རྨོག་རིའི་འགོ་བ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 29 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» དམངས་སྲོལ།» གནའ་གཏམ་དང་སྒྲུང་། »རྨོག་རིའི་འགོ་བ།
རྨོག་རིའི་འགོ་བ།
རྩོམ་སྒྲིག་པ།  གསང་བདག སྤེལ་དུས། 2014/3/27ལྟ་ཀློག (5877)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

རྨོག་རི་ཞེས་བ་ནི་སྔོན་གྱི་ཚོ་ཆུང་ཞིག་གི་མིང་ཡིན་ལ། འདིའི་འགོ་བ་ནི་མི་དམངས་ལ་བྱམས་ཤིང་འབངས་ཀྱི་འཚོ་བ་ཇེ་རྒྱས་སུ་འགྲོ་བར་བསམ་པ་ཡར་སེམས་ཆེ་བའི་མི་ཞིག་ཡིན།  ཉིན་ཞིག་རྨོག་རིའི་དཔོན་དམག“ཆུ་ཝ་མ་”ཞེས་པའི་ས་དེར་དམག་བསྐྱོད་ནས་བུ་མོ་མཛངས་མ་ཞིག་བཙོན་དུ་ཁྲིད་པ་དེའི་རང་བློར་ཤར་ཚོད་ཀྱིས་རྨོག་རིའི་འགོ་བར་བསྟོད་པ་བྱས་པ་དང་དམངས་ཁྲོད་དུ་དར་བ་དེ་འདིར་བཀོད་པའོ།།

བཙོན་མོ་ལོ་ཉི་ཤུ་ཟིན་པའི་སྐབས་སུ་སྤེན་མའི་ཐང་ཆེན་ཞེས་པའི་ས་ཆར་ནོར་རྫི་བྱེད་བཞིན་ཡོད་པ་དང་། དེར་འདུས་ཀྱི་རྫི་བོ་ཚོས་མཉམ་དུ་འགྱིག་འདེད་བཞིན་ཡོད་པའི་སྐབས་རྨོག་རིའི་དཔུང་དམག་སླེབས་པ།

