ལས་འབྲས་ནི་ཅུང་ཟད་བསླུ་བ་མེད་དོ།།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 18 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» ཆོས་ལུགས།» རྒྱུན་ཤེས། ཆོས་སྤྱོད། »ལས་འབྲས་ནི་ཅུང་ཟད་བསླུ་བ་མེད་དོ།།
ལས་འབྲས་ནི་ཅུང་ཟད་བསླུ་བ་མེད་དོ།།
རྩོམ་སྒྲིག་པ།  གསང་བདག སྤེལ་དུས། 2014/3/16ལྟ་ཀློག (6879)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

                      བཛྲ་ཚུལ་ཁྲིམས་རྒྱ་མཚོས་བསྒྱུར་བསྒྲིགས་བྱས་པའོ།།

    མིང་ལ་ཧོ་བུའུ་ཏཱི་ཟེར་ཞིང་ཤིན་ཏུ་དབུལ་བའི་་སློབ་གྲྭ་ཆེན་མོ་བ་ཞིག་ཡོད། ཁོས་སློབ་ཡོན་སྤྲོད་པའི་ཕྱིར་དུ་དུད་ཁྱིམ་རེ་རེ་བཞིན་ཚོང་ཟོག་འགྲེམ་སྤེལ་བྱས།  དགོང་ཁར་ཐོན་པ་ན།རང་ཉིད་ལྟོ་བ་ཧ་ཅང་ལྟོགས་པ་ཞིག་བྱུང་ཡང་གློ་ཁུག་ནང་དུ་དངུལ་ཉུང་ངུ་ཞིག་ལས་མེད་པས་སྲང་ལམ་ནས་ཡུན་རིང་གི་བར་ཐེ་ཚོམ་གྱི་ངང་ཕར་འགྲོ་ཚུར་འགྲོ་བྱས་མཐར་སྤོབས་པ་ཆེར་བསྐྱེད་དེ་ཁྱིམ་ཚང་ཞིག་གི་སྒོ་བརྡུང་སྟེ་བཟའ་རྒྱུ་ཞིག་སློང་གྲབས་བྱས་སོ།།

     ཡིན་ན་ཡང་བྱད་བཞིན་མཛེས་ཤིང་ལྟ་མ་སྡུག་པའི་བུ་མོ་གཞོན་ནུ་མ་ཞིག་གིས་སྒོ་ཕྱེ་བ་ན། ཁོའི་སྤོབས་པ་ཉམས་པར་གྱུར་སོང་། ཁོས་ཟས་སློང་མ་ཕོད་པར་ཆུ་ཕོར་གང་སློང་ངོ་།།བུ་མོ་དེས་ཁོ་ཧ་ཅང་བཀྲེས་ཤིང་ལྟོགས་པའི་ཉམས་མཐོང་སྟེ་འོ་གསར་ཕོར་བ་ཆེས་ཆེར་གང་བ་ཞིག་བཏེགས་འོངས་ནས་ཁོ་ལ་སྤྲད། ཁོས་དལ་བུས་འཐུངཚར་རྗེས། ངས་ཁྱེད་ལ་སྒོར་དུ་ཙམ་སྤྲད་དགོས་ཞེས་དྲིས། ཡིན་ནའང་བུ་མོ་ལན་དུ་འདི་ལྟར། ཁྱོད་ཀྱིས་ང་ལ་དངུལ་སྐར་གང་ཡང་མི་ཆད། ཨ་མས་ང་ལ་དོན་བཟང་བསྒྲུབ་ན་ལན་ལ་མ་རེ་ཟེར་ཀི  

