མགར་བསམ་འགྲུབ་ཚེ་རིང་ངོ་སྤྲོད།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 23 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» སྒྱུ་རྩལ།» སྒྱུ་རྩལ་པ་འོས་སྦྱོར། »མགར་བསམ་འགྲུབ་ཚེ་རིང་ངོ་སྤྲོད།
མགར་བསམ་འགྲུབ་ཚེ་རིང་ངོ་སྤྲོད།
རྩོམ་སྒྲིག་པ།  ཁྰ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2014/10/7ལྟ་ཀློག (31191)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

དེང་རབས་ན་གཞོན་གཞས་པ་མགར་བསམ་འགྲུབ་ཚེ་རིང་ངོ་སྤྲོད་མདོར་བསྡུས། 

གཞས་པ་མགར་བསམ་འགྲུབ་ཚེ་རིང་ནི།
སྐྱེས་ལོ1988ལོའི་སྤྱི་ཟླ་4བའི་ཚེས12ཉིན། 
ཕ་ཡུལ། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་འབའ་རྫོང་རྨ་བྱང་ཡུལ་ཚོ།  
རང་ལོ་བདུན་གྱི་སྟེང་ནས་བཟུང་གླུ་གར་སྒྱུ་རྩལ་གྱི་ལམ་ཁར་ཞུགས་ཤིང་ཞང་དང་རྫོང་རིམ་པའི་དགའ་སྟོན་དང་འགྲན་བསྡུར་སོགས་སུ་བྱ་དགའ་ཨང་དང་པོ་མི་ཉུང་བ་ཐོབ་མྱོང་། དཔེར་ན1997ལོར་འབའ་རྫོང་ནས་བསྡུས་པའི་སྐབས་དང་པོའི་རྡུང་ལེན་འགྲན་བསྡུར་སྟེང་བྱ་དགའ་ཨང་དང་པོ་ཐོབ།རང་ལོ་བཅོ་ལྔའི་སྟེང་ཆེས་ཐོག་མའི་རྡུང་ལེན་ཆེད་བསྒྲིགས༼རྨི་ལམ་གྱི་གཏམ་རྒྱུད༽ཅེས་པ་འགྲེམ་སྤེལ་བྱས།  རིམ་བཞིན༼ཕ་མའི་རེ་སྙེགས་དང་བྱམས་པ་ཆུ་མིག་དགུ་སྒྲིལ་སོགས་ཆེད་བསྒྲིགས་བཞི་ཙམ་འགྲེམ་སྤེལ་བྱས།2011ལོར་གླུ་བ་ནམ་མཁའ་དང་ལྷན་ཏུ་མཉམ་འབྲེལ་འོད་སྡེར༼ཁུ་སིམ་སིམ་གྱི་ལོ་ཟླ༽ཞེས་པའི་འོད་སྡེར་ཅིག་འགྲེམ་སྤེལ་བྱས།རེབ་དེ་ནས་བཟུང་ཁོ་རང་དེང་གཞས་ཕྱོགས་ལ་ཅུང་ཁ་ཕྱོགས་པ་དང2012ལོར་པེ་ཅིན་ལ་སོང་ནས་མ་སྐྱེས་ཨ་མའི་རོལ་ཚོགས་ནང་ཞུགས་ནས་ལེན་མཁན་གཙོ་བོའི་འགན་ཁུར།ལོ་དེར་སི་ཁྲོན་བརྙན་འཕྲིན་ཁང་གི་གཙོ་སྒྲུབ་མཛད་པའི(中国藏歌会开幕式)སྟེང་དུ་གདན་ཞུའི་གླུ་བ་བྱས་ཤིང་།ཀྲུང་དབྱངས་བརྙན་འཕྲིན་ཁང་སོགས་ཀྱིས་ཀྱང་གདན་ཞུ་མང་དུ་བྱས། 2013ལོར་ནང་སོག་ནས་བསྡུས་པའི་འཛམ་གླིང་རོལ་མོའི་དུས་སྟོན(世界音乐荟)སྟེང་དུ་རོལ་ཚོགས་གདན་ཞུ་དང་། དེ་མིན་ཧྲང་ཧྭེར་སོང་ནས་འཇར་པན་དང་ཨ་རིའི་རོལ་མོ་ཆེད་མཁས་པ་གཉིས་དང་མཉམ་འབྲེལ་སྒོའི་ཟླ་ངོ་གཉིས་ལྷག་ལ་འཁྲབ་སྟོན་དང་ཆེད་སྦྱོངས་བྱས། །2013 ལོའི་ཟླ་སྤྱི་ཟླ་བཅུ་བའི་ནང་ཁོའི་དེང་གཞས་ཆེད་བསྒྲིགས་གསར་པ༼ཚེ་འབར་གྱི་མར་མེ༽འགྲེམ་སྤེལ་བྱས་པ་དང་རྒྱ་ཆེའི་ཉན་མཁན་ཚོས་ཀྱང་དགའ་བསུ་བླ་ལྷག་ཐོབ།ཁོས་ཆེད་བསྒྲིགས་དེའི་ཐད་ལ་སྒེར་ངོས་ནས་ཚེགས་དང་བརྩོན་པ་མི་ཉུང་བ་བྱས་པས་སྒྲ་དང་བརྙན་སོགས་རྒྱུ་སྤུས་ཀྱི་ཐད་ནས་ཡང་ཅུང་ཚད་ལྡན་དུ་བརྩི་ཆོག  