མགྱོགས་བྲིས་ཁག་འགའ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 19 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» ཁཱ་ཤེས་རབ་རྒྱ་མཚོ། »མགྱོགས་བྲིས་ཁག་འགའ།
མགྱོགས་བྲིས་ཁག་འགའ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2013/8/24ལྟ་ཀློག (1711)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཡུན་རིང་ལ་བསམ་པའི་ཡུལ་དེར་འབྱོར་རྗེས།

ཚེ་རིང་རྡོ་རྗེ།

རྨི་ལམ་དང་འགྲུལ་བཞུད།

ཉིན་མོ་སྟོང་ལ་ཐོས་འཛིན་ཡངས་མོས་ཉན། །

མཚན་བརྒྱའི་ཡུན་ལ་རྨི་ལམ་གསེང་དུ་སྦྲུམ། །

གནས་འདི་བསམ་པའི་སྙིང་ཆུང་འཕར་ལྡིང་རྒོད། །

རེ་བས་འགྲུབ་པས་མཚན་མོའི་གཉིད་ཀྱང་ཡལ། །

 


ཞོགས་པ་དེ་ཡི་ཉི་ཟེར་ལྷག་ཏུ་མཛེས། །

དུས་ཚོད་འདི་ཡི་གོམ་འགྲོས་སྔར་བས་དལ། །

འགྲུལ་སྐྱེལ་རླངས་འཁོར་གོག་མ་ནུད་འགྲོས་ཀྱིས། །

ང་ཡི་གམ་དུ་དབུགས་རིང་འབྲིན་ནས་བསྡད། །

 


ཕ་ཡུལ་ཞེས་པའི་དག་ཞིང་ཡག་པོ་ཞིག །

ཤུལ་དུ་བསྐྱུར་ནས་རེ་བ་རྡོག་པོ་དེ། །

རི་དང་ཀླུང་གིས་སྙིང་ཡང་སྡོམ་པའི་སར། །

རེ་བའི་ས་བོན་ཞིང་ལ་འདེབས་པར་ཐོན། །

གདོང་ལེན།

རིང་དང་ཁང་བརྩེགས་བརྒྱ་བྱིན་གནས་དང་མཉམ། 

སློབ་རའི་མཛེས་སྡུག་སུམ་རྩེན་ཡུལ་ལ་འགྲན། །

བློ་དང་སྤོབས་པའི་མེ་ལྕེ་རབ་འཕྱོ་བའི། །

སློབ་གྲོགས་གསར་བ་དྲུག་ཅུ་རྩ་བདུན་གྱིས། །

རེ་བའི་ཞིང་ལ་སྤོབས་པའི་གཡུར་ཆུ་དྲངས། །

ཡུལ་དྲན་པ།

མདང་དགོང་ཁ་པར་ལམ་ནས། །

ཁྱུང་མཁྱུའི་མཛེས་སྡུག་གླེང་བྱུང་། །

ཡུལ་དེའི་དཔྱིད་ཀ་དྲན་དུས། །

ལུས་འདི་ཁང་བར་བཀག་ཀྱང་། །

སེམས་པ་ཁྱུང་མཆུར་ལྡིང་གི །


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
trjx བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
42042887
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1