བལ་ཡུལ་ཧིན་དྷི་ཆོས་ལུགས་ཀྱི་དམར་མཆོད་ཆེན་མོའི་སྣང་བརྙན། དམར་མཆོད་ཆེན་མོ་འདི་འདྲ་ལོ་རེར་ཐེངས་རེ་ཡོད་ཅིང་། དེའི་ཉིན་བལ་ཡུལ་གྱི་འབྱོར་ལྡན་པ་ཚོས་གླང་ཁོག་དང་རྔ་མོང་། དེ་འོག་གིས་ར་ལུག རེའུ། ལུ་གུ། དེ་ཕོ། ཆེས་འབྱོར་མེད་ཚོས་སྒོ་ང་བཅོག་པ་སོགས་བྱེད་ནས་རང་ལྷ་ལ་དམར་མཆོད་བྱ་སྲོལ་ཡོད་ཅིང་། མདོར་ན་ཉིན་དེར་བལ་ཡུལ་རྒྱལ་ཡོངས་ནས་དོན་མེད་དུ་སྲོག་ཆགས་འབུམ་ཕྲག་དུ་མས་དམར་མཆོད་ཆེན་མོའི་འཇིགས་སྐྲག་ཉམས་སུ་མྱོང་དགོས་པའི་གནས་སྟངས་ཡ་ང་བ་ཞིག་འདུག ཨ་ཁ་རྨོངས་དད་ཀྱི་ངན་འབྲས་ནི་ངོ་མ་རང་གཞན་གཉིས་ཕུང་དེ་ཅི་ལ་མིན་ཨང་།
དུད་འགྲོ་འདི་དག་སྙིང་མ་རྗེ། དྲྭ་གྲོགས་ཚོས་བསྔོ་སྨོན་རེ་གསུངས་རོགས། ཨོཾ་མ་ཎི་པདྨེ་ཧཱུྃ༔
|