དེ་རིང་དགེ་མང་འཇམ་དཔལ་དང་རྡོ་རྗེ་དོན་གྲུབ་གཉིས་ཀྱི་ཕྱག་བྲིས་ལ་འཛམ་གླིང་ཅི་ཉི་སེའི་ཟིན་ཐོར་བཀོད་པའི་བྱ་དགའ་ཐོབ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 18 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» དམངས་སྲོལ།» གླེང་སྟེགས་བཅར་འདྲི། »དེ་རིང་དགེ་མང་འཇམ་དཔལ་དང་རྡོ་རྗེ་དོན་གྲུབ་གཉིས་ཀྱི་ཕྱག་བྲིས་
དེ་རིང་དགེ་མང་འཇམ་དཔལ་དང་རྡོ་རྗེ་དོན་གྲུབ་གཉིས་ཀྱི་ཕྱག་བྲིས་ལ་འཛམ་གླིང་ཅི་ཉི་སེའི་ཟིན་ཐོར་བཀོད་པའི་བྱ་དགའ་ཐོབ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2013/8/8ལྟ་ཀློག (21371)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

       དེ་རིང་བོད་ལྗོངས་བཤམས་སྟོན་ཁང་ནས་སྐུ་ཞབས་དགེ་མང་འཇལ་དཔལ་ལགས་དང་སྐུ་ཞབས་རྡོ་རྗེ་དོན་འགྲུབ་ལགས་གཉིས་ཀྱིས་བྲིས་པའི་འཛམ་གླིང་ཐོག་ཆེས་རིང་བ་དང་ཆེས་ཡིག་གཟུགས་མང་བའི་བོད་ཀྱི་ལོ་རྒྱུས་ཐོག་སྔར་བྱུང་མེད་པའི་ཕྱག་བྲིས་བོད་ཀྱི་ལོ་རྒྱུས་ཐོག་གི་ཡིག་གཟུགས་གཅེས་བསྡུས་ཞེས་པ་ལ་འཛམ་གླིང་ཅི་ཉི་སེའི་ཟིན་ཐོར་བཀོད་པའི་བྱ་དགའ་སྤྲོད་པའི་མཛད་སྒོ་ལྷ་སའི་དངོས་རྫས་བཤམས་སྟོན་ཁང་ནས་གནང་སོང་།

     རྒྱུས་ལོན་བྱས་པ་ལྟར་ན་ཁོང་གཉིས་ཀྱིས་བྲིས་པའི་ཡིག་གཟུགས་གཅེས་བསྡུས་འདིའི་རིང་ཚད་ལ་སྨི་ཉིས་བརྒྱ་དང་དྲུག་དང་། མཐོ་ཚད་ལ་ལི་སྨི་བརྒྱད་ཅུ་ཙམ་ཡོད་པ་དང་། ད་ལྟ་འདིར་བཀོད་ཡོད་པ་ནི་ཁོ་གཉིས་ཀྱིས་ལག་སོན་བྱུང་བའི་བོད་ཀྱི་ལོ་རྒྱུས་རིམ་བྱུང་གི་ཡིག་གཟུགས་རིགས་མི་འདྲ་བ་བརྒྱ་དང་དོན་བདུན་ཙམ་ཡིན། ཡིག་གཟུགས་ཀྱི་ནང་དོན་ནི་བོད་ཀྱི་ཀ་མད་སུམ་ཅུ་དང་། ལེགས་བཤད། སྙན་ངག་བཅས་ལ་སྦྱར་ཏེ། གནའ་ནས་ད་བར་གྱི་བོད་ཀྱི་ལོ་རྒྱུས་ཐོག་གི་ཡིག་གཟུགས་སོ་སོ་ཕྱོགས་གཅིག་ཏུ་བསྡུས་ནས་གོ་རིམ་བཞིན་བཀོད་པ་དང་། བོད་ཀྱི་ཡི་གེ་གསར་གཏོད་མཁན་ཐོན་མི་སམ་བྷོ་ཊ་གཙོ་བྱས་པའི་ལོ་ངོ་བཞི་སྟོང་ལྷག་གི་ལོ་རྒྱུས་ཐོག་བྱུང་བའི་ཡིག་གཟུགས་གསར་གཏོད་མཁན་སོ་གཉིས་ཀྱི་སྐུ་བརྙན་གོ་རིམ་བཞིན་བཀོད་པ་བརྒྱུད་ནས། བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་དང་དེའི་ལོ་རྒྱུས་ལ་ཐོས་བསམ་དབེན་པའི་མིག་སྔའི་སྟོང་ཆ་འདི་བསྐོང་ཅི་ཐུབ་བྱས་པ་ཡིན་ཟེར། 

 

