རྟགས་འདི་དག་སྐུར་རྐྱང་མ་རེད།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 10 ཚེས 10 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» སྒྱུ་རྩལ།» སྒྱུ་རྩལ་དང་རྒྱུན་ཤེས། »རྟགས་འདི་དག་སྐུར་རྐྱང་མ་རེད།
རྟགས་འདི་དག་སྐུར་རྐྱང་མ་རེད།
རྩོམ་སྒྲིག་པ།  གསང་བདག སྤེལ་དུས། 2014/2/11ལྟ་ཀློག (36250)རྩོམ་ཁུངས: དྲྭ་བཏུས།པར་འདེབ།

                                 རྨེ་གྲྭ་ཚེ་རིང་བསམ་འགྲུབ།

རྟགས་འདི་དག་གི་མཚོན་དོན་མ་ཤེས་པར་གང་འདོད་དུ་བསྐུར་ན་རང་གི་གྲོགས་པོ་དག་ལ་གོ་འཛོལ་ཕྱིན་ཅི་ལོག་ཐེབས་སྲིད། 

    འོག་གི་རྟགས་འདི་དག་ནི་སྐད་ཆ་དང་ལུས་སེམས་ཀྱི་རྣམ་འགྱུར་མཚོན་བྱེད་ཀྱི་ཚབ་མཚོན་གཟུགས་རེས་རྐྱང་རྐྱང་ཡིན།  ང་ཚོས་རྒྱུན་པར་གྲོགས་པོ་དང་གཉེན་ཉེ་སོགས་ལ་འཕྲིན་ཕྲན་དང་ཡིག་འཕྲིན།  དྲ་ལམ་སོགས་ནས་གྲོགས་པོ་དང་ངོ་ཤེས་ཕན་ཚུན་ལ་ལན་ཕུལ་སྐབས་ཡིག་ལན་སྐུར་བར་སྟབས་མི་བདེ་བའམ་ཡང་ན་ལས་སླ་བོར་བཟོ་བ།    སྐབས་འགར་སྐད་ཆ་འགའ་ཞིག་ཡིག་ལམ་ལས་ཐད་ཀར་སྨྲ་མི་བདེ་བ།   ཡང་ན་ཀུ་རེ་དང་རྩེད་མོའི་རྣམ་པས་བརྡ་ཙམ་གྱིས་བརྗོད་པར་འདོད་ན་ཡང་རྟགས་འདི་དག་སྐུར་ཆོག 

སྐབས་ལན་རེ་སྐད་ཆ་དངོས་སུ་བཤད་པ་ལས་ཀྱང་རྟགས་འདི་དག་གིས་མཚོན་ནུས་དང་ཡིད་འགྱུར་ལ་ནུས་ཤུགས་དང་ཚོར་བ་གསར་བ་ཞིག་འཐོན་སྲིད་པས་རྟགས་འདི་དག་ནི་བརྡ་འཕྲིན་ལམ་ག་ན་མེད་དུ་མི་རུང་བའི་ཕན་ཚུན་གྲོགས་པོ་དག་གི་བར།  མཛའ་བརྩེ་སོགས་མཚོན་བྱེད་དམ་བརྡ་འཕྲིན་སྐྱེལ་མཁན་གྱི་གྲོགས་པོ་ཆུང་ཆུང་ཞིག་ཏུ་ཆགས་ཡོད། 

ཡིན་ནའང་འདི་དག་གི་མཚོན་དོན་མ་ཤེས་པར་གང་འདོད་དུ་བསྐུར་ན་རང་གི་ངོ་ཤེས་དང་གྲོགས་པོ་སོགས་ཕ་རོལ་བོ་ལག་གིས་རང་ལ་གོ་འཛོལ་ངན་པ་ཐེབས་པ་དང་།   ཡང་ན་བརྡ་ལོག་པར་སྤྲོད་པ།  འོས་འཚམ་གྱི་ལན་དུ་མི་འགྲོ་བར་ལན་ལོག་པར་འགྲོ་སྲིད་པས་ངེས་པར་དུ་དང་ཐོག་རྟགས་འདི་དག་གི་མཚོན་དོན་གསལ་བོ་ཞིག་ཤེས་དགོས། 

