༢༠༠༩ལོའི་མགར་སྐོར་ཕུ་ནུ་མཉམ་འདུས་སྐབས་ལྔ་བ་མཚམས་སྦྱོར།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 30 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རུས་རྒྱུད།» རུས་མགར་ཚང་གི་བྱ་བཞག »༢༠༠༩ལོའི་མགར་སྐོར་ཕུ་ནུ་མཉམ་འདུས་སྐབས་ལྔ་བ་མཚམས་སྦྱོར།
༢༠༠༩ལོའི་མགར་སྐོར་ཕུ་ནུ་མཉམ་འདུས་སྐབས་ལྔ་བ་མཚམས་སྦྱོར།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2013/7/30ལྟ་ཀློག (8921)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༢༠༠༩ལོའི་མགར་སྐོར་ཕུ་ནུ་མཉམ་འདུས་སྐབས་ལྔ་བ་མཚམས་སྦྱོར།

     སྤྱི་ལོ་༢༠༠༩ལོའི་ཟླ་༧བའི་ཚེས་༡༥ཉིན་འབོས་ལམ་རིན་རྡོར་གྱིས་རྒྱབ་སྐྱོར་གནང་སྟེ་མགོ་ལོག་རྨ་ཆེན་རྫོང་རྨ་རྒྱལ་སྦོམ་རའི་ཉེ་འདབས་དབྱིག་གི་སེང་གེ་བརྒྱ་འདུས་སུ་མགར་སྐོར་ཕུ་ནུ་མཉམ་འདུས་སྐབས་ལྔ་བ་འཚོགས།  ལོ་འདིར་མཁན་ཆེན་འཇིགས་མེད་ཕུན་ཚོགས་འབྱུང་གནས་མཆོག་སྔོན་ཆད་དངོས་སུ་ཕེབས་པའི་དབྱིག་གི་སེང་གེ་བརྒྱ་འདུས་ཀྱི་ཉེ་འདབས་ངང་བའི་ཆུ་མདུད་ཅེས་ཨ་མྱེས་རྨ་ཆེན་སྦོམ་རའི་གངས་མདུན་དེར་མགར་ཚང་གི་བསང་ཁྲི་ཁམས་གསུམ་དབང་སྡུད་དུ་ལྷ་བསང་ཕུལ་ཏེ་རྒྱལ་བསྟན་དར་ཞིང་འགྲོ་ཁམས་སྐྱིད་པའི་ཐུགས་སྨོན་སྤྲོ་ཚོགས་སུ་ཕེབས་པའི་བླ་སྤྲུལ་གང་མང་གིས་གནང་ཞིང་།  ཐེག་ཆེན་གསོ་སྦྱོང་དང་སྨྱུང་གནས།  ནོར་ལྷ་གཡང་སྒྲུབ་དང་སྒྲོལ་མའི་མནྜལ་སོགས་མ་ཎི་སིདྡྷི་གང་མང་བཏོན།    ས་དེར་གཏེར་བུམ་དང་ཁྲི་དར་རྡོ་བརྐོས་ཆོས་ཆེན་བསྒྲུབས།    ལོ་འདིའི་སྤྲོ་ཚོགས་ཐོག་ཏུ་ཀན་སུའུ་ཞིང་ཆེན་རྨ་ཆུ་རྫོང་ཉིན་མའི་མགར་སྐོར་གྱི་སྐུ་ཚབ་པ་ཀོ་བྷ་དང་བསམ་ཁོ།  བསམ་ཕྲུག  ལྷ་མོ་ཚེ་བརྟན།  བསྟན་ཁོ།  བཀྲ་ཤིས་དབང་རྒྱལ། དཀོན་མཆོག  མགར་ཨ་སངས།  མགོན་པོ་ནོར་བུ།  མགོན་པོ་རིག་འཛིན།  རྣམ་རྒྱལ་དབང་ཕྱུག་སོགས་ཡོང་།  ཉིན་མའི་མགར་སྐོར་དེ་ཐོག་དང་བོར་མགར་སྐོར་ཕུ་ནུའི་སྤྲོ་ཚོགས་སུ་ཞུགས་པའི་ལེགས་སྐྱེས་ལ་སྒོར་རྐྱང་སྟོང་གཉིས་དང་ཡུམ་དུམ་པ་བཅུ་གཉིས།  མགར་ཚང་གི་སྦྲ་ནག་གི་ཧྲག་ཕྱར་བཅས་ཕུལ། ཆུ་ཁ་མའི་མགར་སྐོར་གྱི་ཚེ་རིང་སྒྲོལ་མ་ཡང་ཡོང་། མགར་སྐོར་སེར་སྐྱ་ཕོ་མོ་རྒན་གཞོན་ཡོད་ཚད་མཉམ་འདུས་ཀྱི་འཚོགས་ཐོག་ཏུ་ཀན་སུའུ་རྨ་ཆུའི་གཞོན་ནུ་མགར་ཨ་སངས་ཀྱིས་ཐེངས་རྗེས་མའི་མགར་སྐོར་ཕུ་ནུའི་སྤྲོ་ཚོགས་རྨ་ཆུ་རྫོང་ནས་འཚོགས་དགོས་པའི་རེ་བ་དང་གྲོས་གཞི།  མགར་སྤྱིའི་མཐུན་སྒྲིལ་དང་ལ་རྒྱ།  