ལྷག་ཏུ་ཆེད་བསྒྲིགས་པར་སྐྲུན་འགྲེམ་སྤེལ་ཆེད་ཚོགས་ཤིག་ཀྱང་གནའ་མཁར་ཟི་ལིང་བདེ་ལྡན་མི་རིགས་གླུ་གར་གླིང་ནས་འཚོགས་ཐུབ་བྱུང་བར་མ་ཟད་ཆེད་ཚོགས་འོད་སྡེར་ཡང་ཚོང་རྭར་འགྲེམ་ཐོན་བྱུང་།དེ་བས་ཁོའི་དེང་གཞས་ཆེད་བསྒྲིགས་གསར་པ་འདི་བོད་ཁུལ་གྱི་དྲ་བ་སོ་སོ་དང་ཚོང་རྭ་སོ་སོ་ན་ཧ་ཅང་རྒྱུགས་ཆེ་ལ་གདེངས་འཇོག་དང་དགའ་བསུ་མི་ཉུང་བ་ཐོབ་བཞིན་འདུག   ༢༠༡༤ལོའི་སྤྱི་ཟླ༢པའི་ཚེས༢༢མགར་བསམ་འགྲུབ་ཚེ་རིང་གི་བོད་ཡུལ་འཁོར་སྐྱོད་མི་སྒེར་གླུ་ལེན་ཆེད་ཚོགས༼སྐད་ངག་གི་ས་ལམ༽ས་ཚིགས་དང་པོ(第一站西宁站)ཟི་ལིང་གྲོང་ཁྱེར་ནས་གཟབ་རྒྱས་ངང་འཚོགས་པ་དང་བོད་ཁུལ་གྱི་གླུ་བ་གླུ་མ་རེ་འགའ་ཡང་གདན་འདྲེན་བྱས།  རིམ་བཞིན་ས་ཚིགས་གཉིས་པ(第二站那曲站)ལྷ་ས་ནག་ཆུ།  ས་ཚིགས་གསུམ་པ(第三站玉树站)ཡུལ་ཤུལ།  ས་ཚིགས་བཞི་བ(第四站海南站)མཚོ་ལྷོ།  ས་ཚིགས་ལྔ་བ(第五站玛曲站)རྨ་ཆུ་སོགས་བོད་ཁུལ་གྱི་ས་ཚིགས་ལྔ་ནས་བདེ་ལེགས་ངང་ཡོངས་སུ་འཚོགས་ཐུབ་པ་བྱུང་། སྤྱི་ལོ༢༠༠༤ལོའི་སྤྱི་ཟླ༩བའི་ཚེས༢༠ཉིན་ཁོའི་རྡུང་ལེན་གསར་བ༼མིག་ཆུའི་དབྱངས༽ཞེས་པ་ཚོང་རྭར་འགྲེམ་ཐོན་བྱུང་།   ཉེ་ལམ་ཡང་ཁོའི་དེང་གཞས་ཆེད་སྒྲིགས་གསར་པ་ཞིག་གི་སྒྲ་ཕབ་བརྙན་ལེན་སོགས་ལ་གྲ་སྒྲིག་བྱེད་དང་བྱེད་བཞིན་ཡོད།   ༢༠༡༥ལོར་ཁྱེད་ཅག་གི་སྤྱན་སྔར་འབུལ་ཁོ་ཐག་ཡིན། 
གཞས་པ་མགར་བསམ་འགྲུབ་ཚེ་རིང་གིས་ནམ་ཡང་བཤད་འདོད་པ་ནི།
གླུ་སྐད་དེ། ང་ལ་ཨ་མ་ལགས་ཀྱིས་གནང་བ་ཡིན་ཙང་།
འགྱུར་ཁུགས་དེ། ང་ལ་གངས་རིའི་ཚོགས་ཀྱིས་བསྡེབས་པ་ཡིན་ཙང་།
ཞི་བདེ་དང་ཟིལ་ཤུགས་ཀྱིས་འདེགས་པ་དེ།
དྲོད་འཇམ་དང་རྔམ་བརྗིད་ཀྱིས་འཇོག་པ་དེ།
ང་ཡི་ཨ་མའི་ཞལ་རས་ཡིན།
ང་ཡི་ཁ་བའི་མཛེས་པ་ཡིན།
གཞས་པ་མགར་བསམ་འགྲུབ་ཚེ་རིང་གི་འཁྲབ་སྟོན་གདན་ཞུའི་འགན་ལེན་པའམ་སྦྱིན་བདག་གི་ཁ་པར་ཨང་གྲངས།  18609740033 
藏区音乐才子三智才让演出经纪人联系电话:18609740033 
三智才让新浪微博(V歌手-三智才让)  公众微(sanzhicairang111)


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 3 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
oles བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: འབའ་གངས་དོན སྤེལ་དུས:2016/9/2
ངོ་མ་འཚམས་སྦྱོར་ཟེར་བ་དེ་ ནང་དོན་གསལ་ལ་བདེན་པའི་ཆ་ཚང་བ་ཞིག་འབྲི་དགོས་པ་མ་གཏོགས་་་་རྫུན་དང་འུར་སྟོད་གཡོ་ཐབས་ལ་བརྟེན་ན་ནམ་དུ་ཡང་རང་ཉིད་ཕོང་བྱེད་མ་གཏོགས་ལས་གཞན་ཅི་ཡང་ཡོད་པ་མ་རེད་་་་་ གཡོ་རྒྱུ་དང་རྫུན་ལ་རོལ་བའི་མི་ཥིག་ལ་སྐད་ངག་ཞིག་ཡོད་པའི་ཅི་ལ་ཕན
 སྤེལ་མཁན: འབའ་གངས་དོན སྤེལ་དུས:2016/9/2
རྫུན་རེད་དོ
 སྤེལ་མཁན: འབའ་གངས་དོན སྤེལ་དུས:2016/9/2
རྫུན་རེད་དོ
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
41263645
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1