     ཁོས་དྲིན་དུ་ཚོར་བའི་སེམས་པའི་ཀློང་ནས་བུ་མོ་དེ་ལ་གུས་ཕྱག་ཤིན་ཏུ་ཟབ་མོ་ཞིག་ཕུལ་ཏེ། བཅོས་མིན་སེམས་ཀྱི་གཏིང་ནས་འདི་ལྟར་བཤད།  འོ་ན་ངས་ཁྱེད་ལ་སྙིང་རུས་པའི་གཏིང་ནས་བཀའ་དྲིན་ཆེ་ཞུས་པ་ཡིན།

ཧོ་བུའུ་ཏཱི་དེ་དང་་གྱེས་ནས་འགྲོ་དུས། རང་གི་སྣང་བར་དབུགས་དང་སྟོབས་ཤུགས་སྔར་ལས་ཇེ་ཆེར་སོང་བར་མ་ཟད།  མི་ཚེའི་ཡིད་བརྟན་ཡང་སྔར་ལས་གོང་འཕེལ་དུ་སོང་བ་ལྟ་བུའི་ཉམས་ཤིག་ཤར་རོ།།དེ་མིན་ན་ཕལ་ཆེར་ཁོ་རང་ཡིད་ཆད་ནས་ཡོད་ཚད་འཕྲོ་བཤོལ་བའི་གྲབས་བྱེད་བཞིན་ཡོད།

     ལོ་བཅུའི་རྗེས་སུ་བུ་མོ་དེ་ལ་ན་ཚ་ཧ་ཅང་ལྕི་མོ་ཞིག་གིས་ཐེབས།  ས་གནས་དེ་ཀའི་སྨན་པ་ཚོར་ཐབས་ཡོངས་སུ་ཟད།  མཇུག་མཐར་བུ་མོའི་གཉེན་ཉེ་རྣམས་ཀྱིས་མོ་གྲོངཁྱེར་ཆེན་པོ་ཞིག་ཏུ་ཁྲིད་དེ་ཆེད་མཁས་པར་ངོས་ཟིན་དཀའ་བའི་ནད་དེར་བརྟག་དཔྱད་བྱེད་པའི་སྟ་གོན་བྱས།  ཁོ་ཚོའི་གཙོ་བཅོས་སྨན་པ་དེ་ནི་འབུམ་རམས་པ་ཞིག་རེད།  ཁོས་ནད་པ་ལྗིད་མོ་ཞིག་ཡོང་ཡོད་པ་ཐོས་འཕྲལ་མྱུར་བར་ནད་པ་འདུག་སའི་ཁང་བའི་ནང་དུ་བལྟ་རུ་ཕྱིན། ཁོས་ནད་པ་མཐོང་ཚེ་གློ་བུར་དུ་ཡ་མཚན་པའི་མིག་མདངས་ཤིག་དབང་མེད་དུ་མངོན་བྱུང་། དེ་ནས་ནུས་ཤུགས་ཡོད་རྒུ་བཏོན་ནས་མོའི་ཚེ་སྲོག་སྐྱོབ་རྒྱུའི་སེམས་ཐག་བཅད། ཉིན་དེ་ནས་བཟུང་ཁོས་བུད་མེད་དེའི་ནད་ཀྱི་གནས་ཚུལ་ལ་ཆེད་དུ་བལྟ་བརྟག་བྱས་ཤིང་དེའི་སྐོར་གྱི་ཡིག་ཆ་ཡོད་རྒུར་བལྟ་ཀློག་བྱས་པར་མ་ཟད། འཛམ་གླིང་གི་ལས་རིགས་གཅིག་པ་ཡོངས་ལ་འཕྲིན་ལམ་ནས་འདྲི་བརྟག་བྱས། མི་བཟང་ལ་དངོས་གནས་ལས་བཟང་གིས་མི་བསླུ་བར་འདུག སྨན་པ་འབུམ་རམས་པ་འདིས་ཞུམ་མེད་ཀྱི་འབད་བརྩོན་ལ་བརྟེན་ནས་མོ་འཆི་ལམ་ནས་བསྐྱབས་ཏེ་འཆི་བདག་ལས་རྒྱལ་བར་གྱུར་ཏོ།།