ང་ལོ་ཚོད་ཉི་ཤུའི་ནང་ལ།།

ས་མིང་ཆེན་སྤེན་མའི་ཐང་གི།

ནག་མོ་ནོར་གི་རྫོའུ༼རྫི་བོ༽ཡིན།།

ཁ་རྩེད་མོས་འུར་ཞིག་རྒྱབ་ནི།།

རྡོ་གཡའ་མ་ས་ནས་རྒུམ་ནི།།

རིས་ཟུར་བཞི་མ་ཞིག་བྲིས་ནི།།

ངས་རྡོ་དཀར་རྡོ་ནག་བཤད་ནི།།

མགོ་འདུ་འདུ་འགྱིག་ལ་འདུས་ནས།།

ནག་ཧྲིག་ཧྲིག་རྩེ་མོ་རྩེད་ནི།།

རྡོ་གཡའ་མའི་འགྱིག་ཅིག་གཏད་ནི།།

ས་གྲགས་ཅན་སྤེན་མའི་ཐང་ལ།།

མིག་ཁྲ་ཆུང་ལྟ་ཟུར་ཞིག་གིས།།

དམག་སྐྱ་རྟ་ཚུར་ཡོང་རིག་གི།

སྡེ་ཟམ་ཚྭའི་དཔའ་དམག་ཐོན་ལ།།

དམག་ཆ་ཆ་དགུང་གི་སྐར་མ།།

ཁྱོད་ཕྲུག་ནམ་ལངས་སྐར་རྒྱན།།

དཔོན་མིང་ཆེན་རྨོག་རིའི་འགོ་བ།།

སྐྱ་དྲུག་ཅུའི་མགོ་བདག་བྱས་ནས།།

སྟག་དར་མ་ནགས་ནས་བུད་འདྲ།།

འབྲོང་བྲེ་སེར་རྫ་ནས་ཐོན་འདྲ།།

དགྲ་སྙིང་རྗེ་མེད་པའི་དམག་གིས།།

མོའི་གཅུང་ཆུང་རྒྱལ་ལོའི་ཐོག་ལ།།

མཚོན་མུ་ཟུ་ཤུགས་རྡེབས་བྱེད་ཀི།

ང་སྙོམས་ཆུང་བུ་མོའི་ཐོག་ལ།།

རྡོ་གཡའ་མའི་ཆར་ཞིག་འབབ་ཀི།།

ཟོག་ནོར་མོ་ལམ་ལ་དེད་ནས།།

བུ་དཔའ་བོས་དཔུང་འདོམས་བྱས་ཏེ།།

མཚོན་མུ་ཟུ་རྩེ་མོ་རབ་སེ།།

སྐེ་འདྲ་རྒྱུ་ཟེར་ནས་ཚད་ཐལ།།

མིག་ཕུག་རྒྱུ་ཟེར་ནས་ཚད་ཐལ།།

འདོ་པོ་ལོའི་ཞོན་ཟུར་བསྐོར་གི།

ང་བུ་མོ་པང་ལ་བཟུང་ཐལ།།

འདིའི་ན་ཟླའི་འགྲོགས་རོགས་གན་ཚོས།།

ང་མ་འགྲོ་ཕྱིར་འགྲོ་ཟེར་རུང་།།

ཕྱིར་འགྲོ་རྒྱུའི་རང་དབང་མེད་ཀི།

ངས་བྲེལ་མོས་མགོ་བོ་རྒྱས་ནས།།

ངས་དལ་མོས་ཕྱིར་བལྟས་བྱས་དུས།།

ངའི་ཆུང་འདྲིས་བུ་མོ་གན་ཚོས།།

ལྷ་བླ་མར་གསོལ་བ་འདེབས་ཀི།

ནག་གྱི་ལེར་མུན་མགོ་འཐིབས་ཐལ།།

ཟོག་ནོར་མོ་སྔ་ཆད་གཞུག་ལུས།།

སྐྱ་གྱི་ལེ་ནམ་མཁའ་སངས་དུས།།

སེར་གྱི་ལེ་ཉི་མ་ཤར་ཐལ།།

ས་རྟགས་ཆེན་ཀ་ཆུ་ཁ་རེད།།

དམག་ཆ་ཆས་བསྐོར་འབབ་བྱེད་ཀི།

ཁྲ་ལ་མེར་སྒར་ཞིག་རྒྱག་གི།

བསང་ཆེན་པོ་དགུང་ལ་མཆོད་ཀི།

ཇ་བསང་བུས་ཆབ་ཅིག་འདྲེན་གི།

ཨ་ཡུལ་ལྷ་ཟེར་ནས་འབོད་ཀི།

ར་ཆེ་བོས་དམར་བསང་ཕུད་ཐལ།

ཤ་ཆ་ཚང་བགོས་ར་བྱས་ནས།།

ཇ་གཡུ་དམར་དལ་བསྐོལ་བྱེད་ཀི།

