ཁ་བ་དང་ཞོགས་པ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 3 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» ལྷུག་རྩོམ། »ཁ་བ་དང་ཞོགས་པ།
ཁ་བ་དང་ཞོགས་པ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2013/7/20ལྟ་ཀློག (1877)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

 

                                               མཐོ་གཅིག      ཁམས་རི་ཚེ་རྡོར

          ད་ནང་ཞོགས་པར་ས་གཞི་ཡོད་ཚད་ཁ་བས་གཡོགས་ནས་རབ་དཀར་དུང་གི་འཇིག་རྟེན་ཞིག་ཏུ་གྱུར་བ་ན། རྒད་པོ་ཨ་མྱེ་ཁྱུང་མགོན་ངོ་མཚར་ལྷག་པར་སྐྱེས་ནས་སྤྲིན་གྱི་ཨག་ཚོམ་དལ་བུར་གཡོ་བཞིན་པ་མ་ཟད། རི་གླིང་གི་མཛེས་ཆོས་མཐོང་བའི་འདབས་ཆག་ཚོགས་ཀྱིས་རང་རང་ས་ནས་དགའ་བའི་གླུ་དང་། སྐྱིད་པའི་གར། བསྟོད་པའི་གདང་སོགས་བྱེད་བཞིན་འདུག སྐབས་དེ་དུས་འདོད་ཆགས་ཀྱི་དབའ་རླབས་མཁའ་ལ་འཕྱུར་བའི་རྨ་ཀླུང་སྒེག་མོའི་ཞལ་རས་ལ་དམར་མདངས་ལྷག་པར་རྒྱས་ཤིང་རླངས་པ་ཐུལ་ཐུལ་གྱིས་བྱེ་མ་འདྲེན་བཞིན་པ་དང་། རྐང་འཐུང་ཚོགས་རྣམས་ནམ་རྒྱུན་ལང་ཚོས་དྲེགས་ཤིང་རྒྱག་ནས་སུ་ལ་ཡང་མགོ་མི་བསྒུར་མོད། ད་ནངས་ཨ་མ་ནོར་འཛིན་མའི་ལང་ཚོའི་མཛེས་སྡུག་བཟོད་ཐབས་ཡོངས་སུ་བྲལ་ཏེ་མང་ཆེ་བ་མགོ་བོ་སྒུར་སྒུར་བྱས་ནས་བསྡད་འདུག ཁ་ཤས་ཤིག་སྡུག་བསྔལ་གྱིས་ནོན་ཏེ་དྲན་མེད་དུ་རྒྱལ་ནས་ས་ལ་འགྱེལ་འདུག  ཡང་འགའ་ཞིག་གིས་ཞེ་སྡང་དྲག་པོས་རང་གི་ཡན་ལག་ཀྱང་བཅད་ནས་ཕངས་མེད་དུ་གཡུག་འདུག  དེ་དུས་ངའི་སེམས་ལ་འདི་དག་གིས་ང་ལ་གྲིབ་བསིལ་དང་རླུང་གཡོར། ད་དུང་རང་བྱུང་ཁམས་ཀྱི་ནད་ངན་མི་འདྲ་བ་དུ་མ་ཞིག་ཀྱང་ཁོང་ཅག་གིས་བླངས་ནས་ང་ལ་སྲུང་སྐྱོབས་གྲངས་མེད་བྱས་མྱོང་བ་སོགས་ལ་བསམ་ནས་འདི་ལྟར་སྨྲས་པ་ཡིན། ཁྱེད་ཚོ་སེམས་སྡུག་དེ་ཙམ་བྱེད་དགོས་དོན་མེད་དེ། ཉིན་ཁ་ཤས་མཚམས་ནས་ཁྱེད་ཀྱི་