ཨུ་རུ་སིའི་སྲིད་འཛིན་གྱིས་བོད་བརྒྱུད་ནང་བསྟན་ཁྱབ་བསྒྲགས་བྱས་པ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» འཛམ་གླིང་གསར་འགྱུར། »ཨུ་རུ་སིའི་སྲིད་འཛིན་གྱིས་བོད་བརྒྱུད་ནང་བསྟན་ཁྱབ་བསྒྲགས་བྱས་
ཨུ་རུ་སིའི་སྲིད་འཛིན་གྱིས་བོད་བརྒྱུད་ནང་བསྟན་ཁྱབ་བསྒྲགས་བྱས་པ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2014/4/13ལྟ་ཀློག (34669)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

 བཛྲ་ཚུལ་ཁྲིམས་རྒྱ་མཚོས་བསྒྱུར།  

        ཨུ་རུ་སིའི་སྲིད་འཛིན་ཕུའུ་ཅིན་གྱིས་ཡེ་ཤུའི་དངོས་བརྒྱུད་ཆོས་ལུགས་ཤར་མ་གཙོ་བོར་དར་བའི་ཨུ་རུ་སིའི་ས་ཁུལ་དུ་བོད་བརྒྱུད་ནང་བསྟན་ཁྱབ་བསྒྲགས་བྱེད་རྒྱུ་ཐག་བཅད། 


 ༢༠༡༤ལོའི་ཟླ་༤ཚེས༡༡ཉིན། དབྱངས་ཅན་མ་ལས་སྒྲུབ་ཁང་ནས་སྤེལ་བ་ལྟར་བསྒྱུར་བའོ། །          
 
     ཨུ་རུ་སིའི་སྲིད་འཛིན་ཕུའུ་ཅིན་ཉེ་ཆར་ཨུ་རུ་སིའི་མངའ་ཁུངས་སུ་ཡོད་པའི་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་ལ་མཇལ་ཞུར་ཕེབས་ཤིང་།  གཙོ་བདག་བཙུན་པ་ཆེན་མོ་དང་གླེང་མོལ་གནང་། ཕུའུ་ཅིན་གྱིས་། ཉེ་བའི་ལོ་ཤོས་ཀྱི་རིང་ལ་བོད་བརྒྱུད་ནང་བསྟན་གྱི་ཤེས་རབ་དེ་ནུབ་ཕྱོགས་གཞུང་ཤིང་སྤྱི་ཚོགས་སུ་གླེང་བའི་མཐོ་རླབས་ཀྱི་འུར་ཟིང་ཞིག་ཁྱབ། ནུབ་ཕྱོགས་རྒྱལ་ཁབ་སོ་སོར་ཤུགས་རྐྱེན་ཐེབས་ཚད་ཀྱང་ཉིན་རེ་བཞིན་ཇེ་ཟབ་ཏུ་འགྲོ་བཞིན་ཡོད་ཅེས་བསྟན་ཅིང་། བོད་བརྒྱུད་ནང་བསྟན་གྱི་རིན་ཐང་ལྟ་ཚུལ་སོགས་དེང་རབས་སྤྱི་ཚོགས་ཀྱི་ཧོར་ཁོངས་གསབ་སྣོན་གྱི་གལ་འགངས་ཆེན་པོ་ཡོད་པས། ཕུའུ་ཅིན་གྱིས་ཡེ་ཤུའི་དངོས་བརྒྱུད་ཆོས་ལུགས་ཤར་མས་ཁྱབ་པའི་ཨུ་རུ་སིའི་ས་ཁུལ་དུ་བོད་བརྒྱུད་ནང་བསྟན་གྱི་ཐོས་བསམ་སྒོམ་གསུམ་བྱེད་པའི་སྲོལ་རྒྱུན་དང་། ཨུ་རུ་སིའི་མིའི་བློ་ཁ་དང་འཚམ་པའི་བོད་བརྒྱུད་ནང་བསྟན་ལྟེ་གནས་དང་སྒོམ་སྒྲུབ་སྒྲིག་གཞི་བཙུགས་ཏེ། བོད་བརྒྱུད་ནང་བསྟན་གྱི་ཆོས་གཞུང་ཨུ་རུ་སིའི་ཡུལ་དུ་སྤེལ་བར་རམ་འདེགས་བྱེད་རྒྱུ་ཐག་བཅད།
      ཨུ་རུ་སིའི་སྲིད་འཛིན་ཕུའུ་ཅིན་ཞི་པོ་ལི་ཡ་རུ་ཡོད་པའི་པུ་རི་ཡ་ཐི་སྤྱི་མཐུན་རྒྱལ་ཁབ་ལ་ཕེབས་ཤིང་། ལོ་རྒྱུས་ཤིན་ཏུ་རིང་བའི་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་ལ་ལྟ་སྐོར་བྱས།
      པུ་རི་ཡ་ཐི་ནི་སོག་པོའི་ཚོ་བ་ཞིག་ཡིན་ལ། ཡོན་རྒྱལ་རབས་སྐབས་ལིན་པེ་ཞིན་ཞིང་ཆེན་༼མིང་འདིར་རྟོག་དཔྱོད་བྱེད་ལོང་མ་བྱུང་བས་གནས་སྐབས་འདི་འདྲ་ཞིག་ཡོད།༽གྱི་མངའ་འོག་ཡིན། ཆིན་རྒྱལ་རབས་ཀྱི་འགོ་ཙམ་ལ་ཨུ་རུ་སིའི་མངའ་ཁོངས་སུ་ཚུད། ད་ལྟར་ཨུ་རུ་སིའི་རང་སྐྱོང་སྤྱི་མཐུན་རྒྱལ་ཁབ་ཅིག་ཡིན་ནོ། ། དགོན་པའི་གྲྭ་བ་རྣམས་ཀྱིས་ཕུའུ་ཅིན་ལ་ཁ་བཏགས་འཐེན་པ་རེད་འདུག