ཁ་རྩེད་མོས་འུར་ཞིག་རྒྱག་གི།

མོ་བཙོན་ཕྲུག་ཇ་འཐུང་ཟེར་གི།

ཇ་འཐུང་འདོད་ཡིད་ན་མ་ཟད།།

ང་བུ་མོའི་མིག་མཐའ་ཆར་རེད།།

ཆར་ཟམ་ཟིམ་བབས་ནས་སུས་ཤེས།།

མོ་བཙོན་ཕྲུག་ཤ་ཟོ་ཟེར་གི།

ཤ་ཟ་འདོད་ཡིད་ལ་མ་ཟད།།

ངའི་སེམས་རྩ་གངས་རིའི་སྨུག་རེད།།

སྨུག་ལང་ལོང་འཐིབས་པ་སུས་ཤེས།།

དཔོན་མིང་ཆེན་རྨོག་རིའི་འགོ་བ།།

དཔོན་ཁྱོད་ཀའི་བསྟོད་པ་བཤད་ན།།

ཁྱོད་ཞོན་པ་ར་སྔོན་ཤྭ་རེད།།

དྲེའུ་ཞིག་གི་མགོ་རྣ་འབྱར་ཡོད།།

རྟའི་ཐོད་པའི་གདོང་བའི་ཐོག་ལ།།

དངུལ་དཀར་པོའི་སྲབ་ཅིག་བཞག་ཡོད།།

རྟ་ཤམ་དཀར་རྩིབ་གུའི་སྒུར་ལ།།

ཕྲུག་ཐེར་མའི་སྒ་ཞིག་བསྟད་ཡོད།།

རྟའི་དྲུག་ཆེན་ལྷ་ཁང་ཐོག་ལ།།

གཟིག་ཐིག་ལེ་རྨེད་ཅིག་རྒྱབ་ཡོད།།

ཁྱོད་ཞོན་རྒྱུའི་འདོ་བ་གན་རེད།

རྟ་ཕྱོགས་ཀི་བསྟོད་པ་དུ་རེད།།

མི་ཁྱོད་ཀྱི་བསྟོད་པ་བཤད་ན།།

ཁྱོས་འཁུར་རྒྱུ་ཁྲ་རིང་རྭ་གཉིས།།

འཕངས་བཏང་ན་དགུང་གི་ཐོག་རེད།།

བཙོང་དང་ན་འབྲི་མོ་དགུ་རེད།།

ཁྱོད་མགོ་རྒྱན་ཝ་མདར་ཞྭ་རེད།།

དེའི་ཕྱི་མ་གོས་ཆེན་འཁོར་ལོ།།

དེའི་ནང་མ་ཕྱིང་བལ་དཀར་པོ།།

དེའི་ཡན་གི་མགོ་རྒྱན་མི་དགོས།།

ཁྱོད་ལུས་རྒྱན་མ་མོའི་དྲུག་རྩག།

ཁ་གོང་ཆུང་གཟིག་གིས་རྒྱན་ཡོད།།

གཟིག་ཚ་རུས་ཤོམ་འཇོག་བྱས་ཡོད།།

དེའི་ཐོག་གཡོག་ཁུ་ལང་ནག་པོ།།

དེའི་འདབས་ཀ་སྲམ་གིས་རྒྱན་ཡོད།།

སྲམ་སྤྱི་མོས་ཇ་འཇོག་བྱས་ཡོད།།

དེའི་ཡན་གི་ཤོམ་གོས་མི་དགོས།།

ཁྱོད་རྐང་རྒྱན་འོ་ར་མཐིལ་དྲུག།

དེའི་ཕྱི་རྒྱན་འབྲོང་ཀོ་སྨུག་པོ།།

དེའི་ནང་རྒྱན་འབའ་དཀར་ཕྱིང་བུ།།

དེའི་ཡན་གི་རྐང་རྒྱན་མི་དགོས།།

ཁྱོད་འཁུར་རྒྱུ་པུ་ར་ལེན་དྲང་།།

ཁྱོད་དཀྱུས་རྒྱུ་མདའ་དམར་ལི་རེད།།

འཐབ་དང་ན་དམར་ཡག་སྟག་རེད།།

བཤད་དང་ན་སྲིད་པའི་སྒྲུང་རེད།།

དཔོན་ཁྱེད་ལ་འཛོམས་ནོ་དེ་རེད།།

མོ་དེ་ནས་ཐུར་ཡོང་དུས།།

གན་རྫ་རི་བྲག་ལ་མཉམ་ཡོད།།

འདིའི་མདུན་རི་བྲག་དམར་རང་བྱུང་།།

འདིའི་རྒྱབ་རི་དར་ཚོན་སྣ་ལྔ།།

ཁྱོའི་ཡུལ་ལྷ་ཨ་མྱེས་བཀག་བཟོད།།

