བོད་རིགས་ཀྱི་གཏམ་དཔེ། ༼ ཆ། ༽
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 19 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» དམངས་སྲོལ།» གཏམ་དཔེ། »བོད་རིགས་ཀྱི་གཏམ་དཔེ། ༼ ཆ། ༽
བོད་རིགས་ཀྱི་གཏམ་དཔེ། ༼ ཆ། ༽
རྩོམ་སྒྲིག་པ།  གསང་བདག སྤེལ་དུས། 2014/10/9ལྟ་ཀློག (22436)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

             ༼  ཆ།  ༽

ཆ་ཀ་པ་མཆོངས་ཀྱང་མཐོ་གང་།

བོང་བུ་འདྲོགས་ཀྱང་གྱང་རྩ།


ཆག་སྒོ་བྱུང་ན་འགོ་དང་།

མུ་གེ་བྱུང་ན་མཐའ།


ཆགས་ན་ཞོ་དང་།

མ་ཆགས་ན་ད་ར།


ཆང་ལན་ཆུ་འཇལ།

བཟང་ལན་ངན་འཇལ།


ཆར་དྲག་ཆར་ཉིན་དགུ་མཚན་དགུ་བབས་ཀྱང་།

བྱིའུ་འཇོལ་མོ་རང་མགོ་རང་གིས་ཐོན།


ཆབ་སྔོན་མོ་ཁ་ཞེང་ཆ་ན་ཡང་།

གྲུ་བཟང་པོས་ཕར་བཅད་ཚུར་བཅད།


ཆར་བ་རྒྱ་གྲོང་ཞིབ་ཆ་བབས།།

ཞིང་ཆུ་མ་གང་ཡག་གང་སྐྱེ་རེད།


ཆར་སྣེ་རླུང་ཁྲིད།

ཆར་པ་ཆུ་གྲོགས།

ཉི་མ་མེ་གྲོགས།


ཆུ་སྐྱོན་འགོག་པའི་ཆུ་རགས་དང་།

སྤྱང་ཀི་འགོག་པའི་ལུག་ཚང་།

 

ཆུ་དཀྲུག་ན་མར་མི་ཐོན།


ཆུ་མགོ་ནས་རྙོག་ན་ཆུ་གཞུག་རྙོག


ཆུ་རྒྱུག་ན་གྲམ་པ་གསལ།


ཆུ་ཆེན་པོ་འབྲི་ཆུ་ཆེན་པོ་རེད།

ཞིང་ཆུ་འདྲེན་མི་ཐུབ་མ་ཕན་སོང་།


ཆུ་ཆེན་པོ་རྫ་ཆུ་འབྲི་ཆུ་གཉིས།

ཆུ་མགོ་གཉིས་དེ་ཧ་ཅང་ཆེ།

དྲིན་ཆེ་བ་རི་སྐེད་ཁྲོན་ཆུ་ཡིན།


ཆུ་ཆུང་ཐབས་དང་།

ཟམ་པ་མཐོ་ཐབས།


ཆུ་མཐོ་ན་གྲུ་མཐོ།

ཆུ་དམའ་ན་གྲུ་དམའ།


ཆུ་དང་ཉ་མོ་མཐུན་ཟེར་ན།

ཉ་ཆུ་གཉིས་ཀ་བདེ་ཞིང་འདུག


ཆུ་དང་རྦབ་རྡོ་གྱེན་ལ་འགྲོ་བའི་དཔེ་མེད།


ཆུ་དྭངས་ན་ཉ་གསལ།

ཆུ་དལ་ན་ཉ་སྐྱིད།


ཆུ་ཕར་ཐོན་ཟམ་པ་བརྗེད་མི་ཉན།

བུ་ཕ་མཉམ་ཕ་མ་བརྗེད་མི་ཉན།


ཆུ་བོའི་གཏིང་ཚད་རིང་ཐུང་དེ།

ཆུ་དཀྱིལ་མ་སླེབས་ཤེས་མི་ཡོང་།


ཆུ་བྱའི་ཕྲུ་གུར་རྐྱལ་བསླབ་མི་དགོས།


ཆུ་མ་ཤོར་གོང་དུ་རགས།

རྐྱེན་མ་བྱུང་གོང་དུ་བཟློག


ཆུ་མོ་བདེ་ན་ཉ་་མོ་ལས་ཀྱིས་བདེ།


ཆུ་མོའི་འགྲོས་ལ་བལྟས་ནས་སྐྱ་བོའི་རྒྱག་ཕྱོགས་དང་།

རྔའི་བརྡུང་ལུགས་ལ་གཞིགས་པའི་བྲོ་འཁྲབ་སྟངས།


ཆུ་མོའི་གཏིང་ཚོད་ལོན་ནས།

ཉ་ལ་སྦར་རྫོག་རྒྱབ་དགོས།


ཆུ་འཚོག་པའི་སྣོད་ཡོད་ཀྱང་།

གཏམ་འཚོག་པའི་སྣོད་མེད།


ཆུ་ལ་ཟམ་པ་མེད་ན།

བརྒལ་བ་ལས་འོས་མེད།


ཆུ་ལེན་པར་ཕྱིན།

བན་སྟོང་པར་ལོག


ཆུས་མི་ཐེག་པའི་རྡེའུ།

མི་མི་ཐེག་པའི་གཏམ།


ཆུང་ཆུང་བློ་ཡིས་མ་བཏང་།

ཆེན་པོ་གང་སོང་མ་ཤེས།


ཆུང་དུས་འོ་མའི་གསོ་སྐྱོང་མེད་པ་ལ།

ཤི་ཁར་ཐུག་པའི་སྐྱེལ་མ་དགོས་ཡས་མེད།


ཆུས་འཁྱེར་རྐྱལ་ངོམས་པ།


ཆོས་རྒྱལ་སྐུ་ཆེ་ཡང་།

སྡིག་སྒྲིབ་འགག་མི་ནུས།


ཆོས་རྒྱལ་སྔོན་ལ་མ་སླེབས་གོང་།

ལས་མཁན་བདས་པའི་འཇིགས་སྐྲག་ངོམ།


མཆིལ་མ་མིན་པས་ལུད་མེད།

བདེན་པ་མིན་པའི་ཤོབ་མེད།

                                              སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།    སྡུད་སྒྲིག་མཁན།   སྐལ་བཟང་དོན་འགྲུབ།

གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
eb3h བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41126711
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1