ཐ་མ་ཁའི་ཉེས་སྐྱོན་མདོ་ཙམ་བརྗོད་པ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 7 ཚེས 27 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» འཕྲོད་བསྟེན། འཛེམ་བྱ། »ཐ་མ་ཁའི་ཉེས་སྐྱོན་མདོ་ཙམ་བརྗོད་པ།
ཐ་མ་ཁའི་ཉེས་སྐྱོན་མདོ་ཙམ་བརྗོད་པ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2014/2/20ལྟ་ཀློག (17920)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ལོག་པའི་རྫས་ངན་ཐ་མ་ཁའི་ཉེས་སྐྱོན་མདོ་ཙམ་བརྗོད་པ་གཟུར་གནས་དགྱེས་པའི་འཛུམ་དཀར།

       གླིང་བ་བྱང་རིག་ཁོས།

དེང་གི་དུས་སུ་རྒན་གཞོན་ཚོས། །

ཐ་མ་ཁ་འདི་ལོངས་སུ་སྤྱོད། །

འདོད་ཡོན་ཀུན་གྱི་ཐ་མ་དེ། །

འབྲལ་མེད་ལུས་ལ་བཅངས་པ་དང་། །

ཁ་དང་སྣ་ལས་ཕྱིར་བུད་པར། །

མཛེས་པའི་རྣམ་འགྱུར་ཞིག་ཏུ་སེམས། །

དེ་ལྟར་མ་ཡིན་བློ་གསལ་ཚོགས། །

སངས་རྒྱས་མྱ་ངན་འདས་ནས་ལོ། །

བརྒྱ་ཙམ་ཞིག་གི་བར་སྐབས་སུ། །

མ་རུང་བདུད་མོ་ཆགས་ལྡན་ཞིག །

སྐྱེས་པའི་མངལ་ཁྲག་ས་ལ་ལྷུང་། །

བསམ་སྦྱོར་ངན་པའི་བདེན་མཐུ་ཡིས། །

ཐ་མ་ཁ་འདི་སྐྱེས་པ་ཡིན། །

ལོངས་སུ་སྤྱོད་པའི་མི་རྣམས་ལ། །

ནད་མུག་འཁྲུགས་རྩོད་མི་དགེ་འབྱུང་། །

དྲན་ཤེས་མི་གསལ་བརྗེད་ངེས་ཆེ། །

རླུང་མཁྲིས་བད་ཀན་གསུམ་ཀ་འཕེལ། །

དུས་མིན་བར་ཆད་ནད་ཀྱིས་འཆི། །

རྩ་སྒོ་ཐམས་ཅད་འགག་པར་བྱེད། །

འཁོར་རྒྱུགས་གཅོད་པའི་བཀག་རྡོ་ཉིད། །

གློ་སྦུབས་དུ་བས་འགག་པ་ན། །

རྒྱུན་དུ་ལུ་ལ་ལུས་སྟོབས་འཆོར། །

གཟུགས་བྱད་ཁད་ཀྱིས་སྐེམ་པ་དང་། །

མི་འདོད་མྱ་ངན་དུཿཁས་གཟིར། །

སེམས་ལས་ཆེ་ཞིང་འདོད་ཆགས་འཕེལ། །

གཉིད་མི་ཁུག་ལ་ཟ་ཟི་མང་། །

ཁྲག་གི་རྒྱུ་ལམ་འགག་པ་ན། །

ཀླད་གཟེར་རྒྱག་ལ་ངུ་འབོད་འབྱིན། །

སྐབས་འགར་དགའ་ལ་སྐབས་འགར་སྡུག། །

ཚབས་ཆེན་བརྒྱལ་ལྐུག་སྨྱོ་འབོག་འབྱུང་། །

ཕུགས་ཀྱི་འདུན་མ་གཏོར་བྱེད་རྒྱུ། །

དགེ་བ་རྩད་ནས་འཇོམས་བྱེད་ཟས། །

ལྷ་ཀླུ་གཉན་གསུམ་བརྒྱལ་བྱེད་རྫས། །

འགོས་བའི་ལྷ་ལྔ་འབྲལ་བྱེད་དུག །

སྨོན་ལམ་ངན་པའི་དམ་རྫས་འདི། །

ཟས་སྐོམ་གང་ལའང་མི་ཕན་ཅིང་། །

མ་རུང་ལས་ཀྱི་གཡབ་མོ་ཡིན། །

ཐར་མེད་ངན་འགྲོའི་སྣ་འདྲེན་ཡིན། །

སྔོན་བྱོན་ལོ་པཎ་མཁས་གྲུབ་དང་། །

དེང་རབས་ཚན་རིག་ཆེད་མཁས་ཀྱིས། །

དེ་ལ་དམོད་ཚིག་ཆར་ལྟར་ཕབས། །

སྔོན་ཐོན་ཚན་རིག་རྒྱལ་ཁབ་ཀྱིས། །

འགྲོ་བའི་ཚེ་སྲོག་གཅོད་བྱེད་རྫས། །

ཡིན་པར་ཤེས་ཏེ་རྩ་ནས་དོར། །

མ་ཤེས་བླུན་རྨོངས་ཆད་པས་བཅད། །

དེ་ལྟར་བྱས་པས་རྣམ་དཀར་དགེས། །

རྒྱལ་ཁབ་སྲིད་འབྱོར་རིག་གསུམ་དར། །

གང་ཟག་བློ་ཁ་འཕེལ་བ་དང་། །

རྟག་ཏུ་ཚན་རིག་ལམ་ལ་ཆས། །

མ་རྨོངས་སྐྱེ་བོས་ས་སྟེང་གང་། །

བཀྲ་ཤིས་ལོ་ལེགས་བདེ་སྐྱིད་འབྱུང་། །

རང་གཞན་ཐམས་ཅད་ཕོངས་བྱེད་པའི། །

རྫས་ངན་དུག་ལྟར་རྩ་དོར་ནས། །

ཀུན་ལ་གཅེས་པའི་ཚེ་སྲོག་ལ། །

གཅེས་སྤྲས་ལེགས་པོ་བྱེད་པ་གལ། །

ཕན་གཏམ་འདི་ལ་འབྲས་ཡོད་མཛོད།།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
0wo3 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
44175733
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1