འདིའི་བསང་རྩི་ཁ་བ་འབབ་འབབ།།

འདིའི་བསང་མར་རྦབ་རྡོ་འགྲིལ་འགྲིལ།།

དཔོན་ཁྱེད་ཀྱིས་དད་ལོག་མ་བྱེད།།

དེའི་ཡན་གི་མགོན་སྐྱོབ་མེད་ཀི།

དེའི་ཡན་གི་ཡུལ་ལྷ་མེད་ཀི།

མོ་དེ་ནས་ཐུར་ལ་ཐོན་ཐལ།།

གན་རྫ་རི་བྲག་ལ་ཟུག་ཡོད།།

ངའི་སེམས་པའི་དྭངས་འཐིབས་མིན་ན།།

འདིའི་བྲག་ཆ་རྣ་ལ་གནོད་ཀི།

སྡེ་ཡག་པ་མ་ལྤགས་རྒྱལ་ནོ།།

དར་དཀར་པོའི་ཡོལ་བ་འཐེན་འདྲ།།

མོས་ཚུར་ལ་གང་རེད་འདི་དུས།།

ཁྱོད་དམག་རིའི་འགོ་བ་ཚང་རེད།།

དགུང་ཨ་སྔོན་རྨོག་རིའི་འགོ་བ།།

ཁྱོད་ཁ་ལས་འབྲུག་སྒྲ་གྲགས་གྲགས།།

ཁྱོད་འཕྲིན་ལས་སྦྲང་ཆར་འབབ་འབབ།།

འབྲུག་གྲགས་ན་ཀུན་གྱིས་ལོས་གོ།།

ཆར་བབས་ནས་ཀུན་གྱིས་ལོས་ཚོར།།

ཁྱོད་ཚེ་རྟེན་ཇ་བཟའ་ཨ་བན།།

ཁ་ཕར་འཁོར་གཞུག་ནས་བལྟས་ན།།

དེའི་རལ་མགོ་གཡུ་དང་བྱུ་རུ།།

དེའི་རལ་སྐེད་དངུལ་དཀར་ཐུ་ཝི།།

དེའི་རལ་རྔ་ཟུར་དམར་ཅ་ལ།།

ཁ་ཚུར་འཁོར་སྔུན་ནས་བལྟས་ན།།

ཁྱོད་བྲང་ཁའི་མེ་ལོང་དཀྱིལ་ལ།།

དངུལ་དཀར་པོའི་ཤིང་ལོ་བྲིས་ཡོད།།

ཤིང་རི་མོ་བྲིས་བའི་ཐོག་ལ།།

གཡུ་བྱུ་རུའི་ད་རུ་འཁྱིལ་ཡོད།།

གན་ད་རུ་འཁྱིལ་བའི་དཀྱུས་ན།།

སྐེད་ཕྲ་ནོ་རྣམ་རྒྱལ་བུམ་པ།།

ལུས་ཕྲ་མོས་ས་གཞི་གནན་ཡོད།།

དེ་ལོས་ཡིན་སྒྲོལ་མའི་སྐུ་རེད།།

སྐྲ་མ་གནོག་ལྗང་ལོའི་འདབས་ན།།

མིག་ཁྲ་ཆུང་ཆ་ག་ཅན་མ།།

ཀ་གུག་གིས་བྲིས་ནས་ལོས་ཡིན།།

ཁྱོད་དུང་སོ་སུམ་ཅུའི་ཁ་ནས།།

ཚིག་བཤད་ནོ་རྗེ་བཙུན་མགུར་མ།།

དེ་ལོས་ཡིན་སྒྲོལ་མའི་སྐུ་རེད།།

ཁྱོའི་ཡ་ནོར་རྟ་ཡིས་བཀང་ཡོད།།

རྒྱེའུ་རྒྱ་མོའི་མགོ་རྣ་ཤིགས་སེ།།

དེའི་མི་ཚད་རྟེའུ་ཆུང་ཤིགས་སེ།།

ཁྱོད་མདོ་བཞི་ནོར་གྱིས་བཀང་ཡོད།།

འབྲི་ཐུལ་མའི་ར་ཁ་ཤིགས་སེ།།

དེའི་མི་ཚད་བེའུ་ཆུང་ཤིགས་སེ།།

ཁྱོའི་བར་ནང་ལུག་གིས་བཀང་ཡོད།།

འབའ་ཚེར་མོའི་ཁ་ཆུ་ཤིགས་སེ།།

དེའི་མི་ཚད་ལུག་ཕྲན་ཤིགས་སེ།།

ལུས་བུ་ཆུང་མེད་ལ་སྨྲེང་གི།

སེམས་མི་འགྱུར་དད་པ་བྱས་ནས།།

ལྷ་དཀོན་མཆོག་གསུམ་པིའ་མདུན་ནས།།

ཚིག་མི་འགྱུར་སྐྱབས་འཇུག་ཞུས་ཐལ།།

