བོད་ཀྱི་སློབ་གསོ་དང་བརྩེ་གདུང་སློབ་གསོ་ཅུང་གླེང་བ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 6 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» དཔྱད་རྩོམ། »བོད་ཀྱི་སློབ་གསོ་དང་བརྩེ་གདུང་སློབ་གསོ་ཅུང་གླེང་བ།
བོད་ཀྱི་སློབ་གསོ་དང་བརྩེ་གདུང་སློབ་གསོ་ཅུང་གླེང་བ།
རྩོམ་སྒྲིག་པ།  གསང་བདག སྤེལ་དུས། 2013/8/10ལྟ་ཀློག (2593)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

སྤྱིར་སློབ་གསོ་ཞེས་པ་ནི་མིའི་སེམས་ཁམས་ལ་ཤན་ཤུགས་དང་། མི་བུ་གསོ་སྐྱོང་གི་ནུས་པ་ལྡན་པའི་སྤྱི་ཚོགས་ཀྱི་བྱ་འགུལ་ལམ་ལག་ཆ་གལ་ཆེན་ཞིག་རེད། འགྲོ་བ་མིའི་རིགས་འདི་ཐོག་མར་འཛམ་གླེང་འདིར་བསླེབས་ཉིན་ནས་སློབ་གསོ་ནི་མིའི་སྤྱི་ཚོགས་སུ་བྱུང་མྱོང་ཞིང་། དེ་ནས་ད་ལྟ་ཕྱི་རྩིས་ ༢༠༡༣ བར་སློབ་གསོ་རིག་པས་མིའི་འདུ་སྡོད་བྱ་ཡུལ་མཐའ་དག་ལ་ཞབས་འདེགས་མི་དམན་པ་རེ་བསྒྲུབས་ཡོད། འོནཀྱང་སློབ་གསོ་ནི་མིའི་རིགས་འདུ་སྡོད་བྱེད་སའི་སྤྱི་ཚོགས་རེ་རེའི་སྣང་བརྙན་གསལ་བྱེད་ལྟ་བུ་ཡིན་པས་དེ་ཐོག་མ་ནས་ད་བར་གཅིག་པ་ཡིན་མི་སྲིད་ཅིང་། འགྲོ་བ་མིའི་སྤྱི་ཚོགས་དག་ལ་འགྱུར་བ་ནམ་བྱུང་གི་མཚམས་ནས་དེ་ལ་ཡང་འགྱུར་བ་རེ་ཕྱིན་ཡོད། དུས་རབས་ཀྱི་ཀྱོག་མཚམས་ལ་ལར་མིའི་རིགས་ཀྱིས་དངོས་ཤུགས་བརྒྱུད་གསུམ་ནས་སློབ་གསོའི་ཁ་ཕྱོགས་དང་། ཉིང་དོན་སོགས་ལ་བཅོས་སྒྱུར་མང་པོ་བྱས་མྱོང་བ་རེད། མིའི་འདུ་སྡོད་བྱ་བའི་སྤྱི་ཚོགས་དང་རྒྱལ་ཁབ་སོགས་མི་འདྲ་བ་མང་དུ་བྱུང་བ་བཞིན་དུ་སློབ་གསོ་ཡང་གནའ་རབས་ནས་ད་བར་མིའི་སྤྱི་ཚོགས་སོ་སོར་མི་འདྲ་བ་ཡིན།

 

གནའ་རབས་བོད་ཀྱི་སློབ་གསོ་དང་བརྩེ་གདུང་སློབ་གསོ།

 

