ཇོ་ནང་དོལ་བོ་བ་ཤེས་རབ་རྒྱལ་མཚན་གྱི་གདན་ས་ངོ་སྤྲོད།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 18 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» ཆོས་ལུགས།» དགོན་སྡེ་ངོ་སྤྲོད། »ཇོ་ནང་དོལ་བོ་བ་ཤེས་རབ་རྒྱལ་མཚན་གྱི་གདན་ས་ངོ་སྤྲོད།
ཇོ་ནང་དོལ་བོ་བ་ཤེས་རབ་རྒྱལ་མཚན་གྱི་གདན་ས་ངོ་སྤྲོད།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2014/3/22ལྟ་ཀློག (4760)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཇོ་ནང་དོལ་བོ་བ་ཤེས་རབ་རྒྱལ་མཚན་གྱི་གདན་ས་འདི་ནི་གཞིས་ཀ་རྩེའི་མངའ་ཁོངས་ལྷ་རྩེ་རྫོང་དུ་ཡོད།


རྩི་ནང་དབྱིངས་རིག


   འདི་ནི་བདག་ཅག་གི་སྟོན་པ་རྒྱལ་བ་ཤཱཀྱ་ཐུབ་པས་མདོ་རྔ་བོ་ཆེ་དང་།  གཙུག་ཏོར་རྣམ་པར་རྒྱལ་མའི་རྒྱུད་སོགས་སུ་རྡོ་རྗེའི་ལུང་གིས་ཡང་ཡང་བསྔགས་པའི་ཚད་མའི་སྐྱེས་བུ་དམ་པ༧ཀུན་མཁྱེན་དོལ་པོ་མཆོག་གིས། ངེས་དོན་ཆོས་ཀྱི་དུང་ཆེན་འབུད་ས་དང་། ངེས་དོན་ཆོས་ཀྱི་དར་ཆེན་འཕྱར་ས།  ངེས་དོན་ཆོས་ཀྱི་རྒྱལ་རྔ་བརྡུངས་སའི་ཇོ་ནང་བསྟན་པའི་འབྱུང་གནས་བྱང་ཕྱོགས་ཤམ་བྷ་ལ་གཉིས་པ་ནགས་རྒྱལ་དབེན་པའི་རི་ཁྲོད་ཆེན་པོ་རེད།
  འདི་ནི་ཇོ་ནང་ཀུན་མཁྱེན་ཆེན་པོའི་དངོས་སློབ་ཉེ་གནས་སངས་རྒྱས་རིན་ཆེན་སོགས་ཀྱིས་ཟབ་ལམ་སྦྱོར་དྲུག་བསྒོམས་ཏེའོད་གསལ་རྟགས་སྣང་ཉམས་ཀྱིས་རི་ལུང་གང་སྟེ།  འཕར་གཡོའི་ཀི་རིང་འདེབས་ས་རེད།  
   འདི་ནི་ཉ་དབོན་ཀུན་དགའ་དཔལ་བཟང་གིས་ཀུན་རྫོབ་འཁོར་བའི་གྲོང་ནག་བསྐྱུར་ཏེ།  དོན་དམ་ཡེ་ཤེས་རྒྱལ་ས་ནས་བདེ་སྟོང་ཉམས་ཀྱི་ཆང་གིས་བཟི་སྟེ།   རྡོ་རྗེའི་གླུ་དབྱངས་གྱེར་སའི་གླུ་ཡི་གར་སྟེགས་ཆེན་མོ་རེད།
   འདི་ནི་ཇོ་ནང་ཕྱོགས་ལས་རྣམ་རྒྱལ་གྱིས་ཀུན་གཞིའི་རྣམ་ཤེས་ཀྱི་སྟོད་ཕུར་བྱང་ནས་རིག་པ་བརྗེན་པར་ལྷང་ལ་བུད་དེ། སྤྲོས་པ་ཐམས་ཅད་དང་བྲལ་བའི་སྤྲོས་མེད་རིག་པའི་དོན་ལ་ཁོ་ཐག་ནང་ནས་ཆོད་སའི་ནགས་རྒྱལ་དབེན་པའི་ལུང་བ་རེད།
   འདི་ནི་མཚལ་མིན་པ་བསོད་ནམས་བཟང་བོའི་དགོངས་པ་ཀློང་ནས་བརྡོལ་ཞིང་།    མགྲིན་པའི་རྩ་མདུད་གྲོལ། སྣང་སྲིད་དཔེ་ཆར་ཤར་ཏེ་ལེགས་བཤད་འདོམ་གྱིས་འཇལ་ས་རེད།
   འདི་ནི་ས་བཟང་མ་ཏི་མཆོག་གི་རིག་པ་བརྟུལ་ཞུགས་ལ་སྤྱོད་ནས་རི་བྲག་སོགས་ལ་ཟང་ཐལ་དུ་བྱོན་ཞིང་།  སྣང་བ་ཉམས་ཀྱིས་འུར་ཏེ་རྡོ་རྗེའི་བྲོ་གར་འཁྲབ་སའི་བྲོ་ར་རེད།
   འདི་ནི་ཇོ་ནང་ཀུན་མཁྱེན་ཆེན་པོའི་རང་འདྲའི་བུ་སློབ་དག་ལ་སྦྱོར་བ་ཡན་ལག་དྲུག་གི་ཡན་ལག་སོ་སོའི་ཉམས་རྟོགས་ཐད་གར་རྫོགས་ཉིན། ཐུགས་དགྱེས་པའི་རྡོ་རྗེའི་ཚོགས་མཆོད་བཅག་སའི་མཆོད་ཁྲི་རེད།
  འདི་ནི་ཇོ་ནང་བ་དག་གིས་མེ་ཏོག་ལྷ་བབས་ཀྱི་ལྷ་སྐལ་ཀུན་མཁྱེན་བླ་མའི་གདན་ས་དད་པའི་ཐལ་མོ་སྦྱར་ས་དང་།  གུས་པའི་མེ་ཏོག་མཆོད་སའི་ཚོགས་ཞིང་ཐང་ག་རེད།

2014/3/15


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
pmes བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
42012629
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1