དཔལ་ས་སྐྱའི་ཆོས་མཛོད་ལེགས་གྲུབ་ཀྱི་མཛད་སྒོ་བསྡུས་པ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 17 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» ཆོས་ལུགས།» དགོན་སྡེའི་གསར་འགྱུར། »དཔལ་ས་སྐྱའི་ཆོས་མཛོད་ལེགས་གྲུབ་ཀྱི་མཛད་སྒོ་བསྡུས་པ།
དཔལ་ས་སྐྱའི་ཆོས་མཛོད་ལེགས་གྲུབ་ཀྱི་མཛད་སྒོ་བསྡུས་པ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2014/4/1ལྟ་ཀློག (4726)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

དཔལ་ས་སྐྱའི་ཆོས་མཛོད་ལེགས་གྲུབ་ཀྱི་མཛད་སྒོ།

ཁྲོཾ་ལྗོངས་མཁན་པོ་འཇམ་དབྱངས་ཡོན་ཏན་རྒྱ་མཚོ་ལགས་ཀྱིས་གསུང་བཤད་གནང་འདུག

སྨིན་དབུས་པོ།

      བོད་རབ་བྱུང་བཅུ་བདུན་ཤིང་རྟ་ལོའི་ཟླ་བ་དང་པོའི་གནམ་གང་སྤྱི་ལོ་༢༠༡༤ལོའི་ཟླ་གསུམ་པའི་ཚེས་༣༠ཉིན། སི་ཁྲོན་ཁྲིན་ཏུའུ་བོད་ཁྲོམ་གྱི་ཛཾ་བྷ་ལའི་གསོལ་སྟོན་གླིང་ནས། ལྷག་བསམ་དང་སྙིང་སྟོབས་ཀྱི་ཕྱུག་པའི་ཁྲོཾ་ལྗོངས་མཁན་པོ་འཇམ་དབྱངས་ཡོན་ཏན་རྒྱ་མཚོ་ལགས་ཀྱིས་སྤྱི་ལོ་ཉིས་སྟོང་དགུ་ལོ་ནས་བཟུང་ལོ་ངོ་ཧྲིལ་བོ་དྲུག་གི་རིང་། དཀའ་ངལ་དང་གནོན་ཤུགས་ཀྱི་བརྒྱུད་རིམ་མང་པོ་གདོང་གིས་བསུས་ཏེ་འབད་པ་བརྒྱ་ཕྲག་གིས་གཉེར་བའི་སི་ཁྲོན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་ཞེས་འཐུས་སྒོ་ཚང་བའི་དཔེ་རྙིང་སྲུང་སྐྱོབ་ཁང་ཞིག་དབུ་བརྙེས་པར་བྱས་ཤིང་། བོད་དར་གྲུབ་མཐའ་རིས་མེད་ཀྱི་དཔེ་རྙིང་པོད་གྲངས་ཁྲི་ཕྲག་གཉིས་ལྷག་བསྡུས་ཏེ། ༡ གངས་ཅན་རིག་མཛོད། ༢ བྲིས་པོད་གཅེས་བསྡུས། ༣ ཐར་ལམ་གསལ་སྒྲོན། ༤ ཁྲོཾ་ལྗོངས་གནའ་རབས་དཔེ་ཚོགས། ༥ ཐུན་མོང་རིག་མཛོད། ༦ ས་སྐྱའི་ཆོས་མཛོད། ༧ བྱང་ཆུབ་ལམ་སྒྲོན། ༨ དཔེ་དཀོན་གཅེས་བཏུས། ༩ འཇིག་རྟེན་མིག ༡༠ རིག་ནོར་གཅེས་བཏུས། ༡༡ ཡང་དར་བསྟན་པའི་གསོས་སྨན་ཞེས་དཔེ་ཚོགས་ཆེན་མོ་ཁག་བཅུ་གཅིག་གི་ནང་དུ་ཚུད་པར་བྱས་ཤིང་། བོད་ལྗོངས་དང་སི་ཁྲོན་སོགས་མི་རིགས་པར་སྐྲུན་ཁང་སོ་སོ་ནས་ཚད་ལྡན་དུ་བསྐྲུན་ཏེ་རྒྱ་ཆེའི་དཔེ་ཀློག་པ་རྣམ་པའི་སྤྱན་ལམ་དུ་ཕུལ་དང་འབུལ་བཞིན་པའི་ནང་ཚན། དཔེ་ཚོགས་ཁག་དྲུག་པ་༼དཔལ་ས་སྐྱའི་ཆོས་མཛོད་ཆེན་མོ་ཐེངས་དང་པོ་ལེགས་གྲུབ་ཀྱི་མཛད་སྒོ༽སྔ་མོའི་ཆུ་ཚོད་༩པའི་སྟེང་ཟབ་རྒྱས་ངང་བསྡུས་སོང་། 

