ཇོ་ནང་ཆོས་དར་ཆེན་མོའི་མཚོན་དོན།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 18 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» ཆོས་ལུགས།» རྒྱུན་ཤེས། ཆོས་སྤྱོད། »ཇོ་ནང་ཆོས་དར་ཆེན་མོའི་མཚོན་དོན།
ཇོ་ནང་ཆོས་དར་ཆེན་མོའི་མཚོན་དོན།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2014/4/24ལྟ་ཀློག (8366)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༄༅། །ཇོ་ནང་ཆོས་དར་ཆེན་མོའི་མཚོན་དོན་ཕྱོགས་ཙམ་གསལ་བྱེད་གཤམ་གསལ།


སྤྱིར་རྣམ་བཅུ་དབང་ལྡན་གྱི་བཤད་པ་ནི།

      ཕྱི་དུས་ཀྱི་འཁོར་ལོ་ཉི་ཟླ་གཟའ་སྐར་སོགས་ཕྱི་སྣོད་ཀྱི་འཇིག་རྟེན་དང་།  ནང་དུས་ཀྱི་འཁོར་ལོ་ཁམས་དྲུག་ལྡན་གྱི་སྐྱེས་བུའི་རྩ་རླུང་ཐིག་ལེ་དང་སྐྱེ་འཆི་བར་དོ་སོགས་རྡོ་རྗེ་ལུས་ཀྱི་གནས་ཚུལ་དང་།  གཞན་དུས་ཀྱི་འཁོར་ལོ་ནི།  དཔལ་དུས་ཀྱི་འཁོར་ལོའི་སྐུ་གསུང་ཐུགས་གསུམ་གྱི་རྟེན་བརྟེན་པའི་དཀྱིལ་འཁོར་སོགས་གསང་བ་ལམ་བསྐྱེད་རྫོགས་དང་།   ཡང་གསང་དོན་ དམ་པའི་བདེ་གཤེགས་སྙིང་པོའི་སྐུ་གསུང་སོགས་མཚོན་པ་སོགས་ཡིན་པར་དཔལ་དུ་ཀྱི་འཁོར་ལོའི་རྒྱུད་སྡེ་རྩ་འགྲེལ་ལས་བཤད་པ་ལྟར་ཀུན་གྱི་ཐུགས་མངའ་ལྟར་རོ། །འཁོར་ལོ་གསུམ་ཆོས་འཁོར་གསུམ་གྱི་མཚོན་དོན་ཡིན་ལ། དེའི་མཐའ་སྐོར་གྱི་མདོག་སྣ་ལྔའི་བཤད་པ་ནི་སྤྱིར་ནང་ཆོས་ཀྱི་ཆོས་དར་ལྟར་རོ། །ཕྱོགས་ཀྱི་མདོག་ནི། དཔལ་དུས་འཁོར་གྱི་རྒྱུད་ལས་བསྟན་པའི་ཕྱོགས་མདོག་ལྟར་ཡིན་ནོ། །དེའི་བཤད་པ་དུས་འཁོར་གྱི་རྒྱུད་ལྟར་རོ། །དེ་ལ་ཆ་བཅུ་གཉིས་བགོས་པ་ནི་མ་དག་པའི་ནང་འཕོ་ཆེན་བཅུ་གཉིས། ཕྱི་དུས་སྦྱོར་བཅུ་གཉིས། འཛམ་གླིང་ས་ཆེན་དུམ་བུ་བཅུ་གཉིས། གཞན་ཚེས་ལྷའི་དཀྱིལ་འཁོར་བཅུ་གཉིས། དོན་དམ་རྣམ་པ་བཅུ་གཉིས་སོགས་ཡིན་ལ། རྟེན་འབྲེལ་གྱི་སྒོ་ནི། རྫོགས་ལྡན་ཕྱི་མའི་སྐབས་སུ་འཛམ་གླིང་ས་ཆེན་དུམ་བུ་བཅུ་གཉིས་ལ་རྫོགས་ལྡན་ཆོས་མཆོག་དབུ་མ་གཞན་སྟོང་དེ་དར་ཞིང་རྒྱས་པར་རྒྱུད་ལས་གསུངས་པ་ལྟར་འགྱུར་བའི་རྟེན་འབྲེལ་གྱི་སྒོ་ཆེན་ཁྱད་པར་ཅན་ཞིག་ལེགས་སྨོན་ནོ། །པདྨ་དཀར་པོ་ནི། རིགས་ལྡན་པདྨ་དཀར་པོའི་རྣམ་སྤྲུལ། ཇོ་ནང་བསྟན་པའི་སྲོལ་འབྱེད་ཆོས་རྗེ་ཀུན་མཁྱེན་རིན་པོ་ཆེ་མཚོན་བྱེད་ཡིན་ལ། དེའི་སྟེང་གི་འཁོར་ལོ་དང་རྣམ་བཅུ་དབང་ལྡན་ནི་དམ་པ་གང་གི་ཐུགས་རྒྱུད་ཀྱི་ལུང་རྟོགས་མཚོན་བྱེད་དང་། ཡལ་ག་རྣམས་ནི་གང་གི་སློབ་བརྒྱུད་ཀུན་མཚོན་བྱེད་དོ། །མཁན་བླ་སྤྲུལ་དུ་མས་ཐུགས་གྲོས་བྱས་ནས་སྐྱབས་མགོན་རིན་པོ་ཆེ་ལ་ཇོ་ནང་གི་ཆོས་དར་སྨོན་ཚིག་ཞིག་དགོས་ཞེས་བསྐུལ་ངོར་ཇོ་ནང་བའི་ཆོས་བརྒྱུད་སྤྱི་དང་ལྷག་པར་དུ་དུས་འཁོར་གྱི་སྦྱོར་དྲུག་དར་རྒྱས་འབྱུང་བའི་སྨོན་འདུན་བཅས་ཞེས་པའི་སྨོན་ཚིག་དང་འབྲེལ་བ་དང་། རྗེ་བཙུན་དམ་པ་ཁལ་ཁ་རིན་པོ་ཆེའི་རྣམ་བཅུ་དབང་ལྡན་ཞིག་བཞག་ན་ལེགས་ཞེས་གསུངས་པ་གཞིར་བཅས་ནས་རི་མོར་བཀོད་པའོ། །

དགེ་བཤེས་དངོས་གྲུབ་དཔལ་གྱིས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
74va བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
42012343
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1