     ཡིག་གཟུགས་མཁན་སྐུ་ཞབས་དགེ་མང་འཇམ་དཔལ་དང་ལྷ་རིས་པ་ཆེན་མོ་སྐུ་ཞབས་ཉན་ཤུལ་རྡོ་རྗེ་དོན་གྲུབ་གཉིས་ཀྱིས་ལོ་ངོ་བཞིའི་རིང་ལ་ལོ་ཟླ་ཞག་གིས་བསྐྱལ་ཞིང་། ཁ་ཆར་གདོང་གིས་བསུས་ཏེ་བོད་མདོ་དབུས་ཁམས་གསུམ་གྱི་གྲྭ་ས་དང་དགོན་སྡེ། བཤམས་སྟོན་ཁང་། དེ་མིན་བླ་སྤྲུལ་དང་། དམངས་ཁྲོད་ཀྱི་ཉར་ཚགས་མཁན་ལ་སོགས་པའི་སར་བཅར་ནས་རྒྱུ་ཆ་དཀོན་པོ་དེ་རིགས་འཚོལ་སྡུད་དང་ཕྱོགས་བསྡུས་བྱས་པ་དང་། ཡིག་གཟུགས་དེ་དག་གི་འབྲི་སྟངས་ལ་སྦྱོང་བ་དང་། མཚོན་དོན་ལ་ངོས་འཛིན་བྱེད་པ་སོགས་ཀྱི་དཀའ་ངལ་མང་པོ་ཁྱད་དུ་བསད་མཐར། བོད་ཀྱི་ལོ་རྒྱུས་ཐོག་གི་ཡིག་གཟུགས་གཅེས་བསྡུས་འདི་ཐོག་མར་གེགས་མེད་བདེ་བླག་ངང་ལེགས་འགྲུབ་བྱུང་བ་རེད།

 

     སྐུ་ཞབས་ཁོང་གཉིས་ལ་འཛམ་གླིང་ཅི་ཉི་སེའི་ཟིན་ཐོར་བཀོད་པའི་བྱ་དགའ་ཐོབ་རྗེས་བོད་ལྗོངས་བརྙན་འཕྲིན་ཁང་དང་ཁམས་པ་བརྙན་འཕྲིན་ཁང་མཚོ་སྔོན་བརྙན་འཕྲིན་ཁང་སོགས་ཀྱི་བཅར་འདྲི་རེ་རེ་ནས་དང་ལེན་བྱས།

 

འཛམ་གླིང་ཅི་ཉི་སེའི་ཟིན་ཐོར་བཀོད་པའི་བྱ་དགའ།

 

སྐུ་ཞབས་རྔ་བའི་དགེ་མང་འཇམ་དཔལ་ལགས་ཀྱིས་བྲིས་པའི་མཚོན་དོན་ཡིག་གཟུགས་ཞི་བདེ།

 

སྐུ་ཞབས་དགེ་མང་འཇམ་དཔལ་ལགས་ཀྱིས་བཅར་འདྲི་བ་དག་ལ་བོད་ཡིག་གི་ཁྱད་ཆོས་སོགས་གསུང་བཞིན་པ།

 

བསམ་གཞིག་དང་ཁ་མི་གྲག་པའི་སྒྱུ་རྩལ་གྱི་གསོན་ཤུགས།

 

མི་ཡུལ་ལ་བཞག་པའི་ཕྱག་རྗེས།

 

                           དགེ་མང་འཇམ་དཔལ་ངོ་སྤྲོད་མདོར་བསྡུས།
      བོད་ཀྱི་ཡིག་གཟུགས་པ།  ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གླིང་གི་སློབ་དཔོན།  བློ་དེབ་རིག་པའི་ཉིན་བྱེད་ཞེས་པའི་སློབ་དེབ་གསུམ་དང་ཡིག་གཟུགས་མ་ཕྱི་མཁས་པའི་ཕྱག་རྒྱུན་དང་པོ་དང་གཉིས་པ་འབྲི་བ་པོ།  ༩༣་ལོར་རྒྱལ་སྤྱིའི་བོད་ཀྱི་ཡིག་གཟུགས་འགྲན་བསྡུར་སྐབས་ཀྱི་ཨང་དང་པོ།   བོད་ཀྱི་ལོ་རྒྱུས་ཐོག་གི་ཡིག་གཟུགས་གཅེས་བསྡུས་འབྲི་མཁན་གྱི་མི་སྣ།  ཀྲུང་གོའི་སྒྱུ་རྩལ་མཉམ་ཞིབ་ཁང་དང་སི་ཁྲོན་ཞིང་ཆེན་རིག་གནས་ཐེན་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ་སོགས་ཀྱིས་བསྒྲུབས་པའི་ཐེངས་དང་པོའི་བི་ཤྭ་ཀརྨ་བུམ་པའི་ཕུལ་བྱུང་རི་མོ་དང་ཡིག་གཟུགས་བཤམ་སྟོན་གདན་ཞུའི་ཚོགས་འདུའི་སྐབས་ཡིག་གཟུགས་ཨང་དང་པོའི་བྱ་དགའ་ཐོབ་མཁན།


206米,涵盖177种藏文字体,最早可以追溯到4000年前的藏文字体,藏文书法家格芒江白和书法家多吉顿珠的创作并创造了[吉尼斯世界记录]的藏文长圈。颁奖仪式在今天西藏博物馆里举行。



གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 2 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
da2g བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན:  སྤེལ་དུས:2013/8/12
བཀྲ་ཤེས་བདེ་ལེགས་གྲངས་མེད་ཞུ་རྒྱུ་དང་མ་འོངས་བྱ་བ་ཚང་མ་ལམ་ལྷོང་ཡོང་པའི་སྨོན་འདུན་ཞུ།
 སྤེལ་མཁན:  སྤེལ་དུས:2013/8/8
རྟེན་འབྲེལ་ཞུ།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
41098767
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1