རང་རེའི་བོད་ལྗོངས་འདི་བཞིན་འཛམ་གླིང་སྟེང་གི་མི་རིགས་གཞན་རྣམས་དང་མཚུངས་པར་གོ་ལ་འདིའི་ཐོག་ཏུ་གནས་འཆའ་ནས་སྤྲ་མི་ནས་ད་ལྟའི་བར་འཚར་ལོངས་བྱུང་བས། ལོ་རྒྱུས་ཀྱི་ཀྱོག་མཚམས་རིང་མོར་ཐུན་མིན་གྱི་ཁྱད་ཆོས་ལྡན་པའི་འཚོ་བ་རོལ་སྟངས་ཀྱི་སྤྱི་ཚོགས་ཤིག་གྲུབ་ཡོད། དེ་འདྲའི་དུས་ཡུན་གྱི་འཚོ་བའི་ནང་དུ་མི་རིགས་རང་སྟེང་ལ་ཡང་ཐུན་མིན་གྱི་རིག་གནས་ལོ་རྒྱུས་ངེས་ཅན་ཞིག་ཆགས་ཡོད་པ་ནི་གོར་མ་ཆག དེ་ཡང་བོད་ཀྱི་དུས་སྔ་མོའི་སློབ་གསོ་ནི་ག་འདྲ་ཡིན་པའི་ཐད་ལ་གཅིག་ན་སློབ་གསོ་རང་ངོས་ཀྱི་ལོ་རྒྱུས་ཡིག་ཆ་ཁ་གསལ་ཞིག་མེད་པ་དང་གཉིས་ན་དུས་སྔ་མོའི་བཙན་པོའི་རྒྱལ་རབས་རྣམས་ཀྱི་ལོ་རྒྱུས་གསལ་བོ་མིན་ལ། ལྷག་པར་དུ་ད་སྐབས་ལག་སོན་བྱུང་ཡོད་པའི་ལོ་རྒྱུས་ཡིག་ཆ་རྣམས་སུའང་བཙན་པོའི་རྒྱལ་རབས་སྔ་མ་རྣམས་སམ་ནང་ཆོས་མ་དར་གོང་གི་བཙན་པོའི་རྒྱལ་རབས་ཀྱི་བཙན་པོ་རྣམས་ཀྱི་མཚན་བྱང་ཙམ་དང་དེའི་མཛད་རྗེས་ཡིག་རྡོག་འགའ་རེ་ལས་སྐབས་དེའི་རྒྱལ་ཁབ་ཀྱི་གནས་སྟངས་དང་། མི་དམངས་ཀྱི་འཚོ་བ་རོལ་སྟངས། རིག་གནས་སློབ་གསོའི་སྐོར། སྤྱི་ཚོགས་ཧྲིལ་བོའི་གནས་བབ་སོགས་བཀོད་ཡོད་པ་ཞིག་ཕལ་ཆེར་མེད་སྐད། དེས་ཐད་ཀར་བོད་ཀྱི་གནའ་བོའི་སློབ་གསོར་རྒྱུས་ལོན་དང་ཞིབ་འཇུག་བྱེད་པར་བགག་ཆེན་པོ་བཟོས་ཡོད་པ་རེད།འོན་ཀྱང་རང་རེ་བོད་ཀྱི་སྤུར་རྒྱལ་གོང་མ་ཚོའི་དུས་སུ་སྒྲུང་ལྡེའུ་བོན་གསུམ་གྱིས་ཆབ་སྲིད་བསྐྱངས་པར་གྲགས་པ་ལྟར་ན་བོད་ཡུལ་དེ་ན་ཡང་སློབ་གསོ་ཞིག་དར་ཡོད་པར་ངེས། སློབ་གསོ་ནི་མིའི་རིགས་འདུ་སྡོད་བྱེད་པའི་སྤྱི་ཚོགས་ལས་ཁ་བྲལ་ཐབས་མེད་གཤིས་བོད་ལྗོངས་སུ་སློབ་གསོ་བྱུང་ལོས་དགོས། སྐབས་དེ་དུས་ཀྱི་སློབ་གསོ་ནི་སྒྲུང་དང་ལྡེའུ་བོན་གསུམ་ལས་གྲུབ་པ་ཞིག་ཡིན་དགོས།  འོན་ཀྱང་ལོ་རྒྱུས་དག་ན་གནའ་རབས་སྤུར་རྒྱལ་གོང་མ་ཚོའི་སྐུ་དུས་སུ་བོད་ལ་ཡིག་རིགས་གཅིག་ཀྱང་མེད་ཚུལ་དང་། ཡོད་ཀྱང་ཞང་གཞུང་ཁུལ་གྱི་ཡི་གེ་ལས་མེད་པར་འདོད། དེར་རྟེན་སྐབས་དེའི་བོད་སྤྱི་ཚོགས་ཁྲོད་ཀྱི་སློབ་གསོ་ཇི་འདྲ་ཞིག་ཡིན་དང་སློབ་གསོའི་ཁ་ཕྱོགས་ཇི་འདྲ་ཞིག་ཡིན་པ་ཤེས་རྒྱུ་ངོ་མ་དཀའ།  