       མཛད་སྒོ་འདིའི་སྟེང་དུ་གདན་ཞུས་སྐུ་མགྲོན་གཙོ་བོ།  སི་ཁྲོན་ཞིང་ཆེན་དཔེ་མཛོད་ཁང་། སི་ཁྲོན་ཞིང་ཆེན་གནའ་རྫས་སྲུང་སྐྱོབ་ལྟེ་གནས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། སི་ཁྲོན་བཀའ་བསྟན་དཔེ་བསྡུར་ཁང་། སི་ཁྲོན་ཅ་ཁྲོང་པར་འདེབས་འགན་འཁྲི་སྤྱི་གཉེར་ཁང་། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་གངས་ཅན་གཙུག་ལག་ནོར་བུའི་ཕོ་བྲང་། ཨ་རི་བོད་ཀྱི་ནང་བསྟན་ལྟེ་གནས། ས་སྐྱའི་དཔེ་རྙིང་བསྡུ་སྒྲིག་ཁང་། ཡ་ཆེན་སྔ་འགྱུར་དཔེ་ཚོགས་ཁང་།ཁྲིན་ཏུའི་མེ་ཏོག་དཀར་པོའི་པར་སྒྲིག་ཁང་། ལེགས་སྨོན་རི་མོའི་སྒྱུ་རྩལ་ཁང་། སི་ཁྲོན་གྲངས་ཉུང་མི་རིགས་འཕྲོད་བསྟེན་དར་སྐུལ་ཚོགས་པ། རྫོང་སར་བོད་སྨན་ཁང་། མདོ་ཁམས་སྡེ་དགེ་དགོན་ཆེན་གྱི་བཤད་གྲྭ། རྔ་ཡུལ་དྷཱི་ཕུ་དགོན། སྔ་འགྱུར་རྫོགས་ཆེན་དགོན་པ། དགེ་རྩེ་གྲ་ལག་དགོན། མགོ་ལོག་ལྕམ་མདའ་དགོན། སྔ་ཡུལ་སྣང་ཞིག་དགོན། སྡེ་དགེ་འཁོར་མདོ་དགོན། ཁྲོཾ་རྡོ་ཁོ་དགོན་སོགས་ཀྱི་དབུ་ཁྲིན་དང་།  ཚོགས་གཙོ། མཁན་པོ། སྤྲུལ་སྐུ།  ལས་སྣེ། ལྷག་བསམ་ཅན་གྱི་སྒེར་གཉེར་ཚོང་དཔོན་སོགས་བོད་མདོ་དབུས་ཁམས་གསུམ་ནས་ཕེབས་པའི་འབྲེལ་ཡོད་མི་སྣ་བརྒྱ་ཕྲག་གིས་གྲུབ་ཡོད་པར་མ་ཟད། ད་དུང་མཁས་དབང་གཟན་དཀར་ཐུབ་བསྟན་ཉི་མ་མཆོག་དང་། མཁན་ཆེན་ཚུལ་ཁྲིམས་བློ་གྲོས། སི་ཁྲོན་ཞིང་ཆེན་རིག་གནས་ཁང་གི་དབུ་ཁྲིད་ཚེ་པོ་སོགས་ཀྱིས་ཆེད་མངག་གི་སྐུ་ཚབ་ཀྱང་འདུག 

       མཛད་སྒོ་འདིའི་ཚོགས་ཁང་གི་ཕྱི་ནང་ཡོངས་ཐུན་མིན་བོད་ལུགས་མཛེས་སྤྲོས་ཀྱིས་ཡོངས་སུ་རྒྱན་ཡོད་པར་མ་ཟད། འཚོགས་སྟེགས་སུ་ཚོགས་མི་རེ་རེའི་མདུན་དུ་བཀྲ་ཤིས་པའི་ཞོ་སར་དཀར་ཡོལ་གང་རེའི་སོལ་སྟོན་བསྒྲིགས་ཡོད་པ་སོགས་བོད་ཀྱི་སྲོལ་རྒྱུན་རྟེན་འབྲེལ་གྱི་སྒོ་འཕར་སླར་གསོའི་ཐད་སྔར་མེད་ཀྱི་རྣམ་པ་གསར་བ་རེ་མངོན་པར་བྱས་ཡོད་འདུག་པ་ནི་ཤིན་ཏུ་ཉམས་སྤྲོ་བའི་གནས་ཤིག་གོ། 