 

              ༡  སྤྲོ་ཉམས་མཚོན་རྟགས་ཀྱི་སྐོར། 

 

     

ཉིད་ཀྱིས་གྲོགས་པོ་ལ་འཛུམ་མདངས་རྣལ་མ་ཞིག་སྟོན་འདོད་ན་རྟགས་འདི་སྐུར་དང་འཛུམ་མདངས་མཚོན་བྱེད་འདི་ཡིན། 

རྟགས་འདིས་གསར་ཉམས་ཆེ་པོ་ཡོད་པ་དང་ལུས་ལ་ཉམས་རྫིག་པོ་ཡོད་པ་མཚོན།

རྟགས་འདིས་ཅུང་བརྩེ་བའི་ཉམས་ཀྱིས་མ་རབ་སྟེ་པྲ་ཚགས་བྱེད་པའི་རྣམ་པ་མཚོན་ཐུབ།

རྟགས་འདིས་སྙིང་རྗེ་བོ་ཡོད་པ་དང་ཡིད་སྤྲོ་བའི་རྣམ་པ་མངོན་ནས་ཡོད་པ་སྟོན་ཐུབ། 

 

རྟགས་འདིས་ཉམས་རྒྱས་ཏེ་དགའ་བསུ་བྱེད་པ་དང་སྐུལ་མ་གཏོང་གིན་ཡོད་པའང་མཚོན་ཐུབ། 

རྟགས་འདིས་ཁོང་དགོད་བྱེད་པ་སྟེ་མི་གསལ་བའི་རྣམ་པས་གཞན་ལ་འཛུམ་མདངས་རྒྱས་ནས་ཡོད་པ་མཚོན་ཐུབ། 

 

རྟགས་འདིས་རྒྱལ་ཁ་ཐོབ་པ་དང་རླུང་རྟ་དར་ཡོད་པ་མཚོན་ཐུབ།  

 

རྟགས་འདིས་དེ་ལྟར་བྱེད་དང་། འགྲིག་གི་དེ་རེད་འདུག དེ་ལྟར་ཐག་གཅོད་སོགས་མཚོན་ཐུབ། 

   

              ༢  སྐྱོ་ཉམས་མཚོན་རྟགས་ཀྱི་སྐོར། 


རང་ལ་དགའ་སྡུག་གི་ཚོར་འདུ་ཤུགས་ཆེན་ཡོད་པ་དང་གཞན་ལ་མི་ལེགས་པའི་རྣམ་འགྱུར་སོགས་སྟོན་འདོད་ནའང་རྟགས་འདིས་མིག་ཆུ་ཤོར་བ་མཚོན།

 

རྟགས་འདིས་སྡུག་བསྔལ་གྱིས་གདུང་ནས་ངུ་བཞིན་པའམ་སེམས་སྡུག་ཚབ་ཆེན་བྱེད་བཞིན་ཡོད་པ་མཚོན་གྱིན་ཡོད། 

 

རྟགས་འདིས་སེམས་ལ་གློ་བུར་དུ་སྐྱོ་སྣང་བྱུང་ནས་ངུ་ཁ་ལུགས་བཞིན་ཡོད་པ་མཚོན།

 

རྟགས་འདིས་ངོ་ཚ་ནས་མགོ་བོ་ཡར་འདེགས་མི་ཐུབ་པར་ཡོད་པ་མཚོན།  

 

རྟགས་འདིས་རིག་རྟུལ་ཏེ་གླེན་པས་གློས་དགོད་བྱེད་བཞིན་ཡོད་པ་མཚོན་ཐུབ། 

 

རྟགས་འདིས་ནི་སེམས་ངན་འཆང་བཞིན་དགོད་པ་སྟེ་བྱ་ངན་བསྒྲུབ་འདོད་ཀྱིས་དགོད་ཤོར་བ་མཚོན།

 