ལག་མི་ཆད་མཆོད་མེ་བཞག་ལ།།

བུ་རེ་ཡི་གཟུང་རེ་འབུད་མོ།།

བཟའ་ཆེ་རྒྱུད་ཆོས་ལ་འགྱུར་ཤོག།

ཆོས་གང་གང་དཔེ་ཆ་འབྲི་དགོས།།

བཟའ་ཆུང་རྒྱུད་དཔོན་ལ་འགྱུར་ཤོག།

དཔོན་ཆེན་པོའི་རྒྱལ་ཐོབ་འཛིན་དགོས།།

སྟོབས་མངའ་ཐང་ལོས་སྤྱོད་དར་དགོས།།

ཕྱི་ཚེ་རབས་དབང་ཐང་དར་དགོས།།

ནག་གྱི་ལེ་མུན་འགོ་རུབ་དུས།།

བཟའ་ཆེ་ཆུང་གོ་ཁར་འདུས་ཐལ།།

བཟའ་ཇ་ཡག་ཇ་འཆམ་ཞིག་རེད།།

བཟའ་ཇ་ཡག་ཁྱིམ་ལ་ཚོགས་རུང་།།

མཉམ་གཅིག་ལ་མི་མཐུན་རྒྱུ་བོ།།

ཇ་མི་འཆམ་ལྷ་རོ་གླེན་མ།།

མོ་སྙོམས་ཆུང་བུ་མོའི་ཐོག་ལ།།

ཚིག་ཟུར་རྡོ་ཟུར་རྒྱག་རྒྱག།

ཚིག་ཐུང་རྡོ་ཐུང་འཕེན་འཕེན།།

ཇ་༡  ཅན་གང་འཐུང་རོགས་ཞིག་ལ།།

འཛེ་ཐེངས་མ་ཆ་གཅིག་འཕར་གི།

ཁྱོད་གླ་རྩག་ལྷན་པ་དགུ་བརྩེགས།།

ཁྱོད་ཡ་རྒྱུའི་ཕུག་ལ་མ་འགྲོ།

ཕུག་གི་དགྲ་ལྷར་གནོད་འགྲོ།།

ཁྱོད་མ་རྒྱུའི་ཕུག་ལ་མ་འགྲོ།

ཁྱོད་ཕུག་གི་ཐབ་ལྷར་གནོད་འགྲོ།

ཁྱོད་གླ་ཅན་དཀར་ཡོལ་གང་བོ།།

རྫོགས་མ་དུང་ཕོབ་ལ་བཞག་ད།།

དོན་མ་འཆུག་ནི་བོ་དུ་རེད།།

ཁྱོའི་ཡ་ཁ་གསེར་གྱིས་རྡུང་ཡོད།།

ཁྱོད་མ་ཁ་ཟངས་མས་རྡུང་ཡོད།།

གསེར་ཟངས་མ་གཉིས་ཀྱི་བར་ནས།།

འཁང་དུག་འདྲ་འཕེན་གི་མ་འདུག།

དུ་མ་བྱེད་ལྷ་རོ་གླེན་མོ།།

དཔོན་བྱེད་ས་རྙེད་ལ་མ་དགོས།།

གཡོག་བྱེད་ས་རྙེད་ནི་མ་རེད།།

ཚིག་འབྲུ་དྲུག་འབྲས་བུ་གསུམ་པོ།།

དུས་རྒྱུན་དུ་བཤད་ཀི་བསྡད་ན།།

དཔོན་ཁྱེད་ཀྱི་ཐུགས་ལ་མ་གནོད།།

                    <<བོད་ཀྱི་ངག་རྒྱུན་གཏམ་རྒྱུད་ཕྱོགས་བསྒྲིགས>>ལས་བཤུས།

གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
c92g བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན:  སྤེལ་དུས:2014/3/28
ངག་རྩོམ་ཡག་པོ་རེད་རེད།རྨོག་རུའི་འགོ་བ་ཟེར་བ་སྔོན་ཆད་ཁུལ་གང་དང་རྫོང་གང་གི་ས་ཆར་སྐྱེས་པ་བྲིས་མི་གསལ
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
41446335
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1