སྐུ་ལུས་ལ་སྔར་མེད་ཀྱི་ལང་ཚོའི་མཛེས་སྡུག་རབ་ཏུ་རྒྱས་ཤིང་། སྐབས་དེ་དུས་དཔྱིད་ཀྱི་རྒྱལ་མོས་ཁྱེད་ཀྱི་སྐུ་ལ་དམ་དུ་འཁྱུད་ནས་སྙིང་གཏམ་ཟད་པ་མེད་པ་བཤད་ངེས། ཞེས་སོགས་སེམས་གསོ་བྱས་པ་ན། ཅུང་མ་འགོར་བར་ཁོང་ཚོས་མགོ་བོ་ཡར་བཀྱག་ཏེ་ང་ལ་དགའ་བའི་ལག་ཟུང་གཡུག་བཞིན་འདུག  དེ་ནས་སློབ་ཁང་རྒན་མོ་ལོ་ན་ཤིན་ཏུ་མཐོ་བ་ཞིག་ཡོད་ས་དེར་ཕྱིན་དུས་རྒན་མོ་དེ་ཡང་མདངས་དགོང་གི་ཡ་ང་བའི་ཆར་རླུང་དང་བུ་ཡུག་དེ་དག་བཟོད་མ་ནུས་པར་བལ་གྱི་ལ་བ་གྱོན་ནས་གཉིད་དུ་ཡོར་འདུག ནམ་ཟླ་དཔྱིད་ཀར་སླེབས་པ་དང་ལ་བ་ཤིན་ཏུ་འཐུག་པའི་དབང་གིས་རྒན་མོ་གཉིད་ཀྱིས་ནོན་དྲག་ཏེ་གཅིན་པ་ཡང་རུམ་ནང་དུ་ཤོར་འདུག རྒན་མོ་ལོ་ན་མཐོ་རྐྱེན་སྐུ་ཁག་མེད་ཀྱང་བུ་མེད་དུ་སོང་གཤིས་ངོ་ཚ་དྲག་པོས་ནོན་ཏེ་ངོ་གདོང་སྐྱ་ཐེར་ཐེར་གྱིས་མིག་ཆུ་ཡང་བཞུར་བཞིན་འདུག ཡང་དེ་དུས་ངའི་བསམ་པར་རྒན་མོ་འདི་དབྱར་ཁ་ཆར་བ་དང་ཉི་མ། དགུན་ཁ་གྲང་རླུང་དང་བུ་ཡུག་སོགས་མང་བོ་ཞིག་གི་གདོང་ལ་ལངས་རྐྱང་གིས་ང་ལ་དྲིན་ཆེན་ཨ་མ་གཉིས་པའི་བཀའ་དྲིན་བཅངས་ཡོད་བསམ་ནས་འདི་ལྟར་ཞུས་པ་ཡིན། ཁྱེད་དེ་ཙམ་དུ་སེམས་སྡུག་བྱེད་དགོས་དོན་མེད་དེ། ནམ་རྒྱུན་ཁྱེད་ཀྱི་བུ་ཕྲུག་རྣམས་ཀྱིས་གཟའ་འཁོར་རེར་ཁྱེད་ཀྱི་མིག་རྐྱག་ལན་མང་དུ་འཕྱི་བ་དང་། ཉིན་མ་རེར་རྐང་བ་ལན་གསུམ་རེར་འཁྲུད་པ་སོགས་ཁྱེད་ལ་དྲིན་ཆེན་ཨ་མ་ཞིག་གི་འདུ་ཤེས་བཞག་ནས་ཞབས་ཞུ་ཚད་མེད་པ་སྒྲུབ་བཞིན་འདུག མ་ཟད་ཁྱེད་ཀྱི་བྱམས་བརྩེ་དང་ལྷག་བསམ་གྱི་རུམ་ཁོང་ནས་འཁྲུངས་པའི་གནའ་དེང་རིག་པའི་འོད་ཀྱིས་འཇིག་རྟེན་མཛེས་པར་བྱས་དང་བྱེད་བཞིན་ཡོད་པས་ན་ཁྱེད་དེ་ཙམ་སྡུག་མི་དགོས་ཞེས་ཞུས་ཀྱང་། ངའི་སྐད་ཆ་དེས་རྐྱེན་ཡིན་ནམ་ཡང་ན་ཁོང་ལོ་ན་ཆེ་དྲག་པའི་རྐྱེན་གང་ཡིན་མ་ཤེས་ཀྱང་ཉིན་གང་བོར་མིག་ཆུའི་ཐིག་རྒྱུན་མ་ཆད་རྐྱེན་སློབ་གྲོགས་ཚང་མ་ཡིད་སྐྱོ་དགོས་པ་བྱུང་།