དེ་རྗེས་བཙན་པོ་སོ་གསུམ་པ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་བོད་ལ་ཡི་གེ་གསར་དུ་བཟོས་ཤིང་དོན་གནད་གང་ཡིན་ཁ་ཐོག་ཁོ་ནས་བཤད་པ་མིན་པར་ཡིག་ཐོག་ཏུ་ཕབ་པ་དང་། འཆད་ཉན་སོགས་ཀྱི་སྲོལ་ཕྱེ། དེ་མཚུངས་ནང་བསྟན་བོད་དུ་འདྲེན་འགོ་ཚུགས་པས་བོད་ལྗོངས་ཀྱི་སློབ་གསོ་ཁ་ཕྱོགས་དེ་ཡང་བསྒྱུརབཙན་པོ་ཁྲི་སྲོང་ལྡེ་བཙན་སྐབས་རྒྱ་གར་ནས་མཁན་ཆེན་ཞི་བ་འཚོ་དང་སློབ་དཔོན་པདྨ་འབྱུང་གནས་སོགས་གདན་དྲངས་ནས་བོད་དུ་རབ་བྱུང་གི་སྡེ་ཐོག་མར་བཙུགས་པ་དེ་ བོད་གངས་ཅན་གྱི་ལྗོངས་སུ་ཐོག་མར་སློབ་གྲྭ་བྱུང་བ་ར་སྤྲོད་བྱས་པ་རེད།”  དེ་བཞིན་དུས་དེ་ནས་བཟུང་བསིལ་ལྡན་ཁ་བའི་ལྗོངས་ཀྱི་ཡུལ་གྲུ་ཁོར་མོ་ཡུག་ཏུ་ཆོས་ལུགས་སློབ་ཁྲིད་དང༌།   སློབ་གསོའི་བྱ་འགུལ་སྤེལ་སའི་དགོན་པ་དང༌།   གཙུག་ལག་ཁང་མང་དུ་བཙུགས་པ་ནི།   བོད་ཀྱི་སངས་རྒྱས་ཆོས་ལུགས་རིག་གཞུང་གི་སློབ་ཁྲིད་སྒྲིག་གཞི་དང༌།   སངས་རྒྱས་ཆོས་ལུགས་ཀྱི་ལྟ་བའི་སློབ་གསོའི་ལས་འགུལ་སྤེལ་ཏེ་སློབ་གྲྭ་དར་རྒྱས་སུ་བཏང་བ་དང༌།   དེ་ལྟ་བུ་ནི་སློབ་གསོའི་ལས་རིགས་འཕེལ་བའི་བར་བརྒལ་གྱི་མཐོ་རླབས་དྲག་ཏུ་འཕྱུར་བའི་དུས་སྐབས་ཉག་གཅིག་རེད།འོན་ཀྱང་སྐབས་དེ་ནས་དུས་རབས་ཉི་ཤུ་པའི་དཀྱིལ་ཙམ་བར་ང་ཚོ་བོད་ཀྱི་སློབ་གསོའི་ཁ་ཕྱོགས་དང་རིན་ཐང་ཡོད་ཚད་མི་རིགས་ཀྱི་ལེགས་བྱང་ངམ་གཙོ་བོ་ནང་རིག་དང་འབྲེལ་བ་ཆེར་ཡོད་པས་ཡར་རྒྱས་དང་གོས་ཆགས་ཐ་དག་ནང་རིག་གི་སློབ་གསོ་ཁོ་ནའི་སྟེང་ནས་བྱུང་བར་འདོདསྐབས་དེའི་རིང་བོད་ཀྱི་སློབ་གསོ་ནི་དགོན་པ་དང་དགོན་པའི་སློབ་གྲྭ་ཁོ་ན་ལས་ཐོབ་པས་བོད་མིའི་བརྒྱ་ཆ་བཅུ་ཙམ་ལ་སློབ་གསོ་ཐོབ་ཀྱི་ཡོད་རུང་། བརྒྱ་ཆ་དགུ་བཅུ་ཙམ་ལ་སློབ་གསོ་ཐོབ་ཀྱི་མེད་པར་སྣང་ད་དུང་སློབ་གསོ་ཐོབ་མཁན་ནི་རབ་བྱུང་ཁོ་ན་འམ་མི་སྐྱ་སྐུ་དྲག་ཀྱི་སྲས་ཁ་ཤས་ཤིག་ལས་གཞན་མེད་རྐྱེན་བོད་དེ་རིག་གནས་སློབ་གསོའི་ཕྱོགས་ནས་རྗེས་ལུས་སུ་གྱུར་བ་རེད། དེ་མཚུངས་བོད་མི་བརྒྱ་་དགུ་བཅུ་དམུས་ལོང་དུ་གྱུར་བས་སྤྱི་ཚོགས་ཁྲོད་ཀྱི་བྱ་གཞག་མཐའ་དག་ནང་བསྟན་སློབ་གསོའི་ལྡོག་ཟླ་ལྟ་བུར་གྱུར་སོང་བ་རེད།

