འཇིག་རྟེན་མི་ཆོས་ཀྱི་ལམ་སྟོན་པ་ཁུང་ཙི།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 19 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» མི་སྣ།» འཛམ་གླིང་མཁས་དབང་། »འཇིག་རྟེན་མི་ཆོས་ཀྱི་ལམ་སྟོན་པ་ཁུང་ཙི།
འཇིག་རྟེན་མི་ཆོས་ཀྱི་ལམ་སྟོན་པ་ཁུང་ཙི།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2014/3/20ལྟ་ཀློག (27573)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

       འཇིག་རྟེན་མི་ཆོས་ཀྱི་ལམ་སྟོན་པ་ཁུང་ཙི་ནི་འཛམ་གླིང་སྟེང་གི་སྔོན་བྱོན་སྐྱེས་མཆོག་རྣམ་བཞིའི་ཡ་གྱལ་དུ་འཛམ་གླིང་ལ་གྲགས་ཡོད་པ་ཡིན། ཁུང་ཙི།  孔子

       རྒྱ་ནག་གི་དམ་པ་ཁུང་ཙི་ནི་སྤྱི་ལོ་སྔོན་གྱི་ལོ ༥༥༡-༤༧༩ བར་དུ་རྒྱ་ནག་གི་བྱང་ཤར་ད་ལྟའི་ཧྲན་དོང་ནཱན་ཤེན་དུ་འཁྲུངས།         

  ཁོང་ལོ་གསུམ་གྱི་སྟེང་ནས་ཕ་ཚེ་ལས་འདས་ནས་ཁྱིམ་ཚང་དབུལ་ཕོང་གི་འཚོ་བའི་འོག་ཨ་མའི་ཁོ་བསྐྱངས་ནས་ནར་སོན་པ་རེད། ཁོ་ཆུང་དུས་སུ་སྐབས་དེའི་ཡུལ་མིའི་གུས་སྲོལ་ལམ་ལུགས་ཀྱི་རྣམ་པ་གཞིར་བྱས་ནས་རྩེད་ཆས་སྣ་ཚོགས་བཟོས་ཏེ་རྩེད་རྒྱུ་ཧ་ཅང་དགའ་བོ་ཡོད་པ་དང་། ཆུང་དུས་ནས་སྤྱང་གྲུང་འཛོམས་ཤིང་བརྩོན་འགྲུས་ཆེ་བ། སློབ་སྦྱོང་ལ་དུངས་ཞེན་ཟབ་པས་རིམ་བཞིན་ཤེས་རྒྱ་ཆེ་བའི་མི་ཞིག་གི་གཞི་རྐང་ཆགས།         

  ས་དེ་གའི་ཡུལ་མི་ཚོས་ཁོ་ལ་རེ་བ་མཐོ་རུ་བཟུང་སྟེ་ཁོང་ལོ ༡༥ ཐོག་ཏུ་སྡེ་དཔོན་དུ་མཛད།   དགུང་ལོ ༥༡ གི་སྐབས་ཁུལ་དཔོན་དང་ཞིང་ཆེན་གྱི་དཔོན་པོ་སོགས་ཀྱི་གོ་གནས་ཀྱང་རིམ་བཞིན་འཛིན་མྱོང་བ་རེད།   དགུང་ལོ་དྲུག་ཅུ་རེ་གསུམ་ལོར་རྒྱུ་རྐྱེན་གང་མང་གི་དབང་གིས་ཕྱིར་ལུའོ་རྒྱལ་ཁབ་དུ་ཕེབས་ནས་ཆབ་སྲིད་བསྐྱངས་པ་དང་། ཁོང་ནི་བསམ་བློ་བ། དུས་རབས་དེའི་སྐབས་ཀྱི་ཆེའི་ཚད་མཐོ་བའི་སློབ་གསོ་བ། ཆབ་སྲིད་པ།  རོའུ་ལུགས་སྲོལ་བཏོད་མཁན།  ཁོང་གི་བསམ་བློའི་ཉིང་བཅུད་ནི་བྱམས་བརྩེ། ཕན་སེམས། གུས་སྲོལ། ཤེས་རབ། ཡིད་རྟོན་བཅས་དོན་ཚན་ལྔའམ།   རྒྱལ་བོ་དང་བདག་པོ་སོགས་ལ་བློ་ཐུབ་པ། ཕ་མའི་དྲིན་བསམ་པ། འབངས་ལ་བྱམས་བརྩེས་སྐྱོང་བ། མཛངས་པའི་ལུགས་སྲོལ་ལ་གུས་བརྩི་བྱེད་པ།  བྱ་སྤྱོད་གང་ལ་ཡང་ཤེས་རབ་གྱིས་དཔྱོད་དགོས་པ།ཡིད་ཆེས་དམ་ཚིག་བརྟན་པ། ཞི་བདེ་མཛའ་མཐུན་བྱེད་པ་སོགས་ཁོང་གི་གསུང་སྒྲོས་དག་དོན་ཚན་བདུན་དང་ཡི་གེ་བརྒྱད་དུ་བསྡུ་ཚུལ་སོགས་ཀྱང་ཡོད། ཁུང་ཙིའི་ལྟ་སྤྱོད་ཀྱི་གནད་འགག་དབུ་མའི་ལམ་ཡིན་པས་བསམ་བློ་ཡི་ཁྱབ་ཁོངས་ལ་འཛམ་གླིང་གི་མིས་གདེངས་འཇོག་ཐོབ་ཡོད་པ་ཡིན། ཁོང་གིས་སློབ་མ་སྟོང་ཕྲག་ལྷག་བསྐྱངས་ཤིང་འཛམ་གླིང་ལ་སྐད་གྲགས་ཆེ་བའི་རྒྱ་ནག་གི་ཆེས་མིང་དུ་གྲགས་པའི་སྔོན་བྱོན་གྱི་དམ་པ་ཉག་ཅིག་ཡིན།         

  མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཛམ་གླིང་སྟེང་གི་མཁས་པ་མི་བཅུའི་གྲས་སུ་བདམས་ཡོད་པ་དང་།  ད་དུང་སངས་རྒྱས་ཆོས་ལུགས་ཀྱི་སྟོན་པ་ཤཱཀྱ་ཐུབ་པ་དང་། དབྱི་སི་ལན་ཆོས་ལུགས་ཀྱི་སྟོན་པ་མ་ཧཱ་མད་ཏི། ཡེ་ཤུའི་ཆོས་ལུགས་ཀྱི་སྟོན་པ་ཡེ་ཤུ་མ་ཤི་ཀ འཇིག་རྟེན་མི་ཆོས་ཀྱི་ལམ་སྟོན་པ་ཁུང་ཙི་རྣམ་བཞི་ནི་འཛམ་གླིང་སྟེང་གི་སྐྱེས་མཆོག་རྣམ་བཞི་ཞེས་འཛམ་གླིང་ལ་གྲགས་ཆེ་བ་ཡིན།  ཁོང་གི་བརྩམས་ཆོས་ཆེ་ཆུང་མི་འདྲ་བ་དྲུག་ཙམ་ཡོད་པར་མངོན།         

       རིག་གསར་སྐབས་རྒྱ་ནག་གི་གསར་རྗེར་ཁ་གཡར་མཁན་སྐོར་ཅིག་གི་སྣེ་ཁྲིད་འོག་ཁུང་ཙིའི་བསམ་བློ་དང་རིག་གཞུང་བརྩམས་ཆོས་ལྷ་ཁང་སོགས་ལ། བསམ་བློ་རྙིང་བ་ཆོས་ལུགས་རྙིང་བས་སྐྱོན་བརྗོད་འོག་སྒེག་པ་བྱུང་ནས་བསམ་ཡུལ་ལས་འདས་པའི་གཏོར་བརླགས་ཐེབས།   ཡིན་ནའང་ཅང་མ་འགོར་བར་ལོ་རབས་བརྒྱད་ཅུ་པ་ནས་སླར་ཡང་རྩ་ཆེན་དུ་ངོས་ཟིན་ཐོབ་ནས་འཛམ་གླིང་ཧྲིལ་བོའི་གདེང་འཇོག་བྱ་ཡུལ་དུ་གྱུར། དེ་ནས་ཁོང་གི་ལྷ་ཁང་བསྐྱར་གསོ་དང་རིག་གཞུང་སློབ་པའི་གཞི་ཚུགས།  ད་སྐབས་རྒྱ་ནག་ནང་ཁུལ་དུ་ཁོང་གི་བསམ་བློ་དང་རིག་གཞུང་གསུང་སྒྲོས་སོགས་སློབ་གྲྭ་ཁག་སོ་སོའི་ཁྲིད་གཞི་རུ་གྱུར་ཡོད་པ་དང་།  ༢༠༡༣ ལོའི་བསྡོམས་རྩིས་ལྟར་ན་འཛམ་གླིང་གི་རྒྱལ་ཁབ༡༢༠ ལྷག་ན་ཁོང་གི་རིག་གཞུང་ཆེད་སྦྱོང་སློབ་གྲྭ ༤༤༠ དང་ཆེད་བཙུགས་སློབ་གནས ༦༤༦ དང་ཞིབ་འཇུག་ལྟེ་གནས་ཀྱང་མང་དུ་བཙུགས་ཏེ་འཛམ་གླིང་ལ་ཁོང་གི་སློབ་གསོའི་གསོན་ཤུགས་རྒྱས་ནས་ཧ་ཅང་འཕེལ་རྒྱས་འགྲོ་བཞིན་ཡོད།       

     རྒྱ་ནག་གི་ས་ཆ་ག་ས་གང་དུ་ཁུང་ཙིའི་ལྷ་ཁང་མང་དུ་བཞེངས་ཡོད་པ་དང་། ཁོང་གི་འདྲ་སྐུ་དང་ལྡེབ་རིས་རྗེས་དྲན་རྡོ་རིང་སོགས་ཧ་ཅང་མང་པོ་ཡོད།  དེས་ན་ཁོང་ནི་དད་པ་ཅན་གྱི་མི་ཞིག་གི་མིག་ལམ་ན་ལྷ་དང་ཡང་ན་སངས་རྒྱས་བྱང་སེམས།  ཞིབ་འཇུག་པ་ཞིག་གི་མིག་ལམ་ན་ཆེད་མཁས་པ་དང་རླབས་ཆེན་མི་སྣ་སོགས་ཀྱི་མིང་བྱང་འཁུར་མཁན་གྱི་འཇོན་ཐང་ལྡན་པའི་དུས་རབས་ཀྱི་མཚན་མཚོན་མི་སྣ་ཞིག་ཡིན།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
oldr བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41130138
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1