རྟགས་འདིས་གཞན་ལ་མི་འདོད་པ་བྱུང་བའམ་སེམས་མི་སྐྱིད་པར་ཡོད་པ་ལ་སེམས་གསོ་བྱེད་པ་མཚོན།  

 

རྟགས་འདིས་མ་ཉེས་ཁ་གཡོགས་བྱུང་བའང་བཀའ་ལོག་བྱས་པ་མཚོན་ཐུབ། 

 

རྟགས་འདིས་གོད་ཆག་བྱུང་བའང་མགོ་ལ་ཆག་སྒོ་ཆེན་པོ་བྱུང་ཡོད་པ་མཚོན་ཐུབ།


              ༣  ཡིད་འགྱུར་མཚོན་རྟགས་ཀྱི་སྐོར།


རྟགས་འདིས་དོན་དང་བྱ་བ་གང་ཞིག་དང་སྐད་ཆ་སོགས་ལས་ཡིད་ལ་འགྱུར་བ་ཚད་མེད་བྱུང་བའམ་འགྱུར་བ་འགྲོ་བཞིན་པ་མཚོན་ཐུབ།

རྟགས་འདིས་གཉིད་དུབ་ནས་སེམས་རྨུགས་བཞིན་རིག་པ་རྣལ་དུ་མི་གནས་པར་ཡོད་པ་སྟོན་ཐུབ། 

རྟགས་འདིས་ངོ་མཚར་བའམ་ཧ་ལས་ཧང་སང་དུ་གྱུར་ནས་ཡོད་པ་མཚོན་གྱིན་ཡོད། 

རྟགས་འདིས་ཡིད་སེམས་གཏིང་ནས་ལོག་པ་སྟེ་སྐྱུག་བྲོ་བའམ་ཞེ་ལོག་བཞིན་ཡོད་པ་མཚོན། 

རྟགས་འདིས་ཕོ་བ་ཧ་ཅང་ལྟོགས་ནས་ཟས་ཟ་འདོད་ཆེ་པོ་ཡོད་པ་མཚོན་ཐུབ། 

 

རྟགས་འདིས་ཐང་ཆད་དེ་ངལ་དུབ་བྱུང་ནས་ཧོན་འཐོར་བྱུང་ནས་འདུག་པ་མཚོན་ཐུབ། 

 

རྟགས་འདིས་བྱ་བ་ཅི་ཡང་བསྒྲུབ་རྒྱུ་མེད་པར་ཧ་ཅང་སོས་དལ་ངང་ཁོམ་ནས་བསྡད་ཡོད་པ་མཚོན།  

  

རྟགས་འདིས་འབད་བརྩོན་རི་འདྲ་བ་ཞིག་བྱེད་ཀྱིན་བྱ་བ་ལ་ཧ་ཅང་བྲེལ་ནས་ཡོད་པ་མཚོན་ཐུབ། 


རྟགས་འདིས་དོན་ཅི་ཡིན་མ་གོ་བའམ་ནང་དོན་མ་རྟོགས་པར་དྲི་བཞིན་ཡོད་པ་མཚོན་ཐུབ།  

 

རྟགས་འདིས་འུར་རྒྱག་གིན་མ་འདུག་གམ་ཁ་རོག་གེར་སྡོད་ཅེས་པ་མཚོན་གྱིན་ཡོད། 

 

རྟགས་འདིས་ཅི་ཡིན་འདི་ཡིན་མ་གོ་བར་མགོ་འཁོར་ནས་འདུག་པ་མཚོན་ཐུབ།

རྟགས་འདིས་གཞན་ལ་བསླུ་བྲིད་དང་མགོ་སྐོར་མགོ་གཡོག་གཏོང་བ་མཚོན་གྱིན་ཡོད།


              ༤ འཇིགས་སྣང་མཚོན་རྟགས་ཀྱི་སྐོར།  


  

རྟགས་འདིས་སྐྲག་སློང་བའམ་གཞན་ལ་འཇིགས་སྐུལ་དྲག་པོ་བྱེད་པ་མཚོན། 

  

རྟགས་འདིས་ཁ་ཟུངས་ལ་སྡོད་དང་ཁྱི་ཁ་ཚུམས་ལ་རང་ཚོད་ཟུང་ཞེས་པ་མཚོན། 

 

