གདན་ཞུའི་སྐུ་མགྲོན། རྭ་རྒྱ་འཇིགས་མེད་རྒྱལ་མཚན།
མདོ་འཛིན་པ། ཀླུ་རྒྱལ་དོན་གྲུབ།
རྩོམ་སྒྲིག་པ། ཚེ་རིང་། བཀྲ་ཤིས་ཚེ་རིང་།
སྤྱིའི་ལྟ་སྐུལ་བ། རྣོ་སྦྲེང་།
གསལ་བཤད།
འདིར་བོད་ཀྱི་སློབ་གསོ་བ་རྭ་རྒྱ་འཇིགས་མེད་རྒྱལ་མཚན་ལགས་གཞོན་གསར་གླེང་སྟེགས་སུ་ཕེབས་ཏེ། བོད་ཀྱི་རིག་གནས་གསར་རྙིང་ལས་འཕྲོས་པའི་ལྟ་ཚུལ་དང་། བོད་རང་གི་སློབ་གསོའི་གནས་བབ་དང་འཕེལ་ལམ། གཞན་མཚོ་སྔོན་རང་གི་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་མཉམ་ལས་ཁང་གི་སྐོར་སོགས་ནས་ཁ་བརྡ་མང་པོ་གློད་ཡོད་མོད། འདིར་དུས་ཚོད་ཀྱི་ཚད་བཀག་དབང་གིས༼སྐྱེ་ཁམས་མཉམ་ལས་ཁང་གི་སྐོར་གླེང་བ༽ཞེས་པ་དེ་ལས་འགོད་ཐབས་མ་བྱུང་ལ། ཁག་གཞན་པ་དེ་ཐེངས་རྗེས་མར་ཀུན་གྱི་སྤྱན་ལམ་དུ་བསྟར་རྒྱུ་ཡིན་པས་དེ་ལུགས་ཐུགས་ལ་འཇགས་པར་འཚལ།
|