སྤྱིར་བརྩེ་གདུང་གི་སློབ་གསོའི་ཕྱོགས་ནས་བཤད་ན་ཡང་། ནང་བསྟན་གྱི་བརྩེ་གདུང་སློབ་གསོའི་ཁ་ཕྱོགས་དེ་བདག་དང་བདག་གིར་འཛིན་པ་སྤངས་ནས་འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་ལ་ཕན་མི་ཐོགས་ན་ཡང་གནོད་མི་བྱེད་པ་ལྟ་བུའི་བྱམས་པ་དང་། བརྩེ་བ་ལྡན་དགོས་པ་ཞིག་ཡིན་རུང་། བོད་ཡུལ་སྤྱི་ཚོགས་ཕལ་ཆེར་ན་ཆགས་སྡང་གི་གཞན་དབང་དུ་སོང་སྟེ་ཡུལ་ལུང་དང་ཡུལ་ལུང་འཐབ་པ་དང་། ཆོས་ལུགས་དང་ཆོས་ཆུགས་འཐབ་པ། གྲོང་པ་དང་གྲོང་བ་རྩོད་པ། སྟོབས་ཆེ་བ་ཚོས་ཆུང་བ་ཚོར་གཉའ་གནོན་བྱེད་པ། ད་དུང་བྲན་གཡོག་བཀོལ་བ་སོགས་ཐབས་སྐྱོ་དགོས་པ་མང་པོ་ཞིག་བྱུང་སོང་བ་རེད། ཡང་གཅིག་བཤད་ན། བོད་ཡུལ་འདི་ད་ལྟའི་གནས་བབས་སུ་བསླེབས་པ་ཡང་སློབ་གསོའི་ཚད་མ་འདེང་ནས་རེད་འདོད། ཕོ་མོའི་བར་གྱི་བརྩེ་གདུང་ཐོག་བཤད་ན་ཡང་། སྐབས་དེ་དུས་ནང་བསྟན་སློབ་གསོ་ནང་དུ་ཕོ་མོའི་བརྩེ་གདུང་གི་སློབ་གསོ་རྒྱས་པ་ཡོད་ན་ཡང་སྤྱི་ཚོགས་ཁྲོད་དུ་སྤེལ་མ་ཐུབ་པས། སྐྱེས་པ་ཞིག་གིས་བུས་མེད་མང་པོ་འཛིན་པ་དང་། སྐྱེས་པ་ཞིག་གིས་བུད་མེད་མང་པོར་ཕྲུ་གུ་བཟོ་བ། སྐྱེས་པ་མང་པོས་བུད་མེད་གཅིག་བརྟེན་པ་སོགས་གཅིག་མཚུངས་མིན་པ་དང་། དེ་བཞིན་སྐྱེས་པ་ཞིག་གིས་རང་གི་ནུས་སྟོབས་ལ་བརྟེན་ནས་གཞན་གྱི་ཆུང་མ་དང་བུ་མོ་བཙན་འཕྲོག་བྱེད་པ་སོགས་ཀླ་ཀློའི་སྤྱོད་ཚུལ་ལྟ་བུ་མང་པོ་བྱུང་ཡོད་ཅིང་། གཉེན་སྒྲིག་སྐབས་ཀྱང་དོ་བདག་རང་ཉིད་ལ་རང་དབང་མེད་པར་ཕ་མ་དང་གཞིས་མི་སོགས་དབང་བཙན་པ་ཚོས་ཕོ་མོ་གཉིས་བཙན་སྦྱོར་བྱེད། དེ་ཡང་གཉེན་མ་སྒྲིག་སྔོན་བུ་དང་བུ་མོས་ཕན་ཚུན་ལ་འདོད་པ་ཡོད་རྒྱུ་ཕར་བཞག་ངོ་གདོང་ཡང་མཐོང་རེས་མེད་ཅིང་། གཉེན་བསྒྲིགས་རྗེས་མཉམ་དུ་འཚོ་ཐབས་མེད་རུང་སྤྱི་ཚོགས་ཀྱི་གནོན་ཤུགས་འོག་འཚོ་ཐབས་བྱ་དགོས་པ་སོགས་དྲང་བདེན་མིན་པ་མང་པོ་བྱུང་ཡོད།

