུར་ཕུལ་བྱུང་བ། སྤྱོན་ཡོན་ཡར་ཐོན་ཅན། བོད་ཀྱི་སྲོལ་བཟང་འཛིན་མཁན་དང། ཡ་རབས་སྤྱོད་བཟང་ཅན། ཕ་སྐད་དོ་ཁུར་བྱེད་མཁན་དང་། སློབ་ཚོགས་ལས་བྱེད་ཕུལ་བྱུང་བ། ཞིང་ཆེན་རིམ་པའི་སློབ་མ་ཕུལ་དུ་བྱུང་བ་སོགས་ལ་གཟེངས་རྟགས་ཀྱི་བྱ་དགའི་དཔང་ཡིག་གནང་བ་དང་།   མ་འོངས་བགྲོད་ལམ་དང་བྱ་བའི་ལས་རྐང་གི་ཐོག་ནས་ཡ་རབས་སྤྱོད་བཟང་ལ་བརྩོན་དགོས་པ་དང་། མི་རིགས་ཀྱི་སྐད་ཡིག་རིག་གནས་ལ་སྦྱང་བ་ཡོད་དགོས་པའི་ཁ་ཚ་དགོས་གཏུག་གི་བསླབ་བྱ་གནང་བ་རེད།                              

 
       

ཁམས་པའི་གསར་འགྱུར་དྲ་བ་ལས། 


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
0wp3 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41546135
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1