 

来自2014-4-11,央吉玛工作室。

俄罗斯总统普京决定在以东正教为主的俄罗斯地区宣传藏传佛教。 俄罗斯总统普京,近日拜访了俄罗斯境内的藏传佛教寺庙,和掌管高僧举行座谈,普京表示近年来藏传佛教的智慧在西方主流社会刮起高涨的风潮,对西方个各国的影响也日渐加深。藏传佛教的价值观等对现代社会弥足珍贵,普京决定在以东正教为主的俄罗斯地区宣传藏传佛教闻思修的传统,建立适合俄罗斯人的藏传佛教中心和禅修机构,帮助藏传佛教教法在俄罗斯弘扬。 俄罗斯总统普京来到位于西伯利亚的布里亚特共和国 ,参观当地历史最悠久的藏传佛教寺院。 布里亚特为蒙古部落之一,元代由岭北行省管辖,清初并入俄罗斯,现为俄罗斯的一个自治共和国寺庙僧众向普京赠送哈达.


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 3 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
wtl0 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན:  སྤེལ་དུས:2014/10/2
པར་འདི་མཐོང་ན་ཉམས་དགའ་ཞིང་ཀི་འདེབས་འདོད་པ་ཞིག་རེད།
 སྤེལ་མཁན:  སྤེལ་དུས:2014/9/27
ཨུ་རུ་སིའི་སྲིད་འཛིན་གྱི་བྱ་བ་ཡར་ངོའི་ཟླ་ལྟར་འཕེལ་ཞིང་རྒྱལ་ཁམས་དར་བའི་སྨོན་ལམ་འདེབས། ཨོྃ་མ་ཎི་པདྨེ་ཧཱུྃ།
 སྤེལ་མཁན:  སྤེལ་དུས:2014/4/30
བཟང་གི་གོ། ནང་བསྟན་ཕྱོགས་ནས་ཕྱོགས་སུ་དར་བར་འདི་ལྟ་བའི་མི་སྣ་གྲགས་ཅན་རེའི་བསྐུལ་སློང་བྱས་ན་མི་གང་མང་ཞིག་ནང་བའི་ཆོས་སྒོར་ཞུགས་ཐུབ་པར་རམས་འདེགས་མི་དམན་པ་ཡོད་དོ། བཀའ་དྲིན་ཆེ་ཞུ་གུ་ཡོད།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
41148958
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1