རྟགས་འདིས་ཞེ་སྡང་དང་ཁོང་ཁྲོ་ལངས་ཏེ་རྣམ་འགྱུར་སྟོན་བཞིན་ཡོད་པ་མཚོན།  

 

རྟགས་འདིས་ཡིན་མདོག་ཆེ་བའང་ང་རྒྱལ་གྱིས་བྲག་རི་ལ་འཛེགས་ནས་ཡོད་པ་མཚོན། 

 

རྟགས་འདིས་འཇིགས་ཤིང་སྐྲག་ནས་ཅི་བྱ་གཏོལ་མེད་དུ་གྱུར་འདུག་པ་མཚོན།

 

རྟགས་འདིས་ལས་གང་ཞིག་འཇིགས་སུ་རུང་བ་ཞིག་ཡིན་པའམ་འཇིགས་སྣང་སྐྱེ་བ་མཚོན་ཐུབ། 

རྟགས་འདིས་ནི་མི་དགའ་བའི་རྣམ་འགྱུར་བཅས་དམོད་མོའམ་སྡིག་མོ་ཚད་མེད་གཏོང་གིན་ཡོད་པ་མཚོན། 

 

རྟགས་འདིས་ཕ་རོལ་བོའི་ནུས་དཔལ་ལ་ངོ་ཡ་མ་ལོན་པར་སེམས་ཚབ་ལངས་ནས་རྔུལ་ཆུ་བཞུར་བ་མཚོན།  

 

རྟགས་འདིས་ཅུང་མི་དགའ་བའི་ཉམས་ཀྱིས་སྡང་མིག་གམ་མིག་ལོག་རྒྱག་བཞིན་པ་མཚོན་གྱིན་ཡོད། 


                        ༥ བརྩེ་བ་མཚོན་རྟགས་ཀྱི་སྐོར།  


    

རྟགས་འདི་རྒྱ་སེའི་མེ་ཏོག་སྟེ་བརྩེ་སེམས་ཁྱད་པར་བ་ཞིག་བཅངས་ཡོད་པ་མཚོན།   འོན་ཏེ་བརྩེ་དུང་ཡིན་པའི་ངེས་པ་མེད། 

 

སྒུར་ནས་ཡོད་པའི་རྟགས་འདིས་བརྩེ་དུང་ལ་བར་ཆད་བྱུང་བ་མཚོན། 

 

སྙིང་རྟགས་འདིས་ཕན་ཚུན་གྱི་བརྩེ་བ་གཏིང་ཟབ་ཅིག་ཡོད་པ་མཚོན།   འོན་ཏེ་བརྩེ་དུང་ཡིན་པའི་ངེས་པ་མེད། 

རྟགས་འདིས་བརྩེ་དུང་གི་དབང་གིས་གདུང་བའམ་སྡུག་བསྔལ་མྱོང་བཞིན་པ་མཚོན། 

 

མཆུ་སྒྲོས་ཀྱི་རྟགས་འདིས་ཐེ་ཚོམས་སྤུ་ཙམ་མེད་པར་འོ་བྱེད་པ་མཚོན་ཐུབ། 

 

རྟགས་འདིས་སྐྱེས་སྐར་ཡིན་པ་དང་སྐྱེས་སྐར་ལ་རྟེན་འབྲེལ་ཞུ་བ་མཚོན་ཐུབ།   

 

རྟགས་འདིས་སྐད་ཆ་མ་བཤད་པར་ང་ཁྱེད་རང་ལ་དགའ་ཞེས་པ་མཚོན་གྱིན་ཡོད།

 

