དམངས་གཙོ་ཟེར་བ་ནི་ཅི་ཞིག་ཡིན།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 2 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» བསྒྱུར་རྩོམ། »དམངས་གཙོ་ཟེར་བ་ནི་ཅི་ཞིག་ཡིན།
དམངས་གཙོ་ཟེར་བ་ནི་ཅི་ཞིག་ཡིན།
རྩོམ་སྒྲིག་པ།  ཆོས་ཤུལ་གསང་བདག སྤེལ་དུས། 2013/6/10ལྟ་ཀློག (1824)རྩོམ་ཁུངས: 

                                                                                    ལེང་སི་མིན་གྱིས་བརྩམས།

དམངས་གཙོ་ནི་མིའི་རིགས་ཀྱི་སྤྱི་ཚོགས་འཚོ་བའི་ཁྲོད་དུས་རྒྱུན་དུ་མཐོང་བའི་སྙིང་སྟོབས་རིགས་ཤིག་རེད། སྙིང་སྟོབས་འདི་རྩ་བའི་རིགས་པ་གཅིག་ལས་གྱེས་ན་དོན་ཚན་ལྔ་རུ་འདུ་བར་འདོད།

གཅིག རང་ཉིད་གྲུབ་པ་ཁས་ལེན་པའི་སྟེང་དུ་གཞན་གྲུབ་པ་ཡང་ཁས་ལེན་པ།  རང་ལ་རང་གི་བརྩེ་དུངས་དང་། རེ་བ། བསམ་བློ། བསམ་འཆར་སོགས་ཡོད་པ་བཞིན་གཞན་ལ་ཡང་གཞན་གྱི་བརྩེ་དུངས་དང་། རེ་བ། བསམ་བློ། བསམ་འཆར་སོགས་ཡོད་པ་ཡིན། འདི་དག་ཡོད་ཚད་ལ་བརྩི་འཇོག་བྱེད་དགོས་པ་ལས་རྨེག་མེད་གཏོང་བ་དང་། རྒྱང་ལ་འཕུད་བ། རྩ་མེད་བཟོ་བ་སོགས་བྱེད་མི་རུང་བས་རྩ་བའི་རིགས་པ་དང་བོ་ནི་འདི་ཡིན་ཞིང་ལྡོག་སྟེ་རང་གྲུབ་ཅིང་གཞན་མ་གྲུབ་པར་འདོད་པ་ནི་དམངས་གཙོ་ལ་རྒོལ་བའོ། ། 

གཉིས། རང་གིས་གཞན་ཡོད་པ་ཁས་འཆེས་པའི་སྟེང་འདྲ་མཉམ་ཟེར་བའི་སྙིང་སྟོབས་འདི་ཡོད་པ་ཤེས་དགོས་ཤིང་། དེ་ནི་མི་གཞན་ཁས་བླངས་པ་ཡིན་ལ་རང་ལས་དམའ་སར་བཀོད་པ་ནི་མི་རུང་ལ་ལྡོག་སྟེ་རང་ལྟ་མཆོག་འཛིན་བྱེད་པ་ནི་དམངས་གཙོ་ལ་རྒོལ་བའོ། །

གསུམ། ཕན་ཚུན་འདྲ་མཉམ་ཡིན་པ་ནས་གནས་ལུགས་བརྩི་བ་ཞེས་པའི་སྙིང་སྟོབས་འདི་ཡོད་པ་ཤེས་དགོས་ཤིང་། དེ་ནི་ཕྱོགས་གཉིས་ཀའི་གནད་དོན་གང་རུང་རིགས་ཤེས་ཀྱིས་ཐག་གཅོད་་དགོས་པ་ཡིན་ལ། དོན་དག་གང་ཡང་ཚང་མས་འདུམ་ཏེ་ཁྱོད་ཀྱིས་ཀྱང་མགོ་བོ་ནང་དུ་བཀུག ངས་ཀྱང་མགོ་བོ་ནང་དུ་བཀུག་དགོས་པ་ཞིག་ལས་བཙན་དང་དབང་གིས་ཐག་བཅད་དེ་རང་གི་ཁེ་ཕན་སྲུང་་བ་ནི་མི་རུང་ལ་གནས་ལུགས་མི་བརྩི་བ་་ལ་གནས་ལུགས་འདྲེན་དགོས་ཤིང་དེ་ལས་ལྡོག་པ་ནི་དམངས་གཙོ་ལ་རྒོལ་བའོ། །

བཞི། འདྲ་མཉམ་དང་གནས་ལུགས་བརྩི་བའི་སྐབས་ནས་བཟུང་མི་མང་མི་ཉུང་ལས་རྒྱལ་ངེས་པ་ཁས་ལེན་དགོས་ལ་འདི་ནི་ཚོགས་འདུ་བསྡུས་ཏེ་མི་མང་གིས་ཐག་གཅོད་དགོས་ཟེར་བ་དེའང་ཡིན།

ལྔ། ཚང་མར་འབྲེལ་བ་ཡོད་པའི་དོན་དག་ནི་ཚང་མས་གྲོས་སྡུར་ཏེ་ཐག་གཅོད་དགོས་ཤིང་གཞན་དང་འབྲེལ་བ་མེད་པའི་སྒེར་གྱི་དོན་དག་ནི་རང་གིས་བདག་ཏུ་བྱེད་དགོས་པ་ཡིན་ལ་འདི་ནི་མི་སྒེར་གྱི་རང་དབང་ལ་བརྩི་འཇོག་བྱེད་པ་ཞེས་པ་དེའང་ཡིན་་ནོ། །

མདོར་དྲིལ་ན་དམངས་གཙོ་ཟེར་བ་ནི་དོན་ཚན་ལྔ་བོ་འདི་འདུས་པ་ཞིག་ཡིན་དགོས་ཤིང་དོན་ཚན་རྗེས་མ་བཞི་བོ་ནི་རྩ་བའི་རིགས་པ་དང་བོ་དེ་ལས་གྱེས་པ་ཡིན་ནོ། །  

                                                                                                       དོ་རྒྱ་བསོད་ནམས་རྡོ་རྗེས་བསྒྱུར།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K
ལྟ་ཀློག་གྲངས་ཀ
41539720
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1