 

དེང་རབས་བོད་ཀྱི་སློབ་གསོ་དང་བརྩེ་གདུང་སློབ་གསོ།

སྤྱིར་སློབ་གསོ་ཞེས་པ་ནི་(འཇར་མན་གྱི་སློབ་གསོ་མཁས་ཅན་ཧོར་པ་ཐེས།) སློབ་གསོའི་བྱ་གཞག་འབའ་ཞིག་དང་དེའི་ལས་དོན་མཐའ་དག་ཀུན་སྤྱོད་ཁོངས་སུ་གཏོགས་ཆོག་པར། སྒོས་སུ་ཀུན་སྤྱོད་ནི་མིའི་རིགས་ཀྱི་ཚད་མཐོའི་དམིགས་ཡུལ་ཞིག་ཡིན་པས། དེ་ཚད་མཐོའི་སློབ་གསོའི་དམིགས་ཡུལ་ཞིག་ཀྱང་ཡིན། །ཞེས་གསུངས་པ་བཞིན་སློབ་གསོ་ནི་འགྲོ་བ་མིའི་ཀུན་སྤྱོད་དང་འབྲེལ་བ་ཤིན་ཏུ་ཆེ་བ་ཞིག་རེད་ལ། དེ་ཡང་བཟང་ཕྱོགས་ལ་འདྲེན་པའི་ཞགས་པ་ལྟ་བུ་ཞིག་ལ་ཚད་བཞག་ཆོག འོན་ཀྱང་བོད་ལྗོངས་ལ་མཚོན་ན་ཉེ་བའི་དུས་རབས་ཉི་ཤུ་པའི་ལོ་རབས་ལྔ་བཅུ་ནས་བཙན་དབང་དང་གཉའ་གནོན་འོག་ཏུ་ལྷུང་སོང་བས་བོད་ཀྱི་སློབ་གསོ་ལ་ཡང་རང་བཞིན་གྱིས་བྱུས་ཉེས་ཕོགས་ཡོད། སྐབས་དེ་ནས་བོད་ནང་ལ་ཆ་བཞག་ནདམར་པོའི་སྲིད་གཞུང་གིས་རྡུང་རྡེག་དང་། གྲལ་རིམ་འཐབ་རྩོད་འོག་རིག་གནས་གསར་རྗེ་ཟེར་བ་སོགས་ལས་འགུལ་གང་མང་སྤེལ་ནས་བོད་ཀྱི་གནའ་རབས་དགོན་སྡེ་ཁག་ལས་དར་བའི་རིག་གཞུང་དང་། སློབ་གསོའི་ཁ་ཕྱོགས་སོགས་མེད་པ་བཟོས་དང་བཟོ་བཞིན་ཡོད། ད་དུང་བཙན་དབང་འོག་ནས་ཆབ་སྲིད་སློབ་གསོ་ཟེར་བ་དང་། རིག་གནས་སློབ་གསོ་ཟེར་བ། དཔལ་འབྱོར་སློབ་གསོ་ཟེར་བ་སོགས་དུས་དང་དགོས་མཁོ་ལ་དམིགས་ནས་སློབ་གསོའི་ལས་འགུལ་ཆད་མེད་དུ་སྤེལ་ནས་བོད་མི་རིགས་འདི་སེམས་ཁམས་ནས་གཙང་བཟོ་བྱེད་ཐབས་བྱས་ཡོད། འོན་ཀྱང་དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་བཅུའི་འགོ་ཙམ་ནས་བོད་ལྗོངས་སྲོལ་རྒྱུན་སློབ་གསོ་མཁས་པ་པཎ་ཆེན་སྐུ་འཕྲེང་བཅུ་པས་གཙོས་མཁས་པ་ཆེན་པོ་དག་གིས་གནའ་རབས་སློབ་གསོའི་ཁ་ཕྱོགས་བསྐྱར་བསྐྲུན་དང་དེང་རབས་སློབ་གསོའི་རིགས་མང་པོ་གསར་བསྣོན་གྱིས་ལས་འགུལ་གང་མང་སྤེལ་འབྲས་སུ་ད་ལྟའི་ཆར་བོད་ལྗོངས་འདི་བཞིན་དམར་པོའི་བཙན་དབང་དུ་ཡོད་ཀྱང་རང་མི་རིགས་ཀྱི་ལ་རྒྱ་དང་སེམས་ཤུགས་རི་རབ་ལྟར་གནས་མུས་རེད།

