བྱམས་པ་དམངས་རྒྱས་ཚོགས་པ་དང་ཁོར་ཡུག་སྲུང་སྐྱོབ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 16 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» ཁོར་ཡུག་སྲུང་སྐྱོབ། »བྱམས་པ་དམངས་རྒྱས་ཚོགས་པ་དང་ཁོར་ཡུག་སྲུང་སྐྱོབ།
བྱམས་པ་དམངས་རྒྱས་ཚོགས་པ་དང་ཁོར་ཡུག་སྲུང་སྐྱོབ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2013/9/3ལྟ་ཀློག (36512)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

 

     ༢༠༡༢ལོའི་སྤྱི་ཟླ་༨པའི་ཚེས་༧ཉིན་མགོ་ལོག་རྨ་ཆེན་རྫོང་གཡོན་གཞུ་སྡེ་བའི་རྒན་པོ་ལོ་༨༦ཅན་གྱི་གཅོད་ལོའི་གཙོས་རང་སྡེ་བའི་ལྷག་བསམ་ཅན་དང་ཤེས་ཡོན་པའི་དཔུང་སྡེ་ཁག་ཅིག་མ་བསྐུལ་དང་བླངས་ཀྱིས་མཉམ་དུ་འདུས་ཏེ་རང་སྡེ་བའི་ཡིག་རྨོངས་སེལ་ཐབས་དང་ཁོར་ཡུག་སྲུང་སྐྱོབ།  ད་དུང་ཁེ་ལས་ཀྱི་སྐོར་ནས་ཅུང་ཟད་སྤྱི་ཚོགས་ལ་ཁ་ཕྱོགས་ཏེ་དཔལ་འབྱོར་བསྒྲུབ་དགོས་པར་གྲོས་འཆམ་བྱུང་སྟེ་གོང་རིམ་ནས་ཆོག་མཆན་ཐོབ་ཡོད། ལོ་རེར་ཐེངས་གཉིས་ལ་དམངས་ཀྱི་ཡིག་རྨོངས་སེལ་རྒྱུ་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་གྲོས་གཞི་བཏོན་ཡོད།  ད་དུང་ཕྱུགས་གསོ་མཉམ་ལས་ཁང་གི་ལས་དོན་མཐའ་འཁྱོལ་བྱེད་རྒྱུ་ཡིན།

ང་ཚོས་རང་གི་ཁོར་ཡུག་རང་གིས་སྲུང་སྐྱོབ་བྱེད་རྒྱུ་ཡིན།

 

ཚོགས་མི་ཡོངས་ཀྱིས་ང་ཚོའི་འཚོ་གཞེས་ཀྱི་ཆེད་དུ་ཁོར་ཡུག་སྲུང་སྐྱོབ་ལ་འབད་འབུངས་བྱེད་བཞིན་ཡོད།

 

གཏེར་ཁ་སྔོག་འདོན་མ་ཡིན་པར་དོན་དངོས་ཀྱིས་འཕྲུལ་རིགས་བེད་སྤྱད་དེ་ཁོར་ཡུག་ཉར་བ།

 

     ལོ་འདི་དག་ལ་གཡོན་གཞུ་སྡེ་བའི་དཔལ་འབྱོར་གོང་འཕེལ་དང་ཤེས་ཡོན་མཐོར་འདེགས་ཀྱི་ལས་ཀར་དམངས་ཡོངས་མཐུན་སྒྲིལ་གྱིས་ལག་རྡང་སྦྲེལ་ཏེ་ཕ་སྐད་གཙང་དག་སྨྲ་བ་དང་བུ་ཕྲུག་སློབ་གྲྭར་སྐྱེལ་བ་སོགས་ལ་ནུས་པ་ཆེན་པོ་ཐོན་ཡོད།

 

      ང་ཚོས་ནུས་པ་ཅི་ཡོད་ཀྱིས་དམངས་ཀྱི་ཡིག་རྨོངས་སེལ་དུ་འཇུག་རྒྱུ་ཡིན། རང་སྡེ་བའི་སློབ་ཆེན་སློབ་མ་ཚོས་དཀའ་ངལ་ལ་མ་འཛེམས་པར་གཡོན་གཞུ་སྡེ་བའི་རྒན་གཞོན་དར་མ་ཡོངས་ལ་རང་ནུས་ཅི་ཡོད་ཀྱིས་སློབ་ཁྲིད་བྱེད་བཞིན་ཡོད།

 

ང་ཚོས་ལོ་ན་རྒན་གཞོན་མེད་པར་རང་སྡེ་བ་ནས་མགོ་བརྩམས་ཏེ་ཡིག་རྨོངས་སེལ་རྒྱུ་ཡིན།

 

      ཤེས་རིག་ནོར་བུའི་སློབ་གླིང་གི་ཁྲིད་དེབ་གཞིར་བཞག་སྟེ་བསླབ་ཚན་རྣམས་བློར་སྐྱོར་བ་དང་རྒྱུགས་ལེན་པ་སོགས་ཤེས་རིག་འཕེལ་རྒྱས་ཀྱི་ཆེད་དུ་ང་ཚོ་བྱམས་པ་དམངས་རྒྱས་ཚོགས་པས་ཞབས་ཏོག་སྒྲུབ་བཞིན་ཡོད།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 3 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
a70d བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན:  སྤེལ་དུས:2013/9/4
ང་ཚོའི་སྡེ་བ་ན་སློབ་ཆེན་པ་རབ་འབྱམས་པ་མང་བོ་ཞིག་ཡོད་ཐལ། ཡིན་ནའང་ཁོ་ཚོས་རང་གི་དཀར་ཡོལ་གྱི་ཆེད་དུ་རྒྱུག་མདུར་ལས་ཚོ་བའི་ཡིག་རྨོངས་སེལ་དགོས་པའི་བཀའ་སློབ་མེད་ཐལ། བཟང་གི རྒྱུན་བསྐྱང་དགོས་ཡ། བུ་རྒོད་ཆ་བོ།
 སྤེལ་མཁན:  སྤེལ་དུས:2013/9/3
བཙན་པོ་མགར་གྱི་དྲ་བའི་ཚེ་སྲོག་བསྐལ་བརྒྱར་གནས་པའི་སྨོན་འདུན་ཡང་ཡང་ཞུས་པ་ལགས།
 སྤེལ་མཁན:  སྤེལ་དུས:2013/9/3
ཚོགས་པ་མང་ནའང་འདི་འདྲ་མཐོང་རྒྱུ་དཀོན་པོ་རེད། རྒྱབ་སྐྱོར་ཡོད།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
41047114
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1