     མཇུག་མཐར་རིན་འགོད་ཁང་གིས་སྨན་ཁང་ནས་སྒོར་འབུད་པའི་ཐོ་ཡིག་སྨན་པའི་ལག་ཏུ་བསྐོར་ཏེ་ཁོར་མིང་རྟགས་འགོད་དུ་བཅུག  སྨན་པས་ཀྱང་ཞིབ་ལྟ་ཞིག་བྱས་ཤིང་ཐོ་ཡིག་གི་གཤམ་དུ་ཡི་གེ་འགའ་བྲིས་ནས་བུད་མེད་དེའི་ནད་ཁང་དུ་བརྒྱུད་སྤྲོད་བྱས། 

      མོས་ཚེ་གང་བོར་སྨན་རིན་འཇལ་དགོས་པར་གོ་ར་མ་ཆག་གོ་སྙམ་དུ་ཐོ་ཡིག་ལ་བལྟ་མ་ཕོད་པར་ཡུད་ཙམ་ལུས།  དེ་ནས་ཐོ་ཡིག་ཁ་ཕྱེས་ཚེ་གཤམ་དུ་་ཡི་གེ་འདི་ལྟར་བྲིས་ཡོད་པ་མིག་ལམ་དུ་མངོན་བྱུང་། འོ་མ་གསར་བ་ཕོར་གང་བོ་དེས་སྨན་ཡོན་འདི་ཡོངས་རྫོགས་དོད་ཐུབ་པོ། མིང་རྟགས་འགོད་མཁན།  སྨན་པ་ཧོ་བུའུ་ཏཱི།མ་གཞི་སྨན་པ་འབུམ་རམས་པ་འདི་ནི།  སྔོན་ཀྱི་སློབ་མ་དབུལ་བོ་དེ་ཡིན་པར་འདུག་གོ  མོས་འདི་དག་མཐོང་ཚེ། མིག་ཟུང་མཆི་མས་གང་ཞིང་། སེམས་པ་དྲིན་ཤེས་དང་སེམས་འགུལ་གྱིས་ཡོངས་ཁེངས་སོ།།

     དང་བོ།  རེ་བ།  ཁྱེད་ཅག་གིས་བྱུང་བ་འདི་བཀླགས་རྗེས་ཤེས་དགོས་པ་གཅིག་ནི། ལན་ལ་ཧམ་སེམས་བཅིངས་པས་ལན་ཐོབ་པར་ངེས་པ་མེད་པ་དང་། ལན་ལ་མ་བལྟོས་པས་ལན་མེད་པར་མི་འགྱུར་བའི་གནས་ལུགས་དེ་ཡིན་།

གཉིས་པ། ཁྱེད་ལ་འདམ་ང་གཉིས་ཡོད།༼༡༽ཁྱོད་ཀྱིས་རྩོམ་ཡིག་འདི་བཀླགས་རྗེས་གཞན་དག་ལ་མུ་མཐུད་དུ་བརྒྱུད་བསྒྲགས་བྱས་ཏེ། འཇིག་རྟེན་འདིར་བརྩེ་སེམས་གཅིག་གིས་ཇེ་མང་དུ་གཏོང་རོགས།༼༢༽ཁྱེད་ཀྱིས་གཏན་མ་མཐོང་བ་ལྟར་གཏན་ནས་ཁ་ཡ་བྱེད་མི་དགོས། འདིའི་མིང་ལ་བརྩེ་སེམས་གཞན་ལ་བཏང་བས་བརྩེ་ལན་ཕྱིར་ལ་འཁོར་ཡོང་། བསོད་ནམས་ཕར་ལ་སྦྱིན་པས་བདེ་སྐྱིད་ཚུར་ལ་སླེབས་ཡོང་ཟེར་བ་ཡིན་ནོ།།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
nkcq བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
42015947
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1