 དེ་བཞིན་བརྩེ་གདུང་སློབ་གསོའི་ཕྱོགས་ནས་བཤད་ན། ལོ་རབས་ལྔ་བཅུ་ནས་བརྒྱད་ཅུ་ཙམ་བར་ཕ་མས་ཕྲུ་གུ་གསོད་དགོས་བྱུང་བ་དང་། ཕྲུ་གུས་ཕ་མ་གཙོང་པ། ཁྱོ་གས་བཟའ་ཟླ་བསད་པ། སྐྱེ་དམན་གྱིས་ཁྱོ་བོར་འཐབ་འཛིང་བཏང་བ་། དགེ་རྒན་གྱིས་སློབ་མ་བསད་པ། སློབ་མས་དགེ་རྒན་གཙོང་པ་སོགས་གནས་ཚུལ་ཐབས་སྡུག་མང་པོ་ཞིག་འབྱུང་དུ་བཅུག་ཡོད་ཀྱང་། ལོ་རབས་བརྒྱད་བཅུ་པ་ནས་ད་ལྟའི་བར་གོང་འཁོད་བོད་ཀྱི་སློབ་གསོ་མཁས་པ་ཡོད་དགུས་སློབ་གསོའི་འགུལ་སྐྱོད་སྟུད་མར་བྱས་པའི་འབྲས་བུར་ཕ་མས་ཕྲུ་གུ་ཇི་ལྟར་སྐྱོང་ཐབས་དང་། ཕྲུ་གུས་ཕ་མར་ཇི་ལྟར་བཀུར་ཐབས། དགེ་རྒན་གྱིས་སློབ་མ་ཇི་ལྟར་སྐྱོང་ཐབས་དང་། སློབ་མས་དགེ་རྒན་ལ་རིན་ཐང་ཇི་ལྟར་འཇལ་ཐབས། ཁྱོ་བོས་སྐྱེ་དམན་དང་སྐྱེ་དམན་གྱིས་ཁྱོ་བོར་བྱམས་སྐྱོང་དང་རྒྱབ་སྐྱོར་ཇི་ལྟར་བྱ་བ། བུ་མོ་རང་གི་ཚེ་གང་གི་བཟའ་ཟླ་ཇི་འདྲ་འདེམས་པ་དང་བུ་ཡིས་རང་གི་གཏན་གྲོགས་ཇི་ལྟར་འཚོལ་བ། སོགས་བརྩེ་གདུང་དང་འབྲེལ་བའི་སློབ་གསོའི་ཁ་ཕྱོགས་ད་ལྟའི་ཆར་མཐོ་རླབས་ཤིག་ལ་སླེབ་བཞིན་ཡོད་པས་སློབ་གསོ་མི་ཐེབས་པའི་མི་བུ་ཇེ་ཉུང་ནས་ཇེ་ཉུང་དུ་འགྲོ་བཞིན་ཡོད། ད་ལྟ་དང་ད་དུང་བོད་དུ་སློབ་གསོ་བ་གྲགས་ཅན་མཁས་དབང་ཚུལ་ཁྲིམས་བློ་གྲོས་སོགས་ཀྱིས་སློབ་གསོའི་ལས་འགུལ་རྒྱུད་བོད་པ་ཚོ་ཕྱོགས་གང་ཐད་ནས་ཡར་འདྲེན་བྱེད་བཞིན་འདུག