     མཛད་སྒོའི་ལས་རིམ་དང་པོ། མདོ་འཛིན་པས་དཔལ་ས་སྐྱའི་ཆོས་མཛོད་ཆེན་མོ་བརྩེ་ཆེན་བསྟན་པའི་མཛེས་རྒྱན་ཡིད་འཕྲོག་ནོར་བུའི་ཕྲེང་བའི་མཛད་སྒོའི་སྟེང་གདན་ཞུས་སྐུ་མགྲོན་རྣམ་པ་རེ་རེ་བཞིན་ངོ་སྤྲོད་མཛད། 

     ལས་རིམ་གཉིས་པ། དཔེ་སྒྲིག་ཁང་གི་དབུ་གཙོ་མཁན་འཇམ་དབྱངས་ཡོན་ཏན་རྒྱ་མཚོ་ལགས་ཀྱིས་དབུ་མཛད་དེ་བསྟན་འགྲོའི་ཕན་བདེ་རྒྱས་པའི་སྨོན་ལམ་རྣམ་པར་དག་པས་མདུན་བསུས།  སྡེ་དགེ་དགོན་ཆེན་གྱི་མཁན་པོ་སྐལ་ལྡན་སོགས་མཁན་པོ་རྣམ་པས་ཕྱག་ཏུ་དཔལ་འབར་བསྣམས་ཏེ། ཆོས་མཛོད་ཆེན་མོའི་མདུན་དུ་མ་རིག་པའི་མུན་པ་སེལ་བའི་མར་མེའི་མཆོད་ཕྲེང་འོད་སྟོང་ལྡན་པ་སྒྲོན་པའི་མཛད་སྒོ་སྤེལ།

      ལས་རིམ་གསུམ་པ། ཆོས་མཛོད་ཆེན་མོ་གཙོ་སྐྲུན་སྡེ་ཁག་གི་ལས་སྒྲུབ་མི་སྣས། བོད་བརྒྱ་དབྱིན་གསུམ་གྱི་སྐད་ཀྱིས་དཔལ་ས་སྐྱའི་ཆོས་མཛོད་ཆེན་མོའི་སྒྲིག་རིམ་བཞུགས་བྱང་ངོ་སྤྲོད་མཛད། 

      ལས་རིམ་བཞི་བ། དཔེ་རྙིང་བསྡུ་སྒྲིག་ཁང་གི་ལས་སྒྲུབ་ན་གཞོན་ཕོ་མོའི་མེ་ཏོག་གི་མཆོད་སྤྲིན་དང་སྦྲེལ། ཚོགས་གཙོ་མཁན་འཇམ་དབྱངས་ཡོན་ཏན་རྒྱ་མཚོ་ལགས་དང་། དགོན་ཆེན་མཁན་པོ་སྐལ་ལྡན་རྣམ་པ་གཉིས་ཀྱིས་དཔེ་ཚོགས་ཆེན་མོའི་ཞལ་ཕྱེ་བའི་མཛད་སྒོ། 

      ལས་རིམ་ལྔ་བ། དཔེ་སྒྲིག་ཁང་གི་དབུ་གཙོ་མཁན་འཇམ་དབྱངས་ཡོན་ཏན་རྒྱ་མཚོ་ལགས་ཀྱིས་དཔེ་སྒྲིག་ཁང་ཇི་ལྟར་དབུ་བཙུགས་པ་དང་། ད་ལྟའི་གནས་བབ། མ་འོངས་པའི་འཆར་གཞི་སོགས་དང་འབྲེལ་དཔེ་ཚོགས་བསྡུ་སྒྲིག་གི་བྱ་བའི་བརྒྱུད་རིམ་ངོ་སྤྲོད་མཛད།

       ལས་རིམ་དྲུག་པ། སི་ཁྲོན་ཞིང་ཆེན་དཔེ་མཛོད་ཁང་གི་དབུ་གཙོ་གཞོན་པ་དང་།  ཞིང་ཆེན་གནའ་རྫས་སྲུང་སྐྱོབ་ཁང་གི་འགན་འཛིན་ཆེན་མོ་བང་ཅ་ལེན་ལགས་ཀྱིས་མཛད་སྒོ་འདི་བསྡུས་པར་སྤྲོ་སྣང་གིས་རྟེན་འབྲེལ་ཞུས་པ་དང་། ཆོས་མཛོད་པར་བསྐྲུན་གྱི་ལས་རིམ་འདི་སི་ཁྲོན་ཞིང་ཆེན་དཔེ་མཛོད་ཁང་གི་མངའ་ཁོངས་ནས་ལུགས་མཐུན་དང་། སྤུས་ཚད་ལྡན་པའི་སྒོ་ནས་གཉེར་བའི་བྱ་བཟང་དོན་བཟང་ཞིག་ཡིན་པའི་སྐོར་ནས་གསུང་བཤད་མཛད། 