རྟགས་འདིས་སེམས་ཤིན་ཏུ་མཐུན་པ་ལ་དགའ་བོའི་རྣམ་པ་སྟེ་འོ་བྱེད་པ་མཚོན་གྱིན་ཡོད། 

རྟགས་འདིས་ནི་གཞན་ལ་ཆགས་པ་སྐྱེས་པའང་འདོད་ཆགས་དྲག་པོ་འཕེལ་བཞིན་ཡོད་པ་མཚོན་ཐུབ། 

རྟགས་འདིས་ནི་ཕན་ཚུན་འབྲལ་སྐབས་ཀྱི་སྐད་ཆ་ཐ་མ་ཞིག་སྟེ།   བདེ་མོ། ཚེ་རིང་། སླར་མཇལ་སོགས་མཚོན་ཐུབ། 

    

འདི་དག་ནི་ཚིག་ཇ་དང་།  ནུབ་སིལ་ཟ་མ་སྦི་རག  ལག་སྐྱེས་བཅས་ཡིན་པས་གཞན་ལ་དངོས་པོ་སྟེར་བ་དང་འདྲ་བས་སྐབས་ཐོབ་ཀྱིས་བསྐུར་ན་དེ་བཞིན་རང་རང་གི་དངོན་པོ་ལྟར་དོན་སྣ་ཚོགས་མཚོན་ཐུབ།  

   

འདི་དག་ནི་དྲྭ་འཕེན་ལྒང་ལི་དང་རྐང་རྩེད་སྤོ་ལོ་ཐག་ཐག་སྤོ་ལོ་བཅས་ཀྱིས་ཀྱང་རང་རང་གི་དངོས་པོ་དང་རྩེད་མོ་སོགས་སྐབས་དོན་གྱི་དོན་སྣ་ཚོགས་མཚོན་ཐུབ། 


              ༦  བརྡ་སྟོན་མཚོན་རྟགས་ཀྱི་སྐོར། 


རྟགས་འདིས་གླེན་པ་དང་རྨོངས་པ་གཏི་མུག་ལ་དགའ་མཁན་ཡིན་པ་དག་མཚོན་གྱིན་འདུག  

 

རྟགས་འདིས་དེ་མ་རེད་ཅེས་པ་དང་མི་འགྲིག་གི་མི་དགོས་སོགས་མཚོན་ཐུབ།   

 

རྟགས་འདི་གཉིས་ཀྱིས་ཉིན་གར་དང་མཚན་མོ་མཚོན་གྱིན་ཡོད་པ་མ་ཟད་མར་གཟིམས་དང་ཡང་སྦྱོངས་ཀྱི་སྐད་ཆ་དག་ཀྱང་ཤུགས་ལ་མཚོན་ཐུབ།  

     

རྟགས་འདི་དག་ནི།   ཚོན་གྲི  འགད་རྫས།  གྲི སྐྱག་པ།  སྲིན་འབུ།  གཅར་རྡུང་གི་རྣམ་པ་བཅས་ཡིན་པས་སྤྱིར་སོ་སོའི་གཟུགས་རིས་ལྟར་ཕ་རོལ་བོ་ལ་རྣམ་འགྱུར་མ་རུང་བ་སྣ་ཚོགས་སྟོན་པ་མཚོན་པ་དང་།   བར་ལན་རེ་མ་རབ་པྲ་ཚགས་བྱེད་པར་ཡང་སྐུར་ཆོག  

 

    རྟགས་འདི་དག་གི་གསལ་བཤད་ནི་གོ་དོན་སྤྱི་ཁྱབ་པ་ཙམ་གྱི་སྟེང་ནས་བཤད་པ་ཡིན་གྱི་གཏན་ཁེལ་བ་མིན།   གཙོ་བོ་རང་རང་གི་སྐབས་ཐོབ་བསྐུར་ཡུལ་གྱི་མི་དག་མི་འདྲ་བ་དང་། དེ་དག་ལ་འབྲེལ་བའང་མི་འདྲ་བའི་དབང་གིས་གོ་དོན་ཀྱང་སྣ་ཚོགས་ཚོགས་ཤིག་མཚོན་པའི་ནུས་པ་མངོན་གསལ་དུ་ཡོད་པ་ཤེས་དགོས།  


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
2yq5 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: དྷཱི་ཡིག སྤེལ་དུས:2019/9/12
རྟགས་འདི་གསལ་བོ་འཆར་མི་ནུས་ཀི
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
45432568
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1