བཙན་བྱོལ་ནང་ཆ་བཞག་ན་༧གོང་ས་སྐྱབས་མགོན་ཆེན་པོ་ཡུ་གྱར་དུ་ཞབས་སོར་ཁོད་མ་ཐག་ནས་བཙན་བྱོལ་ནང་་སྲོལ་རྒྱུན་རིག་གནས་སློབ་གསོ་སྤེལ་སའི་དགོན་སྡེ་དང་བཤད་གྲ་ཁག་བཙུགས་གནང་བ་དང་། དེང་རབས་སློབ་གསོ་སྤེལ་སའི་སློབ་གྲྭ་བཙུགས་གནང་བ་རེད། དེར་རྟེན་ད་ལྟའི་ཆར་རིག་གནས་སློབ་གསོ་དང་། དཔལ་འབྱོར་སློབ་གསོ། ཆབ་སྲིད་སློབ་གསོ། བརྩེ་གདུང་སློབ་གསོ་སོགས་ཀྱི་གནས་ཚད་རན་ཙམ་བྱུང་ཡོད། སློབ་གསོའི་རིང་ལུགས་སམ་སྲིད་བྱུས་དེ་གནའ་རབས་ནུབ་ཕྱོགས་པའི་སྲོལ་ཡིན་པས་འགལ་འཛོལ་གང་མང་བྱུང་ཡོད་ལ། སློབ་གསོའི་ལས་འགུལ་སྤེལ་མཁན་ནང་ཞུགས་མཁན་ཚོའི་འཇོན་ཐང་དང་ཤེས་ཚད་སོགས་ཀྱིས་འདེང་མིན་ལས་འགལ་འཛོལ་གང་མང་བྱུང་ཡོད། འོན་ཀྱང་ད་ལྟའི་ཆར་ཡར་རྒྱས་ལ་ཁ་ཕྱོགས་ཏེ་མེ་ཏོག་འབུད་བཞིན་པའི་སྒང་རེད། དེར་རྟེན་ཡུལ་གྱར་དུ་ཁ་ཡོད་དང་ལག་ཡོད་ཚང་མས་སློབ་གསོའི་ཕྱོགས་ནས་འདེང་མིན་ཐོག་ཁ་ངན་གཏོང་བ་ཙམ་ཁོ་ན་མིན་པར་བསམ་ཡོད་གནད་ཡོད་ཀྱིས་མཐོར་འདེགས་བྱ་བའི་ནུས་པ་རེ་སྤུངས་ཐབས་བྱ་དགོས་པ་ཡང་ཟུར་བརྗོད་ཙམ་ཡིན

ཕྱི་ཕྱོགས་སུ་ཡང་བོད་ནང་ལྟར་སྤྱིར་བརྩེ་གདུང་སློབ་གསོའི་ཕྱོགས་ནས་ད་ལྟ་ཡར་རྒྱས་ཆེར་ཕྱིན་ཡོད། དེ་ཡང་ཕ་མས་ཕྲུ་གུ་གསོ་སྐྱོང་ཚུན་དང་། དགེ་རྒན་གྱིས་སློབ་མ་སྐྱོང་སྟངས། བཟའ་ཚང་འཆམ་མཐུན། དགའ་རོགས་འཚོལ་སྟངས་སོགས་ཡིག་ཐོགས་སུ་འཁོད་པ་དེ་ཙམ་མེད་མོད། འོན་ཀྱང་སྤྱི་ཚོགས་འཚོ་བའི་ཁྲོད་དུ་སློབ་གསོ་སྤྲོད་མཁན་དང་། སློབ་གསོ་ར་བ་སོགས་མང་དུ་འགྲོ་བཞིན་པས་ཡར་རྒྱས་ཧ་ཅང་འགྲོ་བཞིན་པ་རེད།