མ་འོངས་པའི་འཕེལ་ཕྱོགས་བཅས་ཀྱི་ཐད་རང་གི་བསམ་ཚུལ་དང་སྙིང་གཏམ་གང་མང་གླེང་བས།  སྐྱ་སེར་ཚང་མ་སེམས་འགུལ་ཐེབས་ཤིང་མགར་ཨ་སངས་ཀྱིས་ཁྲིད་ཡོང་བའི་ཁོའི་གླུ་གར་ཁམས་གསེང་གླིང་གི་གླུ་བ་གླུ་མ་འགས་ཚོགས་རར་སྤྲོ་སྣང་བསླངས་ཤིང་བརྗེད་མེད་བག་ཆགས་ཟབ་མོ་བཞག  ཕྱི་ཉིན་མགར་སྐོར་གྱི་སྐུ་ཚབ་པ་ཚོ་ཕྱིར་རང་ཡུལ་དུ་འགྲོ་གྲབ་བྱེད་ཀྱི་ཡོད་མོད།  མགར་ཨ་སངས་མགོ་ལོག་མགར་སྐོར་གྱི་ཨ་ཁུ་ལྷ་མགོན་གཙོ་བྱས་པའི་མགར་གྱི་ཕུ་ནུ་ཚོའི་རེ་བ་ལྟར་རྒྱལ་ཁབ་ཀྱི་བྱ་བ་དང་རང་གིས་གཉེར་བའི་མགར་སྟོང་བཙན་གླུ་གར་ཁམས་གསེང་གླིང་གི་ཚོང་ལས་ཀྱི་བྱ་བ་སོགས་གལ་ཆུང་དུ་བཞག་སྟེ་མགར་སྐོར་གྱི་ཕ་ཆོས་དང་སྤྱི་དོན་གལ་ཆེན་དུ་བརྩིས་ནས་ཡུལ་ལ་མ་ལོག་པར་མགོ་ལོག་ནས་བསྡད། ཐེངས་འདིའི་སྤྲོ་ཚོགས་ཀྱི་སྤྱི་ཁྱབ་བཀོད་འདོམས་པ་མི་བདུན་གྱི་ནང་དུ་ཞུགས་ནས་སྐབས་ལྔ་བའི་མགར་སྐོར་ཕུ་ནུའི་སྤྲོ་ཚོགས་ཀྱི་མགོ་མཇུག་ཚང་མར་ཉིན་གང་མང་ཞིག་གི་དུས་ཚོད་བེད་སྤྱད་དེ་རོགས་རམ་ཅི་ཐུབ་ཅིག་བྱས་པས།     མགོ་ལོག་མགར་སྐོར་གྱི་སྤྲུལ་རྡོ་རྗེ་བརྟན་དང་མགར་སྤྲུལ་ཡོན་ཏན་རིན་ཆེན་སོགས་དབུར་བཞུགས་པའི་འགན་འཛིན་པ་ཨ་ཁུ་ལྷ་མགོན་སོགས་ཀྱིས་མགར་ཨ་སངས་ཀྱིས་ཐེངས་རྗེས་མའི་མགར་སྐོར་གྱི་སྤྲོ་ཚོགས་དེ་རྨ་ཆུ་རྫོང་ནས་འཚོགས་པར་རེ་བ་བཏོན་པར་གྲོས་འཆམ་བྱུང་།  སྤྲུལ་རྡོ་རྗེ་བརྟན་དང་མགར་སྤྲུལ་ཡོན་ཏན་རིན་ཆེན་སོགས་ཀྱིས་གཞོན་ནུ་མགར་ཨ་སངས་ལོ་ཆུང་ཡང་རང་གི་རུས་ལ་བློ་དཀར་བ་དང་།    བསམ་པ་དྲང་ཞིང་སྤོབས་པ་ཡོད་པར་བསྟོད་བསྔགས་ཀྱི་དར་ཁ་འཐེན། སྐབས་དྲུག་པའི་མགར་སྐོར་ཕུ་ནུའི་སྤྲོ་ཚོགས་དེ་གཞོན་ནུ་མགར་ཨ་སངས་ཀྱི་རེ་བ་ལྟར་ཀན་སུའུ་ཞིང་ཆེན་རྨ་ཆུ་རྫོང་ནས་འཚོགས་རྒྱུ་ཐག་བཅད།


༢༠༠༩ལོའི་མགར་སྐོར་ཕུ་ནུ་མཉམ་འདུས་སྐབས་ལྔ་བ།

 

༢༠༠༩ལོའི་མགར་སྐོར་ཕུ་ནུ་མཉམ་འདུས་སྐབས་ལྔ་བའི་འགན་འཛིན་ཡོངས།

 

མགར་སྐོར་ཕུ་ནུ་མཉམ་འདུས་ཐེག་ཆེན་གསོ་སྦྱོང་སྨྱུང་གནས་ལ་ཞུགས་པ།

 

༢༠༠༩ལོའི་མགར་སྐོར་ཕུ་ནུ་མཉམ་འདུས་སྐབས་ལྔ་བ་འཚོགས་སའི་ཡུལ་ངོས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
sphv བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན:  སྤེལ་དུས:2013/7/31
དཔྱད་གཏམ་འདི་རུ་ཕྲིས།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
41501694
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1