       དེ་ཡང་། འཇིག་རྟེན་འདི་རུ་སྒང་གཤོང་མང་ཞིག་འདུག །སྐྱིད་སྡུག་རིང་ཐུང་ཕྲ་སྦོམ་གྲངས་མེད་རེད། །འདྲ་འདྲ་གཅིག་ཀྱང་མེད་པ་མཐོང་གསལ་རེད། །འདི་ལ་ཆོག་ཤེས་རང་གིས་བྱས་པ་དགའ། ཞེས་པ་གསུངས་པ་ལྟར། དུས་ཚོད་ཁ་ཤས་ཤིག་གི་ནང་དུ་ཡང་ཁོར་ཡུག་ལ་འགྱུར་ལྡོག་མི་འདྲ་བ་དང་སྐྱོ་སྡུག་མི་འདྲ་བ་དུ་མ་ཐེབས་ཡོད་ཀྱང་། མདུན་དུ་དཔྱང་བའི་གཞུང་ལམ་འདི་ནི་སྔར་ལས་བཀྲག་མདངས་རྒྱས་ཤིང་དཔེར་ན་དངུལ་གྱི་མཎ་ཌལ་ལ་གསེར་ནག་གི་སྐུད་པ་བསྟར་བ་དང་མཚུངས་པར་རྒྱང་རིང་ནས་རྒྱང་རིང་དུ་དཔྱངས་འདུག ངའི་ཉལ་ཁང་དང་སློབ་ཁང་བར་གྱི་ལམ་བུ་ཡང་གཞུང་ལམ་འདི་དང་འབྲེལ་ཡོད་རྐྱེན་ང་ལ་མཚོན་ན་གཞུང་ལམ་འདི་ནི་ཆེས་རིན་ཐང་ཆེ་བའི་སེམས་དྲུང་གི་ལམ་ཆེན་ཞིག་ཡིན་ལ་ཆེས་མཐར་ཐུག་གི་མི་ཚེའི་སྙིང་བོ་འཚོལ་བའི་ལམ་གྱི་རྩ་བ་ཡང་གཞུང་ལམ་འདི་དང་འདྲེས་ནས་ཡོད། ད་དུང་ང་རྒྱལ་གྱི་བང་རྩལ་འགྲན་སའི་ལན་ཆེན་དང་། བརྩེ་དུང་གི་འཇའ་ཚོན་འདེད་སའི་ལམ་ཆེན། རྒྱལ་ཁའི་རྟགས་མ་ཁྱེར་ཞིང་དགའ་བའི་འཕགས་མཆོང་རྒྱག་སའི་ལམ་ཆེན་སོགས་མདོར་ན་དགའ་སྐྱོ་ཆགས་སྡང་གི་རྣམ་ཤེས་མི་ཉུང་བའི་རྩ་བ་ཡང་གཞུང་ལམ་འདི་དང་འབྲེལ་ནས་ཡོད། དེས་ན་ཁྱེད་ནི་ཡངས་ཤིང་རྒྱ་ཆེ་ལ་གཟི་འོད་རབ་ཏུ་འབར་བའི་རྟག་བརྟན་ཐེར་གཟུགས་ཀྱི་ལམ་ཆེན་ཞིག་ཡིན་ན་འདོད། 


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
usky བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41586778
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1