བོད་ཕྱི་ནང་གཉིས་ཀྱི་ཕོ་མོའི་བརྩེ་གདུང་སློབ་གསོའི་སྐོར་ནས་བཤད་ན་ད་ལྟ་དུས་རབས་དང་སྤྱི་ཚོགས་གཉིས་ཕྱོགས་ནས་འགྱུར་བ་ཞིག་ཕྱིན་རྐྱེན་དེང་རབས་སློབ་གསོའི་ཁ་ཕྱོགས་སུ་སྐྱོད་བཞིན་པ་ལྟ་བུ་ཞིག་རེད། དེ་ཡང་ཕོ་མོ་གཉིས་གཉེན་སྒྲིག་མ་བྱས་སྔོན་ཕན་ཚུན་མཐུན་མིན་བརྟག་ཆེད་དགའ་གྲོགས་སྒྲོག་རྒྱུ་དང་། ཕོ་མོ་གཉིས་མོས་ཀྱིས་གཉེན་སྒྲིག་བྱ་རྒྱུ། དེ་བཞིན་གཉེན་བསྒྲིགས་རྗེས་བསམ་པ་དང་ལྟ་བ་མ་མཐུན་ན་གཉིས་མོས་ཀྱིས་ཁ་ཐོར་དུ་འགྲོ་རྒྱུའི་རང་དབང་ཡོད། མདོར་ན་ཕོ་མོ་གཉིས་ཀས་མོས་མཐུན་ཡོད་ན་གཉེན་སྒྲིག་ཐེངས་མང་བྱས་ན་ཡང་སྤྱི་ཚོགས་དང་ཕ་མ་སོགས་ཀྱིས་དགག་བྱ་དང་གནོན་ཤུགས་གང་ཡང་མེད། སློབ་གསོ་གནང་མཁན་གྱིས་ཀྱང་དེ་ལྟར་ལམ་སྟོན་བྱེད་ཅིང་སློབ་གསོ་ལེན་མཁན་གྱིས་ཀྱང་དེ་ལྟར་ལག་བསྟར་བྱེད། འོན་ཀྱང་ད་ལྟའི་བརྩེ་གདུང་གྱི་སློབ་གསོའི་ཁ་ཕྱོགས་ནི་གནའ་རབས་བོད་ཀྱི་སློབ་གསོ་འམ་ནང་བསྟན་སློབ་གསོའི་ནང་ཡོད་ཀྱི་བརྩེ་གདུང་སློབ་གསོ་ལྟར་ཕོ་མོ་ཕན་ཚུན་བག་ཆགས་ཤིག་གིས་མཉམ་དུ་བསྡུས་ཤིང་བག་ཆགས་དེའི་དབང་བློས་གཏོང་དང་། འོས་འགན། བསམ་ཤེས་སོགས་ཀྱི་འོག་ཏུ་མི་ཚེ་ཧྲིལ་བུ་མཉམ་འདུག་བྱེད་པའི་འཇིག་རྟེན་ཡ་རབས་ཀྱི་སྤྱོད་ཚུལ་དེ་དག་བསྐྲུན་རྒྱུ་མིན་པར།  རང་དབང་།ཐོབ་ཐང་གླེང་ནས་མི་བུ་ཕོ་མོ་མཐའ་དག་འཇིག་རྟེན་འདིའི་སྟེང་དུ་འདྲ་མཉམ་གྱིས་འཚོ་ཞིང་། འདྲ་མཉམ་གྱིས་འདུག་རྒྱུ་སྟེ། འདྲ་མཉམ་གྱི་རང་དབང་དང་ཐོབ་ཐང་མེད་པའི་སྤྱི་ཚོགས་ཤིག་ནས་མི་བུ་ཕོ་མོ་སུ་ཡིན་རུང་ཡར་འདྲེན་བྱ་རྒྱུར་དམིགས་ཡོད།

 

བདག་གིས་བྲིས་པ་མཐའ་དག་འགྲིག་ཡོད་པའི་ངེས་པ་མེད་ལ་ནོར་ཡོད་པའི་ངེས་པ་དེ་བས་ཀྱང་མེད། རྒྱུ་མཚན་ནི་དང་པོ་བདག་མཁས་པ་ཞིག་དང་མཁས་པའི་མཚན་སྙན་ཡོད་མཁན་མིན་པས་རེད་ལ། གཉིས་པ་ནི་བདག་ཀྱང་མིའི་རིགས་ཤིག་ཡིན་པས་དེའི་མྱོང་ཚོར་ཙམ་བཀོད་པས་རེད།།

                                                                                              རིགས་གྲོལ་གྱི་པོད་ཁུག་ལས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
b80e བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41676314
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1