     ལས་རིམ་བདུན་པ། སྡེ་དགེ་དགོན་ཆེན་གྱི་མཁན་པོ་སྐལ་ལྡན་ལགས་ཀྱིས་ཆོས་མཛོད་ཆེན་མོའི་མཛད་སྒོ་དང་འབྲེལ། འཇམ་མགོན་ས་སྐྱ་པཎ་ཆེན་ཀུན་དགའ་རྒྱལ་མཚན་མཆོག་གི་ཆེ་བ་བརྗོད་པའི་གསུང་བཤད་གནང་།

ལས་རིམ་བརྒྱད་པ། སི་ཁྲོན་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཐུབ་བསྟན་ཕུན་ཚོགས་ཀྱིས་ཆོས་མཛོད་ཆེན་མོ་ལེགས་གྲུབ་ཀྱི་མཛད་སྒོར་བསྟོད་པ་དང་འབྲེལ།  བོད་ཀྱི་རིག་གནས་ལ་མེད་དུ་མི་རུང་བ་ནི་དཔེ་ཚོགས་སྲུང་སྐྱོབ་ཀྱི་བྱ་གཞག་ཡིན་པའི་སྐོར་ནས་གཏམ་བཤད།

      ལས་རིམ་དགུ་བ། དཔེ་སྒྲིག་ཁང་གི་ལས་སྒྲུབ་མི་སྣ་ན་གཞོན་ཚོས་ཆོས་མཛོད་ཆེན་མོ་ལེགས་གྲུབ་ཀྱི་དགའ་སྟོན་དང་འབྲེལ་བའི་གནའ་དེང་གི་གླུ་གཞས་རྐྱང་ལེན་དང་། མཉམ་ལེན། རྡུང་ལེན། བོད་ཀྱི་དམངས་གླུ་དབྱངས་རིང་མ་སོགས་ཀྱི་སྙན་འཇེབས་འོག་ཚོགས་ར་ཆེན་མོའི་ཁོར་ཡུག་ལ་ཉམས་དགའ་སྤྲོ་སྐྱིད་ཀྱི་གོ་སྐབས་རྒྱ་ཆེན་པོ་བྱིན། 

     ལས་རིམ་བཅུ་བ། དཔེ་སྒྲིག་ཁང་གི་དཔེ་རྙིང་བསྡུ་སྒྲིག་གི་བྱ་བར་རྒྱབ་སྐྱོར་གནང་མཁན་གྱི་མི་སྣ་ལ་བཀའ་དྲིན་ཞུ་རྟེན་དང་། གདན་ཞུས་སྐུ་མགྲོན་ལ་ལེགས་སྐྱེས་ཕུལ་ཞིང་། ཚོགས་མི་ཡོངས་རྫོགས་ལ་ཕུན་སུམ་ཚོགས་པའི་གསོལ་སྟོན་གྱ་ནོམ་པ་དྲངས། 

     ལས་རིམ་བཅུ་གཅིག་པ། ཆོས་མཛོད་ཆེན་མོའི་མདུན་དུ་ཚོགས་མི་ཡོངས་ཀྱི་བཞིན་ལ་མཛུམ་མདངས་རྒྱས་བཞིན། དགེ་ཞིང་བཀྲ་ཤིས་པའི་བྱ་འགུལ་དེར་ཞུགས་པའི་དྲན་རྟེན་གྱི་མཉམ་པར་བླངས་ཤིང་། ཕན་ཚུན་མཛའ་རྩེའི་ངང་མཇུག་ཡོངས་སུ་བསྡུས།

    མཛད་སྒོ་འདི་ནི་བོད་ཀྱི་དཔེ་རྙིང་བསྡུ་སྒྲིག་བྱ་བའི་ལས་རིམ་ཐད་ནས་སྔོན་མེད་ཀྱི་བྱ་བཟང་རྟེན་འབྲེལ་གྱི་རྣམ་པ་མི་དམན་པ་ཞིག་ཡིན་པར་མ་ཟད། བོད་ཀྱི་རིགས་གཞུང་དར་སྤེལ་གྱི་ལས་ཀ་ལ་མཐོང་ཆེན་དང་། རྩི་མཐོང་ཚད་མཐོན་གནང་དགོས་པའི་མཚོན་དཔེ་བླ་ན་མེད་པ་ཞིག་གི་དབུ་ཁྱུད་ཀྱང་རེད་སྙམ་ཡོད་དོ། །


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
xum1 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: མར་མེ། སྤེལ་དུས:2018/4/23
དཔེ་དཀོན་འདི་དག་གང་ཉོ་དགོས།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
41985667
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1